དཔེ་ཀློག (སྒྲུང་ཐུང་ཡིག་བརྒྱ་མ)

ཁྱུང་ཐར་རྒྱལ།(རྩེ་ཁོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-04-23

  དེ་རིང་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞོགས་པ་སྔ་མོར་ཡར་བཞེངས་ནས་གཞུང་སྒྲུབ་ཁང་དུ་ཕེབས་ཏེ་ནམ་རྒྱུན་དང་མི་མཚུངས་པར་སྐད་འཕྲིན་རྩེ་མཚམས་བཞག་པ་དང་ཆོས་དཔེ་སྣ་རིང་ཞིག་ལ་གཟིགས་འགོ་བརྩམས། ལས་མཁན་རྣམས་ཀྱིས་ཀྱང་དོན་དག་ཅི་ཞིག་བྱུང་བ་མ་ཤེས་པར་ཚང་མ་མཉམ་གཅིག་ཏུ་ཁོང་གི་མདུན་ལ་ཡོང་ནས་བཀའ་གསུང་ཅི་ཞིག་ཡོད་པར་བསྒུག་ནས་བསྡད། རེ་ཞིག་ནས་ཁོང་ཡར་བཞེངས་ཏེ་ཕར་འགྲོ་ཚུར་ཡོང་འགའ་བྱས་རྗེས།“དམྱལ་བའི་ཡུལ་གྱི་སེར་སྐྱ་ཕོ་མོ་ཐམས་ཅད་ཁྲིད་ཤོག”གསུངས།ལས་མཁན་རྣམས་ཀྱིས་དེ་མ་ཐག་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་སོགས་ན་ཡོད་པའི་ལས་ངན་བསགས་ནས་སྐྱོབ་ཐབས་མེད་པ་ཐམས་ཅད་ཁྲིད་ནས་ཡོང་། ཆོས་རྒྱལ་གྱི་མདུན་དུ་ཚང་མས་མགོ་བོ་ཡང་འགྱོགས་མི་ཐུབ་པར་འདར་སིག་སིག་གིས་བསྡད།

  “དེ་རིང་ཅི་ཞིག་གི་ཉིན་མོ་ཡིན་པ་ཨེ་ཤེས”ཁོང་གིས་དེ་ལྟར་གསུངས་པ་ན་ཚང་མ་དེ་བས་ཀྱང་སྐྲག་ཐག་ཆོད་དེ་མང་པོ་ཞིག་གི་གཅིན་པ་ཤོར་སོང་།

  “དེ་རིང་འཛམ་གླིང་དཔེ་ཀློག་ཉིན་མོ་རེད།མི་རེའི་ལག་ཏུ་གླེགས་བམ་མཐུག་པོ་རེ་ཞོག་ལ་དཔེ་ཀློག་བྱེད་དུ་ཆུགས”
      ཁོང་གིས་དེ་ལྟར་གསུངས་པ་དང་ལས་མཁན་རྣམས་ནི་རླུང་ནག་མཚུབ་མ་ཞིག་དང་འདྲ་བར་ཡར་འཁོར་མར་འཁོར་འགའ་བྱས་ཏེ་མི་རེའི་ལག་ཏུ་གླེགས་བམ་མཐུག་པོ་རེ་གཏད་པ་ན་ཡེ་གེ་ཤེས་མཁན་རྣམས་ཀྱི་སེམས་ལ་དད་པ་དུང་བ་ཅིག་ཅར་སྐྱེས་ཤིང་དེ་མ་ཐག་ཀློག་འགོ་བརྩམས།

  རེ་ཞིག་ནས་ཨ་བ་གླང་མགོ་ཆོས་རྒྱལ་གྱི་མདུན་ལ་ཡོང་སྟེ“ཆོས་རྒྱལ་རིན་པོ་ཆེ། ཡི་གེ་མི་ཤེས་པའི་ལས་ངན་ཀྱང་མང་པོ་ཞིག་འདུག”ཅེས་ཞུས་པར། ཆོས་རྒྱལ་གྱིས་ཐུགས་བསམ་ཙམ་ཡང་མི་གཏོང་བར“དེ་ཚོ་སྐྱོབ་ཐབས་མི་འདུགཕྱིར་རང་རང་གི་ལས་གནས་སུ་སྐྱོལ་ཅིག”གསུངས།

                                          2021/4/23

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔེ་ཀློག (སྒྲུང་ཐུང་ཡིག་བརྒྱ་མ)

2021-04-23 ཁྱུང་ཐར་རྒྱལ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

  དེ་རིང་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞོགས་པ་སྔ་མོར་ཡར་བཞེངས་ནས་གཞུང་སྒྲུབ་ཁང་དུ་ཕེབས་ཏེ་ནམ་རྒྱུན་དང་མི་མཚུངས་པར་སྐད་འཕྲིན་རྩེ་མཚམས་བཞག་པ་དང་ཆོས་དཔེ་སྣ་རིང་ཞིག་ལ་གཟིགས་འགོ་བརྩམས། ལས་མཁན་རྣམས་ཀྱིས་ཀྱང་དོན་དག་ཅི་ཞིག་བྱུང་བ་མ་ཤེས་པར་ཚང་མ་མཉམ་གཅིག་ཏུ་ཁོང་གི་མདུན་ལ་ཡོང་ནས་བཀའ་གསུང་ཅི་ཞིག་ཡོད་པར་བསྒུག་ནས་བསྡད། རེ་ཞིག་ནས་ཁོང་ཡར་བཞེངས་ཏེ་ཕར་འགྲོ་ཚུར་ཡོང་འགའ་བྱས་རྗེས།“དམྱལ་བའི་ཡུལ་གྱི་སེར་སྐྱ་ཕོ་མོ་ཐམས་ཅད་ཁྲིད་ཤོག”གསུངས།ལས་མཁན་རྣམས་ཀྱིས་དེ་མ་ཐག་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་སོགས་ན་ཡོད་པའི་ལས་ངན་བསགས་ནས་སྐྱོབ་ཐབས་མེད་པ་ཐམས་ཅད་ཁྲིད་ནས་ཡོང་། ཆོས་རྒྱལ་གྱི་མདུན་དུ་ཚང་མས་མགོ་བོ་ཡང་འགྱོགས་མི་ཐུབ་པར་འདར་སིག་སིག་གིས་བསྡད།

  “དེ་རིང་ཅི་ཞིག་གི་ཉིན་མོ་ཡིན་པ་ཨེ་ཤེས”ཁོང་གིས་དེ་ལྟར་གསུངས་པ་ན་ཚང་མ་དེ་བས་ཀྱང་སྐྲག་ཐག་ཆོད་དེ་མང་པོ་ཞིག་གི་གཅིན་པ་ཤོར་སོང་།

  “དེ་རིང་འཛམ་གླིང་དཔེ་ཀློག་ཉིན་མོ་རེད།མི་རེའི་ལག་ཏུ་གླེགས་བམ་མཐུག་པོ་རེ་ཞོག་ལ་དཔེ་ཀློག་བྱེད་དུ་ཆུགས”
      ཁོང་གིས་དེ་ལྟར་གསུངས་པ་དང་ལས་མཁན་རྣམས་ནི་རླུང་ནག་མཚུབ་མ་ཞིག་དང་འདྲ་བར་ཡར་འཁོར་མར་འཁོར་འགའ་བྱས་ཏེ་མི་རེའི་ལག་ཏུ་གླེགས་བམ་མཐུག་པོ་རེ་གཏད་པ་ན་ཡེ་གེ་ཤེས་མཁན་རྣམས་ཀྱི་སེམས་ལ་དད་པ་དུང་བ་ཅིག་ཅར་སྐྱེས་ཤིང་དེ་མ་ཐག་ཀློག་འགོ་བརྩམས།

  རེ་ཞིག་ནས་ཨ་བ་གླང་མགོ་ཆོས་རྒྱལ་གྱི་མདུན་ལ་ཡོང་སྟེ“ཆོས་རྒྱལ་རིན་པོ་ཆེ། ཡི་གེ་མི་ཤེས་པའི་ལས་ངན་ཀྱང་མང་པོ་ཞིག་འདུག”ཅེས་ཞུས་པར། ཆོས་རྒྱལ་གྱིས་ཐུགས་བསམ་ཙམ་ཡང་མི་གཏོང་བར“དེ་ཚོ་སྐྱོབ་ཐབས་མི་འདུགཕྱིར་རང་རང་གི་ལས་གནས་སུ་སྐྱོལ་ཅིག”གསུངས།

                                          2021/4/23

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།