ས་བུ་ཆེའི་བརྩམས་སྒྲུང་གསར་པ།《ཁ་བ། ཤ་དང་རྡུལ》

ས་བུ་ཆེ།(རྫ་ཆུ་ཁ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-05-06

  ་་ཨ་ཇོ། ངས་ཁྱེད་ལ་མཐེ་བོང་སློང་། ཤ་འདི་ཁྱེད་ཀྱིས་གསོལ་རོགས།་་

  ཉི་མའི་ཚ་གདུག་གིས་རབ་གསལ་ནས་བཙན་འཛུལ་བྱས་པས། གྲྭ་ཤག་འདིའི་ཐལ་རྡུལ་འུར་གྱིས་དཀྲོག་པ་ལྟར་ཟང་ཟིང་བོར་འགྱུར། རྡུལ་བ་རྣམས་ནི་ཡ་ཐོག་རྒྱ་མཚོའི་རྟིང་རོལ་གྱི་བླ་སྲོག་བཙལ་འདོད་པའི་འབུ་ཉི་ཚེ་བ་དེ་དག་ཇི་བཞིན། རེ་བ་ཆེན་པོ་གང་གིས་བཏེགས་ཏེ་བབ་ཏུ་མ་བཅུག སྐད་སྒྲ་མེད་པའི་ཟང་ཟིང་། སྐད་སྒྲ་མེད་པའི་ལྡིང་འཁོར། ཕྱི་རོལ་ན། ཤིན་ཏུ་འཇམ་པའི་གནམ་གཤིས་དང་སྐྱུང་ཀའི་སྐད་སྒྲ་ཡོད།

  ་་ཨ་ཇོའི། ངས་ཤ་ཟ་ཆོག་པ་མ་རེད།་་ ལྕགས་ཐབ་ལ་མེ་དཀྲུག་བྱེད་བཞིན་ཇོ་ལགས་ཀྱིས་རང་གི་ཁ་གཏད་ཀྱི་འབོལ་ཁྲིའི་སྟེང་གི་བྱིས་པ་དེར་ལན་དེ་ལྟར་བཏབ། བྱིས་པའི་མིང་ལ་སྐར་མ་རྒྱལ་མཚན་ཟེར། སློབ་མ་ཞིག་ཡིན། མར་གྱིས་སྣུམ་པོར་བྱུག་པའི་ངོ་གདོང་ལ་ཤིན་ཏུ་སྒོར་བའི་མིག་ཟུང་ཡོད། ཁོས་སྐད་ཆ་བཤད་སྐབས་སྐད་མགོ་ཤིན་ཏུ་མཐོ། འདི་ནི་འབྲོག་པའི་གཤིས་ཀ་ཞིག་སྟེ། གྲོང་པའི་བྱིས་པ་ཚོས་སྐད་ཆ་བཤད་སྐབས་སྐད་མགོ་ཤིན་ཏུ་དམའ། དེ་ནི་ཁོ་ཚོར་བསླབ་པའི་གུས་ལུགས་ཤིག་ཡིན། འོན་ཏེ། འབྲོག་པ་ཚོའི་སྣང་ངོར། སྐད་ཆ་བཤད་སྟངས་དེ་ནི་ཤི་མིན་སོས་མིན་ཞིག་ཏུ་སྣང་ལ། དེ་ནི་ཚེ་སྲོག་གི་སྟོབས་ཤུགས་ཤོར་ཟིན་པའི་སྐད་ཆ་བཤད་སྟངས་ཤིག་ཡིན། དེ་བས་གལ་ཏེ་ཁྱོད་ཀྱིས་འབྲོག་པའི་བྱིས་པ་ཚོའི་མིང་བཟུང་སྟེ་བོས་པ་ཡིན་ན། ཁོ་ཚོས་སྒྲ་མཐོ་ལ་གདངས་གསལ་བའི་ངང་ནས་ ་་ཨཱ་་ ཞེས་ལན་བཏབ་སྲིད། འོན་ཀྱང་། གཤིས་ཀ་འདི་ལ་རིན་པ་མི་དགོས་པ་མ་རེད། གཤིས་ཀ་འདི་སློབ་གྲྭ་ནས་མངོན་ཐེངས་རེ་རེར། དགེ་རྒན་གྱིས་རྣམ་འགྱུར་ཡག་པོ་མི་འདུག་ཟེར་ནས་གཤེ་གཤེའམ་འགྲམ་ལྕག་རེ་རིན་པར་ལེན་སྲིད།

  ་་ཁྱོད་རྣམ་འགྱུར་ཡག་པོ་མི་འདུག་་ སྐར་མ་རྒྱལ་མཚན་གྱིས་འགྲམ་ལྕགས་ཐེངས་དང་པོ་དེ་མྱོང་སྐབས། ཁོ་རང་སློབ་གྲྭར་ཞུགས་མ་ཁད་ཡིན། དེ་དུས་ཁོང་གིས་དགེ་རྒན་ལ་ ་་ང་རྣམ་འགྱུར་མ་རེད། ང་སྐར་རྒྱན་རེད་་ ཅེས་ལན་བཏབ་མྱོང་། ཡིན་ནའང་དེ་ལ་ཕན་ཐོགས་ཅི་མ་ཡོད། མཐའ་མར། ཁོང་གིས་ལོ་མང་པོར་རྣམ་འགྱུར་དེ་སུ་ཡིན་ཤེས་མ་སོང་ལ། དགེ་རྒན་གྱིས་ཁོ་ལ་རྡུང་སྐབས་རྣམ་འགྱུར་ཟེར་ནས་འབོད་པ་དེའང་རྒྱུས་ཆ་མེད་པའི་རྒྱུན་ལྡན་ཞིག་ལ་འགྱུར་སོང་། དེ་ལྟར་རུང་། ཁོའི་སྐད་ཆ་བཤད་པའི་སྐད་མགོ་ནམ་ཡང་དམའ་མྱོང་མེད།

  ་་ཅིའི་ཕྱིར།་་ སྐར་མ་རྒྱལ་མཚན་གྱིས་སྐད་མཐོན་པོས་ཇོ་ལགས་ལ་དེ་ལྟར་དྲིས།

  ་་དགོན་པས་ད་ལྟ་དཀར་ཟས་ཀྱི་ཁྲིམས་བཞག་ཡོད་རེད།

  ་་གྲྭ་བ་ཡིན་ན་སེམས་ཅན་ལ་སྙིང་རྗེ་སྒོམ་དགོས་རེད། དེ་བས། ད་ལྟ་དགོན་པའི་ཁྲིམས་ལ་གྲྭ་བ་ཚོས་ཤ་ཟ་ཆོག་པ་མ་རེད།་་ ཇོ་ལགས་ཀྱིས་མེ་ཡང་ཡང་དཀྲུག་ནས་དུ་བ་འཁྲིགས་པའི་ཐབ་ཁ་ལ་མེ་སྟག་གིས་མཆེད་པའི་དགུ་ཚིགས་ཀྱི་མཛེས་སྡུག་ཡུད་ཙམ་འཁྱུག་པར་བྱས། ཉི་ཐིག་འོག་གི་བླ་སྲོག་འཚོལ་བའི་རྡུལ་ལོང་བོ་རྣམས་སྔར་བས་འཚུབ་ཆ་ལངས་ཏེ། མེ་ལ་སྐྲག་མཁན་ཁ་ཤས་གྱེན་དུ་ལྡིང་ཏེ་བྲོས། དྲོད་ལ་དགའ་བ་ཁ་ཤས་ཐུར་ཏུ་ལྕེབ་ཏེ་ལྕགས་ཐབ་ཀྱི་སྟེང་ལ་ཉལ། འདོད་ཧམ་ཅན་དེ་དག་གཞན་ཤུགས་ལ་བརྟེན་ནས་སྐར་རྒྱམ་གྱིས་འཁྱེར་ནས་དེར་བཞག་པའི་ཅོག་ཙེའི་སྟེང་གི་ཤ་རྡོག་མ་དེའི་སྟེང་ལ་རུབ།

  ་་ང་ཚོས་སློབ་གྲྭ་ནས་ཤ་མ་ཟོས་ན་ཕེས་ཕེས་རག་གི་རེད།་་ ཕེས་ཕེས་ནི་རྒྱ་ནག་སྐད་ཀྱི་བཀའ་སྐྱོན་བཏོང་བའི་དོན་ཡིན། སྐར་རྒྱན་གྱིས་དེ་ལྟར་བཤད་རྗེས། བརྗོད་ཕྱོགས་ཕྱིར་སྐོར་ནས་ཇོ་ལགས་ལ་དྲིས་པར། ་་འོན་ཀྱང་ངའི་ངོས་བདག་གི་འབྲི་མོ་དེ་བཤས་ནས་ཁ་ཟས་སུ་གྱུར་རྗེས། མོའི་ཤ་རྡོག་ཅིག་དགེ་འདུན་པའི་བསོད་སྙོམ་དུ་སོང་སྟེ་དགེ་བ་རྩྭ་མགོ་ཙམ་བསགས་པའི་བསོད་ནམས་ཡོད་པར་གནང་རོགས།་་

  ་་དེ་རེད་མོད། ང་ཚོས་ཤ་ཟོས་ན་དགོན་པའི་ཆོས་ཁྲིམས་གསར་པ་དང་འགལ་བ་རེད།་་ ཇོ་ལགས་ཀྱིས་ཐབ་ཁར་རྫ་མ་ཞིག་བཞག་རྗེས་སྐར་རྒྱན་གྱི་འགྲམ་ཏུ་བཞུགས། ཁོས་སྐར་རྒྱན་ལ་གཟིགས་ཏེ་ཡང་དག་པའི་རྒྱུ་མཚན་ཞིག་བཙལ་ཏེ་བཤད་འདོད་ཀྱང་མ་རྙེད་པས། ་་ཨ་ཇོའི། སེམས་ཅན་གྱི་ཤ་ཟོས་ན་སེམས་ཅན་བསད་པ་དང་གཉིས་སུ་ཡོད་མ་རེད། གྲྭ་བས་སེམས་ཅན་གསད་ན་ག་ལ་འགྲིག་་

  སྐར་རྒྱམ་གྱིས་འདང་ཞིག་བརྒྱབ་པ་དང་། ཁོས་ཉི་ཐིག་འོག་གི་རྡུལ་བ་ལ་དོ་སྣང་བྱུང་། དེ་དག་ནི་གྲང་ངར་ཆེ་བའི་སློབ་ཁང་ལས་ཐར་ཏེ་སྐར་མ་བཅུའི་ཉི་འོད་རག་པའི་སློབ་གྲོགས་ཚོས་འཚུབ་ཆ་བྱེད་པར་ཅི་ནས་འདྲ་ཨང་། ཚེ་སྲོག་ཐམས་ཅད་རྡུལ་འདི་ལྟར་ཡིན་སྲིད། ཉི་འོད་ཀྱི་འོག་ནས་ལྡིང་སྐོར་བྱེད་སྲིད། ཇི་སྲིད་དུ་ཁོ་ཚོའི་བླ་སྲོག་རྙེད་པའི་བར་ཏུ་དེ་ལྟར་ལྡིང་སྐོར་བྱེད་སྲིད།

  ་་ཨ་ཇོ། ངའི་ངོས་བདག་གི་འབྲི་མོ་འདི་ང་རང་སློབ་གྲྭ་སོང་ཤུལ་ཨ་ཕས་ལྐོག་ནས་བཤས་པ་རེད།་་ སྐར་རྒྱན་གྱིས་ལག་པ་ཉི་ཐིག་གི་ཕྱོགས་ལ་བསྲིང་སྟེ་རྡུལ་བ་དག་འཛིན་ཐབས་བྱས། འོན་ཀྱང་ཉི་ཐིག་ལས་བུད་རྗེས། རྡུལ་དེ་དག་སྣང་མེད་དུ་འགྱུར་སྲིད་པ་དང་། དེ་དག་ཁོར་ཡུག་གི་གྲིབ་མའི་ནང་དུ་ཐིམ་སྟེ་མེད་པར་ཆགས་སྲིད་པ་དྲན་ཚེ། སྐར་རྒྱན་གྱིས་ལག་པའི་ཁུ་ཚུར་ལྷོད་དེ་རྡུལ་རྣམས་ཚེ་ཐར་བཏང་།

  ་་ང་རང་ཁྱིམ་ལ་ཐོན་རྗེས་ཅི་ཡང་མ་སྙམ་ཏེ་མོའི་རྒྱུ་མ་ཟོས། དགུང་མོ་ཁ་བ་འདི་དྭངས་པ་ན། ངས་འབྲི་མོ་ལ་རྩམ་པ་སྟེར་དགོས་བསམ་ཏེ་སོང་སྐབས། ད་གཟོད་འབྲི་དེ་བཤས་ཡོད་པ་ཤེས་ལ། ད་གཟོད་ཁ་བ་སྲབ་མོས་བཀབ་པའི་ཁྲག་འཁྱིལ་དེ་མཐོང་བྱུང་་་ ་་་ ་་

  ་་ཨ་ཇོའི་སྐར་རྒྱན། སྡུག་བསོགས་ནས་ཕན་པ་མེད། འབྲི་དེ་ནད་རོ་མ་ཞིག་མ་ཡིན་ནམ༑ ད་ལྟ་སྟོན་ཁར་མ་བཤས་ནའང་དགུན་ཁ་བཙག་གི་འོག་ནས་ཤི་སྲིད་་ ཇོ་ལགས་ཀྱིས་ཁོ་ལ་སེམས་གསོ་བྱས་པར་ ་་དེས་ན། སྟོན་ཁ་ཤ་ཚོ་དུས་བཤས་ན་ཕན་ཐོགས་ཆེ་བ་རེད། ཁ་ཟས་སུ་འགྱུར་བ་ནི་སེམས་ཅན་གྱི་ལས་རེད། ཡིན་ནའང་། ད་ལོ་འཆི་རྒྱུ་ཡིན་པའི་འབྲི་མོ་འདི་སྔ་ཚེར་བཤས་བཞག་ན། དགུན་ཁ་ཟོག་གཞན་གྱི་མཆུ་ལ་ཐག་པས་བསྡམས་དགོས་པ་མ་རེད། དེའང་མོའི་དགེ་བ་རེད། ་་

  ་་ཨ་མས་ཀྱང་དེ་ལྟར་ལབ་བྱུང་།་་

  ལྕགས་ཐབ་སྟེང་གི་རྫ་མ་ལས་ད་ལྟ་ཁ་རླངས་ཐོལ་བྱུང་སྟེ། དེ་ཉི་ཐིག་གི་འོག་ནས་འཁྲིགས་སྐབས། རླངས་པའི་ཁྲོད་དུ་འོད་ཟེར་ཕྲ་མོ་རེ་རེ་སྤྲོ་ཐུབ། རྡུལ་འཚུབ་ཀྱིས་ནི་འདི་ཡི་མཛེས་སྡུག་དོ་ཟླར་འོང་མི་སྲིད་མོད། དེ་ཡིས་སྙེམ་སྣང་སྤུ་ཙམ་ཡང་མ་བྱས་པར་ཁ་རླངས་ལ་འཁྱུད་དེ་བྲོ་གར་བྱེད་མགོ་བརྩམས།

  ་་དེ་ལྟར་ཡིན་ན། ཁྱེད་ཀྱིས་ཤ་འདིའི་བཏུབ་རྡོག་ཅིག་གསོལ་ན་དེ་བས་མི་ཡག་གམ། ཤ་དེ་སྡིག་ཅན་ཁོ་ནས་ཟས་སུ་འགྱུར་བ་ལས་གྲྭ་བ་ཞིག་གི་གསོལ་ཟས་ལ་འགྱུར་ན། ལས་འདི་ཐོག་གི་བསོད་སྙོམ་ལྟ་བུ་མ་ཡིན་ནམ༑་་ སྐར་རྒྱན་གྱིས་སླར་ཡང་དེ་ལྟར་ཞུས་པ་དང་མིག་ཟུང་ཇོ་ལགས་ལ་གཅེར་ནས་ལྟ་སྐབས། ཇོ་ལགས་ལ་མ་བདེ་བའི་མིག་མདའ་ཕོགས་ཏེ་ཕྱོགས་གཞན་སུ་གཟིགས་དགོས་བྱུང་། དེ་ལྟར་ཁོང་གིས་ཀྱང་རྡུལ་དང་རླངས་པའི་གར་སྟབས་དེ་མཐོང་བྱུང་ལ། རང་གི་ནུ་བོའི་རེ་བ་ཟློག་དགོས་པའི་བར་སྐབས་འདི་ནས། བྲོ་དེ་ཤིན་ཏུ་དལ་མོ་དལ་མོ་ཞིག་ཡིན་པའི་སྣང་བ་སྐྱེས།

  ་་འོན་ཀྱང་། དགོན་པའི་ཁྲིམས་གསར་པ་དང་འགལ་ཕོད་པ་མ་རེད།་་ མཐའ་མར་ཁོས་དེ་སྐད་ཀྱི་ལན་བཏབ།

  སྐར་རྒྱན་གྲྭ་ཤག་གི་སྒོ་ལས་འབུད་སྐབས། སྐྱུང་ཀ་ཁྱུ་ཞིག་མདུན་ནས་འཕུར་ལྡིང་བྱས་ཏེ་སོང་། ཁོས་ལག་གི་ཤ་རྡོག་པོ་དེ་རུམ་ལ་བཅུག་ནས་དལ་བར་གོམ་ཁ་བླངས་པའི་ཚེ། ཁ་བ་སླར་ཡང་བབས་བྱུང་ལ། ཁ་བའི་རྡུལ་རྣམས་ལས་དབང་ལ་རྩོད་པ་མི་བྱེད་པའི་ཉམ་ཆུང་ཐ་མལ་བ་དག་དང་འདྲ་བར། དལ་མོ་ཐུར་དུ་ལྷུང་བཞིན་ཡོད་ལ། རླུང་ཕྲན་བུ་ཞིག་གིས་ཁོ་ཚོར་རྒོལ་ལན་བྱེད་པའི་སྐུལ་ལྕག་གཏོང་ནའང་། ཁོ་ཚོ་སྔར་བཞིན་ཐུར་ལ་ལྷུང་བར་བྱེད། ཡུན་ཙམ་ནས། སྐར་རྒྱན་གྱིས་གོམ་པ་རེ་རེ་སྤོ་སྐབས། སྐད་སྒྲ་ཧྲིག་ཧྲིག་ཅིག་ཀྱང་གྲགས་ཀྱིན་འདུག་ལ། ཁོས་སེམས་ལ། ང་ཚོ་ཤི་རྗེས། གཤིན་རྗེ་ཆོས་རྒྱལ་དང་དམྱལ་བའི་ལས་མཁན་ཚོས་ཀྱང་ང་ཚོའི་ཤ་ཟ་སྐབས་ལ་ཧྲིག་ཧྲིག་གི་སྒྲ་འདི་འདྲ་ཞིག་སྒྲོག་རྒྱུ་ཡིན་ནམ་བསམ། དེ་ནས་ཁོའི་མིག་མདུན་ལ་དམྱལ་བའི་ཡུལ་དེ་འདྲ་ཞིག་གི་སྣང་བརྙན་ཤར་བྱུང་།

  དེ་སན། ཁོས་གོམ་པ་གློ་བུར་ཏུ་ཇེ་མྱུར་བྱས་ཏེ། གྲྭ་ཤག་དང་རིང་ཏུ་གྱེས་ལ། ཇེ་ཆེར་བབ་བཞིན་པའི་ཁ་བའི་ཁྲོད་ནས། མཐར། ཁོ་རང་ཉིད་མི་མཐོང་བར་གྱུར། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ས་བུ་ཆེའི་བརྩམས་སྒྲུང་གསར་པ།《ཁ་བ། ཤ་དང་རྡུལ》

2021-05-06 ས་བུ་ཆེ།(རྫ་ཆུ་ཁ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།