ཨ་མ་མཚོ་མོ་དང་མོའི་ཨོ་རྒྱ།

དུང་རུ་ཚེ་དབང་།(རི་བོ་ཆེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-29

  1.

  “ཨ་མ། ད་ལོ་ཁྱོད་རུ་ནང་དུ་སོང་ན་དགའ་ངེས། འོན་ཀྱང་། སང་ཉིན་རུ་བ་འགེལ་དུས་ཟང་ཟིང་ཆེ་ཞིང་། ལམ་ཡང་བདེ་པོ་མེད་རྐྱེན། ཁྱོད་ཉིན་གཅིག་གཉིས་རིང་དགུན་ལྷས་སུ་འདུག་དགོས་རྒྱུ་རེད། ངས་ཡེ་ཤེས་མ་བུ་དག་སོས་རུར་བསྐྱལ་ནས་འདུག་ཆས་བསྒྲིགས་ཚར་དུས་ང་ཁྱོད་བསུ་བར་ཡོང་།”

  “ཡ་ཡ། རེད་དེ། ང་འདི་ལྟར་དགུན་ལྷས་སུ་བསྡད་ནའང་མི་ཆོག་པ་མེད། འོན་ཀྱང་། ཨོ་རྒྱ་ངའི་རོགས་ལ་སྐྱུར་ཞོག །སྒོ་ཁྱི་ཞིག་ཡོད་ན་ང་ལ་ཡང་རོགས་ཤིག་ཡོད་པ་རེད།”

  “ཨ་མ། ད་ལོ་དགུན་ལྷས་སུ་འདུག་མཁན་སུ་ཡང་མི་འདུག །ཡར་ནང་གི་བསོད་དགའ་ཡང་མེད་སོང་བ་རེད། ཁྱོད་ཁེར་མོ་དགུན་ལྷས་སུ་བསྐྱུར་བཞག་ན་ངེད་ཚོ་ཡང་སེམས་མི་བདེ། ན་ནིང་ལྟར་ཁྲག་ཤེད་མཐོ་ནས་འགྱེལ་སོང་ན་ཅི་བྱེད། དེ་བས་འགྲོ་རྒྱུ་བྱོས། ཨོ་རྒྱ་འདི་ཁ་ཡང་བཙན་པས་སང་ཉིན་འཁྲིད་འགྲོ། རུ་བ་གསར་པར་སྒོ་ཁྱི་ཞིག་མེད་ན་ག་ལ་འགྲིག །ཡང་གཅིག་བཤད་ན། རྗེས་སུ་ངས་ཨོ་རྒྱ་དང་ཁྱོད་གཉིས་མཉམ་དུ་བསུ་དགོས་ན་སྟབས་ཀྱང་མི་བདེ།”

  “ཁོ་རེ། རོ་ཟ་རྒྱུ། ལྷམ་གསར་པ་དེ་རིང་ནས་གོན་ཏེ། སང་ཉིན་རུ་བ་འགེལ་དུས་བྱིས་པ་ཚོའི་སྔུན་ནས་ཁྱོད་ཀྱིས་འདམས་སྦག་ཅན་འདི་གོན་ན་ངོ་མི་ཚའམ།”

  ཕུན་ཚོགས་ཀྱིས། ལག་ནང་གི་ཕོར་པའི་ཇ་ལྷག་ཐང་དུ་འཕོ་ཞོར། རང་གི་བུ་འབྲིང་བའི་པྲ་ཚགས་དེ་མཐོང་བ་དང་། ཨ་མར་སྐད་ཆ་བཤད་མཚམས་བཞག་ནས་གཤེ་གཤེ་བཏང་། བྱིས་པ་གཞན་དག་གིས་ཀྱང་། ཨ་ཕས་བུ་འབྲིང་བར་གཤེ་གཤེ་གཏོང་བ་གོ་བས། དར་ཅིག་ལ་འཇམ་ཁྲོག་སེར་གྱུར་ཅིང་། སོ་སོའི་ལག་ཏུ་བཟུང་བའི་ལྷམ་གསར་པ་དེ་དག་རང་རང་གི་ཁུག་མར་ཉར་ཚགས་བྱས། གཤེ་གཤེ་དེས་འུར་འུར་ཟིང་ཟིང་གི་ཁོར་ཡུག་དེ་རེ་ཞིག་ལྷིང་འཇགས་སུ་བཏང་མོད། ཟུར་ནས་སྣོད་རྫབ་བྱེད་ཀྱིན་པའི་ལྷ་སྒྲོན་གྱིས། སྣ་མགོར་ཆགས་པའི་རྔུལ་ཆུའི་ཟིལ་པ་དག་ལག་རྒྱབ་ཀྱིས་འབྱིད་ཞོར། ཕུན་ཚོགས་ལ་སྡང་མིག་དང་བཅས། “གོས་གསར་པ་གསོན་དུས་མི་གོན་ཤི་ཚར་དུས་གོན་དགོས་སམ། ཨ་མའི། སོ་སོའི་གོན་བསམ་ན་གོན། དོན་མེད་དུ་བྱིས་པར་གཤེ་ནས་ཅི་བྱེད།” ཅེས་སྐད་མགོ་ཇེ་དམར་བཏང་ནས་ཁེར་བཤད་ལྟ་བུ་ཞིག་བྱེད་ཀྱིན། སྣོད་རྣམས་ཕན་ཚུན་བརྡབས་པའི་སྒྲ་ཡང་ཇེ་ཆེར་སོང་། ཨ་མ་དཀོན་མཆོག་གིས་ཀྱང་མནའ་མའི་རྣམ་འགྱུར་དེ་དག་མཐོང་བས། ཁ་སྒོར་ཐོན་ལ་ཉེ་བའི་སྐད་ཆ་མང་པོ་ཞིག་ཕྱིར་ཁོག་ཏུ་མིད་ནས་ཅི་ཡང་མ་མཐོང་བ་ལྟར་བསྡད།

  ཕུན་ཚོགས་ཀྱིས་ལྷ་སྒྲོན་གྱི་མ་རངས་པའི་བྱ་བྱེད་དག་ལ་ལྟ་ཙམ་བྱེད་ཞོར། ཇ་ལྷག་ཕོས་ཚར་བའི་ལག་གི་དཀར་ཡོལ་ཟུར་ཞིག་ཏུ་འཕངས།

  “ཁོ་རེ། ལྷས་རར་སོང་ནས་ཁལ་མ་རྡུང་རྒྱག་བྱེད་མིན་ལྟོས་ཤོག། མི་གཞན་གྱི་ཁལ་ཟོག་ལྷས་རར་འགྲོ་རུ་མ་འཇུག།”

  “འོ་ཡ། ཨ་ཉོག་ཚོ་འགྲོ། ལྷ་རར་ཁལ་མ་ལྟ་རུ་འགྲོ།”

  བྱིས་པ་གཞན་རྣམས་ཀྱང་བུ་འབྲིང་བའི་རྗེས་སུ་འབྲངས་ནས་སྒོ་ཁར་བརྒྱུགས། ཨ་མ་དཀོན་མཆོག་ཀྱང་བྱིས་པ་ཚོའི་རྗེས་སུ་འབྲངས་ནས་འགུལ་བཞིན་སྒོ་ཁར་བསྐྱོད།

  ཨོ་རྒྱ་ཡིས་ཨ་མ་དཀོན་མཆོག་མཐོང་བ་དང་སྐོར་ཐག་སིང་སིང་སྒུལ་བཞིན་རྩེད་མཆོང་སྙིང་རྗེ་མོ་རེ་བྱས། ཨ་མ་དཀོན་མཆོག་གིས་ཀྱང་ཟ་འཕྲོར་ཉར་བའི་ལྡག་ག་ཆང་བུ་ཞིག་ཨོ་རྒྱའི་ཕྱོགས་སུ་འཕངས།

  ཡར་མར་གྱི་དུད་ཚང་ཀུན་པོས་ཀྱང་། སོ་སོའི་ལྷས་རར་ཁལ་མ་ནག་རུག་རུག་གིས་བསྐོར་འདུག །ཁོར་ཡུག་ཕལ་ཆེར་ལྗང་ལྡེམ་ལྡེམ་དུ་མངོན། སྤྲིན་པ་དུམ་བུ་ཞིག་བྱང་མཐའ་ནས་ཇེ་མཐོར་བཀྱགས་རྗེས་རིམ་བཞིན་མི་སྣང་བར་གྱུར།

  2.

  ཞོགས་པའི་སྐྱ་རེངས་མ་གསལ་གོང་ནས། ཕུན་ཚོགས་དང་ཁོའི་བུ་ཆེ་བ་སྐལ་བཟང་རྡོ་རྗེ། ལོ་ལྟར་ཁོ་ལ་རུ་བ་འགེལ་རོགས་སུ་ཡོང་བའི་རྡོ་རྗེ་བཅས་ཀྱིས། སྦྲ་དང་སྣོད་ཆས། ཟས་དང་མལ་གོས་སོགས་བཀལ་བའི་ཁལ་མ་བཅུ་ཁ་དེ་གདང་ནས་ཀློད་རྗེས། ཨོ་རྒྱ་ཁྲིད་ཅིང་སོས་རུའི་ཕྱོགས་སུ་བསྐྱོད། ཨ་མ་དཀོན་མཆོག་གིས། བུ་ཕུན་ཚོགས་དང་། ཚ་བོ་ཆེ་བ་སྐལ་བཟང་རྡོ་རྗེ། གཡས་མཆོང་གཡོན་མཆོང་རྒྱག་གིན་པའི་ཨོ་རྒྱ་སོགས་ལ་མིག་གིས་སྐྱེལ་མ་བྱེད་ཞོར། ཐབ་ཁུང་དུ་བསང་ཤུག་འཇག་ལོ་འགའ་སྤུངས་ནས་གསོལ་བ་སྨོན་ལམ་བྱས།

  ལྷས་རར་ཉི་འོད་མ་འཕྲོས་གོང་། ལྷ་སྒྲོན་དང་བྱིས་པ་གཞན་རྣམས་ཀྱང་ནོར་འགོ་མ་དང་བཞོན་མ་མ་བུ་དག་གདང་ནས་ཀློད་རྗེས་སོས་རུའི་ཕྱོགས་སུ་བསྐྱོད། དེ་ལྟར། ཞོགས་པའི་འུར་ཟིང་དེ་སྨུག་པ་སྲབ་མོ་དེ་དང་འགྲོགས་ནས། ཉི་འོད་ཀྱིས་ཇེ་མཐོར་བཀྱགས་རྗེས། སོས་རུའི་ཕྱོགས་སུ་བསྐྱོད། སླར་ཡང་ཨ་མ་དཀོན་མཆོག་གིས་ཐབ་ཁུང་དུ་བསང་ཤུག་འཇག་ལོ་འགའ་བསྣན་ནས་གསོལ་བ་སྨོན་ལམ་བྱས།

  ཨ་མ་དཀོན་མཆོག་གིས། སྣ་གཉེར་གཉེར་དང་མིག་ཟུང་ཇེ་ཕྲར་བཏང་ནས། སོས་རུའི་ཕྱོགས་སུ་ཆས་པའི་ནག་རུག་རུག་གི་ཚོགས་དག །སྨུག་པའི་གསེབ་ནས་ག་ལེར་ཡལ་བའི་བར་དུ་མིག་གིས་སྐྱེལ་མ་བྱས། དེ་ལྟར་དར་ཅིག་ལ་ལག་གི་ཕྲེང་བ་ཡང་འདྲེན་མཚམས་ཆད། ནག་རུག་རུག་གིས་འགུལ་བཞིན་པ་དག །རིམ་བཞིན་ཨ་མ་དཀོན་མཆོག་གི་མིག་ལམ་དུ་རབ་རིབ་ནས་མི་མངོན་པར་གྱུར། ཁོར་ཡུག་མ་ལུས་འཇམ་ཐིང་ཐིང་ངང་ཨ་མ་དཀོན་མཆོག་དང་ལྷན་དུ་ལུས། གྲགས་འགུལ་ཟེར་བ་ཅི་ཡང་མི་འདུག།

  རང་གི་ཁོག་ནས་ལྡིང་བའི་སྙིང་གི་རྒྱུ་བ་ཕྲ་མོ་དེ་ཁོ་ན་རྣ་ལམ་དུ་ཇེ་གསལ་ནས་ཇེ་གསལ་ལ་གྱུར་དུས། མོས་གཞི་ནས་གྲགས་འགུལ་མེད་པའི་ཁོར་ཡུག་འདིར་རང་ཉིད་ཁོ་ན་ད་དུང་གསོན་པོར་གནས་པ་ཤེས། སྐབས་དེར་རྒྱང་དུ་བསྲིངས་པའི་མིག་འོད་ཕྱིར་བསྡུས་ནས། ཅུང་ཟད་འདར་བའི་དབྱངས་ཀྱི་སྒྲ་ཕྲ་མོ་ཞིག་དང་ལྷན་དུ་ལག་གི་ཕྲེང་བ་སླར་ཡང་འདྲེན་པར་བརྩམས།

  ད་ནངས། “ཁྱོད་རུ་ནང་དུ་ཐོན་རྗེས་ཕྱིར་མགྱོགས་པོ་དེ་འདྲ་བྱེད་མི་དགོས། གཅིག་བྱས་ན་ང་ད་ལོ་དགུན་ལྷས་སུ་འདུག་རྒྱུ་ཡིན། དེ་ལྟར་ན་ཚང་མར་རྙོག་གྲ་ཡང་མི་འདུག”ཅེས་བུ་ཕུན་ཚོགས་ལ་རང་གི་བསམ་ཚུལ་དག་བཤད་བསམ་མོད། སྐད་ཆ་དེ་འཆད་རྒྱུའི་གོ་སྐབས་བདེ་མོ་ཞིག་མ་རག་པས། ཨ་མ་དཀོན་མཆོག་ལ་ཐབས་ཤེས་ཅི་ཡང་མ་བྱུང་། ཐ་ན། ཚ་བོ་ཆེ་བ་སྐལ་བཟང་རྡོ་རྗེ་ལ་ཀ་ར་འགའ་ཤས་སྟེར་དགོས་བསམ་མོད། དེ་ཡང་གོ་སྐབས་ཡག་པོ་ཞིག་མ་རག་རྐྱེན། བྱིས་པ་གཞན་དག་གི་ལག་ཏུ་བཞག་ནས། “ཨ་ཧོ་ལ་ཡང་སྐལ་བ་ཁྱེར”ཞེས་སྟེར་དགོས་བྱུང་།

  དེ་ལྟར། ཡོད་ཚད་སོས་རུར་ཕྱིན་རྗེས། ཨ་མ་དཀོན་མཆོག་ལས་གཞན། ཁོར་ཡུག་མ་ལུས་འཇམ་ཐེང་ངེར་གནས། ཡོད་ཚད་ཀྱིས་ཁོ་མོར་བལྟས་ནས་ཡོད་པ་དང་འདྲ། མོ་རང་གི་བྱ་བྱེད་རེ་རེ་དང་། ཐ་ན་མོ་རང་གི་སེམས་ཀྱི་འགྱུ་བ་སྣ་ཁ་རེ་རེ་ལ་ཡང་། ཁོ་ཚོས་གཟབ་ནན་གྱིས་བལྟས་ནས་ཡོད་པ་དང་འདྲ། ཨ་མ་དཀོན་མཆོག་གིས་ད་ནངས་གཏོང་འཕྲོར་ལུས་པའི་བསང་ཤུག་འཇག་ལོ་འགའ་ཁྱེར་ཡོང་ཞིང་། འཇག་ལོ་གསུམ་ཐབ་མིག་ཏུ་བཞག་པ་དང་། གཞན་རྣམས་ཐབ་གོང་གི་ཚ་རེག་ཆེ་སར་བཞག་སྟེ། སང་ཉིན་གྱི་མེ་ཁ་གསོ་བའི་རྒྱུ་ཆར་གྲ་སྒྲིག་བྱས།

  ཨ་མ་དཀོན་མཆོག་གི་ཐབ་གོང་ནས་འཕྱུར་བའི་བསང་དུད་དེ། ཁང་པའི་སྐར་ཁུང་བརྒྱུད་འཇམ་ཐིང་ཐིང་གི་བར་སྣང་དུ་འཕགས་ཡར་རྗེས། གཡས་འགྱུ་གཡོན་འགྱུའི་ངང་རི་སྐེད་དུ་འཁྲིལ་བའི་སྨུག་པ་སྲབ་མོ་དེ་དང་འདྲེས་ཤིང་། དེའང་མི་མངོན་ནམ་མཁའི་དབྱིངས་སུ་ཡལ།

  “དེ་རིང་ཡང་གནམ་ངོ་དྭངས་རྒྱུ་ཡིན་པ་འདྲ། དཀོན་མཆོག་གིས་གཟིགས། རུ་བ་སྤོ་དུས་གནམ་ངོ་དྭངས་པ་ནི་རུ་འགེལ་མི་དག་གི་བསོད་ནམས་རེད།”

  ཨ་མ་དཀོན་མཆོག་སྒོ་རར་བུད་གནམ་ལ་ལྟ་ཞོར་སེམས་ནས་ཁེར་ལབ་དེ་འདྲ་ཞིག་བྱས།

  3.

  ད་ནི་ཉིན་གུང་ཡོལ་གྲབ་འདུག །ད་ནངས་ནས་བཟུང་། ཨ་མ་དཀོན་མཆོག་གི་ཅུང་ཟད་འདར་བའི་དབྱངས་རྟ་ཕྲ་མོ་དེ། མཚམས་མ་ཆད་པར་གྲགས་ཤིང་། ཉན་ཡག་མ་བྱས་ན། སྡོམ་དྲྭར་ཚུད་ནས་འཆི་ལ་ཉེ་བའི་སྦྲང་མ་ཞིག་གི་ཟིར་སྒྲའམ། མིའི་མགྲིན་པ་ནས་ཐོན་པའི་དབྱངས་རྟ་གང་ཡིན་ལ་སུས་ཀྱང་ཁ་ཚོན་གཅོད་བྲལ། ད་ལྟ་མོའི་ལག་གི་ཕྲེང་བ་སྐེར་གོན་ནས། ལག་གིས་བལ་སྐུད་འཁེལ་ཞོར་སྒོ་རར་ཉི་མར་ལྡེས་ནས་ཡོད་མོད། ཅུང་ཟད་འདར་བའི་དབྱངས་རྟ་ཕྲ་མོ་དེ་ད་དུང་མཚམས་མ་ཆད་པར་གྲག་གིན་འདུག།

  རུ་འགེལ་མི་དག་གི་བསོད་ནམས་དུ་སྨིན་པའི་ཉི་འོད་ཚ་མོ་དེ། ཨ་མ་དཀོན་མཆོག་གི་སྤྱི་གཙུག་ནས་ཞུགས་ཏེ་ཚ་ཤར་ཕྲ་མོ་ཤིག་བྱུང་བ་དང་། ལག་པས་མགོ་བོ་འཕྲུག་ཞོར་ནམ་མཁར་བལྟ་དུས། གོ་བོ་ཞིག་གིས་མོའི་མགོ་ཐོག་ནས་ལྡིང་སྐོར་ལན་གསུམ་བརྒྱབ་རྗེས། གཤོག་པ་འདར་བཞིན་བྱང་ཕྱོགས་ཀྱི་ནམ་མཁའི་མཐའ་རུ་ཡལ། སྣང་ཚུལ་དེས། ཨ་མ་དཀོན་མཆོག་ལ་རྣམ་རྟོག་ཅུང་ཟད་ཅིག་སྐྱེ་རུ་བཅུག།

  “ཐུ་ཐུ”

  དེ་མུར་ཨ་མ་དཀོན་མཆོག་གི་གཉེར་མས་བཏུམ་པའི་མཆུ་ལས་བསྟུད་མར་མཆི་མ་ལན་འགའ་ས་རུ་འཕངས།

  “སུ་ཡིན་ནམ།”

  ཨ་མ་དཀོན་མཆོག་གི་ངག་ལས་སྐད་ཆ་དེ་འདྲ་ཞིག་ཤོར་བ་དང་། མོའི་མིག་གཉིས་ཇེ་ཆུང་དུ་བཏང་སྟེ་ཕར་ཕྱོགས་ཀྱི་ལམ་ངོས་སུ་ཅེར་འདུག །

  མོའི་ལྟ་ཕྱོགས་ཤིག་གིས། མདུན་གྱི་ལམ་ངོས་ནས་རང་དང་ལོ་ཚོད་ཕལ་ཆེར་མཉམ་པའི་རྒན་མོ་ཞིག་ཚུར་ཡོང་བ་མངོན་བྱུང་། རྒན་མོ་དེའི་ལག་ཏུ་འཁར་བ་རིང་པོ་ཞིག་བཟུང་ཡོད་པ་འདྲ་ཞིང་། ཕར་ལྟ་ཡག་བྱེད་དུས། རྒན་མོ་དེས་ཀྱང་ལང་ཐུང་ཞིག་བྱས་ནས་མོ་རང་ལ་ཚུར་བལྟས་བྱུང་། བལྟས་ན་རྒན་མོ་དེ་ཉི་མའི་ཚ་གདུག་གི་འོག་ནས་ངལ་བས་དུབ་ནས་ཡོད་པ་འདྲ། ཨ་མ་དཀོན་མཆོག་གིས་ཉིན་གུང་ཚ་གདུག་སྒང་ལ་ལམ་འདི་བརྒྱུད་ནས་འགྲོ་མཁན་སུ་ཞིག་ཡིན་ནམ་སྙམ་བཞིན། དེ་མུར་ཡར་ལངས་ཏེ་ཐབ་ནང་དུ་ལྕི་བ་འགའ་བསྣན་རྗེས་ཇ་ཚ་པོ་ཡོང་ཐབས་བྱས། སླར་སྒོ་ཁར་ཡོང་ཞིང་རྒན་མོ་དེ་ཡར་ཁྲིད་ནས་ཚ་འབོགས་རྒྱོབ་ཟེར་དགོས་སྙམ་དུས། རྒན་མོ་དེ་མིག་ལམ་དུ་སླར་ཡང་མཐོང་རྒྱུ་མ་བྱུང་། ཨ་མ་དཀོན་མཆོག་གི་སེམས་སུ། མོ་རང་དཀའ་དྲགས་སྟབས་འདབས་འོག་གི་ཆུ་ཁར་ངལ་གསོས་པ་རེད་སྙམ། ཨ་མ་དཀོན་མཆོག་འགུལ་བཞིན་འདབས་འོག་ཏུ་ཕྱིན། འོན་ཀྱང་གོང་གི་རྒད་མོ་དེ་ཡེ་ནས་མཐོང་སར་མི་འདུག །ཨ་མ་དཀོན་མཆོག་གི་སེམས་པ་ཅི་ཡིན་འདི་ཡིན་མེད་པར་སྔར་བས་སྟོང་སང་སང་དུ་གྱུར། ལུས་ཀྱི་སྐྱི་ལྤགས་འོག་ནས་ཀྱང་རླུང་རྒྱུན་ཞིག་དལ་བུར་འགུལ་འོང་བ་ཚོར།

  “མིག་འཁྲུལ་བ་ཡིན་ནམ། དེ་ཡང་དཔེ་མི་སྲིད།”

  ཨ་མ་དཀོན་མཆོག་གིས་ཁེར་ལབ་བྱེད་ཞོར་ཡར་ཁྱིམ་དུ་ཡོང་ཞིང་། སྒོ་རའི་སྒོ་མོ་དམ་པོར་གཏན། ད་ནི་ཉི་མ་ཡང་ཕྱི་དྲོར་བསླེབས་འདུག། གྲིབ་སོ་རིང་པོ་འགའ་ཙམ་ཞིང་ཁ་དང་ལམ་བུ་བརྒྱུད་དེ་ཨ་མ་དཀོན་མཆོག་གི་ཁང་པར་གཏད་ནས་དལ་བུར་འགུལ། ཨ་མ་དཀོན་མཆོག་གི་སེམས་པ་སྟོང་ལྷང་ལྷང་དུ་གྱུར། འོན་ཀྱང་སྟོང་ལྷང་ལྷང་གི་སེམས་ཁམས་འདི་འདྲ་རྒྱུན་འཁྱོང་བྱེད་པར་ད་ནི་མོ་རང་གོམ་བཞིན་ཡོད་པ་འདྲ། གཅིག་བྱས་ན་གོམས་པ་ཟེར་བ་དེའང་མིན་པ་འདྲ།

  ཨ་མ་དཀོན་མཆོག་ཁྱིམ་དུ་འཛུལ་ཅིང་། ཐབ་ཁུང་ལས་དུ་བ་མང་ཙམ་འཕྱུར་ཐབས་བྱས། ཁྱིམ་གྱི་ཅ་དངོས་དེ་དག། གྱང་ངོས་སུ་བསྐལ་བའི་དུས་ཚོད་ཀྱི་ཕྲིགས་སྒྲ་དང་བསྡོངས་ནས། འགུལ་ཙམ་སྡོད་ཙམ་ངང་། ཁོ་མོར་ཧྲིག་གེར་བལྟས་ནས་འདུག། སྣང་ཚུལ་དེ། ལང་ཐུང་བྱས་ནས་ཚུར་ལྟ་བའི་རྒན་མོ་དེ་དང་འདྲ། རྒན་མོ་དེས་དགོད་བཞིན་ཁོ་མོར་བལྟས་ནས་ཡོད་པ་དང་འདྲ། གཉེར་རིས་ཤིག་ཤིག་གི་མིང་མི་ཤེས་པའི་གདོང་པ་དེ་དང་འདྲ།

  “བླ་མ་དཀོན་མཆོག་གསུམ་པོས་མཁྱེན།”

  མོས་སེམས་ནས་དཀོན་མཆོག་གསུམ་དྲན་པ་དང་། འོད་དཔག་ཞིང་ཐང་མདུན་དུ་མར་མེ་ཞིག་སྒྲོན་དགོས་པའང་དྲན། མཆོད་མེ་བསྒྲོན་པ་ན། མེ་འོད་དྲོན་པོ་དེས། ཨ་མ་དཀོན་མཆོག་གི་འཇིགས་སྣང་གི་སེམས་ཁམས་དེའང་ཕྱིར་གསོས་བྱུང་།

  “ང་འདི་ཅི་འདྲ་ཞིག་རེད་ཨང་། མི་ཟེར་བ་འདི་ད་ནི་འཁྲུལ་གྱིན་འདུག། དཀོན་མཆོག་གིས་མཁྱེན།”

  ཨ་མ་དཀོན་མཆོག་གིས་དེ་ལྟར་སྙམ་དུས། མོའང་རང་ཁྱིམ་དུ་འདུག་ཅིང་། སྐེར་གོན་པའི་ཕྲེང་བ་ནམ་དུས་ལག་ཏུ་བླངས་པ་མ་ཤེས་མོད། ད་ལྟ་མོས་དྲག་ཏུ་འདྲེན་བཞིན་འདུག་ལ། ལག་མཐིལ་དུའང་རླན་ཤས་ཤིག་གིས་ཁྱབ་ཏེ་མཆིས།

  ཨ་མ་དཀོན་མཆོག་གིས་ནུབ་དགོང་སྔ་འཐུངས་བྱས། སྒོ་རར་བཞག་པའི་ཆབ་རྫ་ནང་དུ་ཁྱེར་ནས་མལ་འགྲམ་དུ་བཞག །ཨོ་རྒྱ་མེད་པ་དྲན་པས་ལག་ཏུ་བླངས་པའི་ལྕགས་གཞོང་དེ་སྔར་མལ་དུ་བསྐྱུར། སྒོ་མོ་དམ་པོར་གཏན། ལུག་ལྤགས་བཏིང་བའི་མལ་སར་ལོག་ནས། ཅུང་ཟད་འདར་བའི་དབྱངས་རྟ་ཕྲ་མོ་དེའི་རྒྱུན་མ་ཆད་པར་བྱས། སེམས་སུ་ཨོ་རྒྱ་ད་ལོ་ཡང་མོ་དང་ལྷན་དུ་ཡོད་ན་སྙམ།

  ཁོ་མོ་ནམ་དུས་གཉིད་ལ་ཤོར་བ་མི་དྲན་ནའང་། ཁྱིའི་ཟུག་སྐད་བཙན་པོ་དེས་སད་པར་བྱས། དེ་དུས་ཕལ་ཆེར་ནམ་གྱི་སྟོད་ཆ་ཡིན་པ་འདྲ། སྐར་ཁུང་ནས་འཕྲོས་པའི་ཟླ་འོད་དེ་ནུབ་ཕྱོགས་སུ་ཅུང་གསེགས་ཏེ་འཕྲོས་འདུག །ཇི་ལྟར་གཟབ་ནན་གྱིས་ཉན་ནའང་། རྩིག་ངོས་སུ་བཀལ་བའི་དུས་ཚོད་ཀྱི་ཐག་སྒྲ་ལས། གོང་གི་ཁྱིའི་ཟུག་སྐད་དེ་སླར་ཡང་གོ་རྒྱུ་མ་བྱུང་།

  “ད་ནི་རང་ཉིད་སྐྲག་ནས་རྣ་བ་འཁྲུལ་བ་རེད། དེ་མིན་ཁྱི་ཞིག་གང་ན་ཡོད།”

  ཨ་མ་དཀོན་མཆོག་གིས་དེ་ལྟར་སྙམ། ཡུན་རིང་བར་མོ་ལ་གཉིད་མ་ཡོང་། ཁང་པ་གྲུ་ག་མ་ལུས་སྨག་གིས་གཡོགས་ནས་འདུག། ཅུང་ཟད་འདར་བའི་དབྱངས་རྟ་དང་འགྲོགས་ནས་སེམས་སུ་ཡར་མར་སྣ་ཚོགས་དྲན། སྐབས་རེར་སྐྱི་གཉེར་གྱིས་གཡོགས་པའི་གདོང་པ་ལས་འཛུམ་མདངས་གཉོམ་པོ་ཞིག་ཀྱང་མངོན་འོང་། འོན་ཀྱང་དེ་མུར་ཅུང་ཟད་འདར་བའི་དབྱངས་རྟ་དེའི་འགྱུར་ཁུག་མཐོ་རུ་འགྱོགས་ཙམ་གྱིས། བག་མེད་ཀྱི་སེམས་འཕངས་མར་ལ་གནོན་པར་བྱེད། ཡང་མཚམས་རེར་ཅུང་ཟད་འདར་བའི་དབྱངས་རྟ་ཇེ་དམར་འགྲོ་ཞིང་། མཆི་མའི་ཐིགས་པ་འགའ་ཡང་སྐྱི་གཉེར་གྱི་གཤོང་བུ་རེ་རེ་ནས་མར་མར་འགྲིལ།

  4.

  ནམ་གསལ་ལ་ཉེ་དུས། གཞི་ནས་གཉིད་སྣང་ཕྲན་བུ་ཞིག་བྱུང་ཞིང་། རྨི་ལམ་འགྲེལ་དཀའ་བ་རྐྱང་རྐྱང་རྨིས། གཉིད་ལས་སད་དུས་ཉི་མ་ཤར་ཐག་ཆོད་ཅིང་། འོད་དཔག་ཞིང་བཀོད་མདུན་གྱི་མར་མེའང་ཡོངས་སུ་ཞི་ཚར་འདུག །འོད་དཔག་མེད་ནི་བདེ་ཆེན་ཞིང་ཐང་གི་དབུས་ན་དཀྱིལ་ཀྲུང་དང་བཅས། ཁྱོད་ད་དུང་ཉལ་ནས་འདུག་གམ་ཞེས་མོར་གཟིགས་ནས་ཡོད་པ་དང་འདྲ།

  ཨ་མ་དཀོན་མཆོག་ལ་མདང་ནུབ་གཉིད་ཡག་པོ་ཞིག་མ་བྱུང་བས་ཡིན་ནམ། དེ་རིང་ལུས་སེམས་གཉིས་ཀ་ཅུང་ཉོབ་ཏོར་ཆགས་འདུག །མལ་ལས་ལང་དུས་ཀྱང་ལུས་ཤུགས་དེ་འདྲ་མེད་པར་གྱུར།

  ཐུང་ངུར་བྲེག་པའི་སྐྲ་ལོ་ཉི་འོད་འོག་ཏུ་སྔར་བས་དཀར་ལྷང་ལྷང་དུ་མངོན། བོད་ལྷམ་ཉྭ་ཁྲ་མ་དེའི་ལྷམ་སྒྲོག་ཀྱང་མ་བཅིངས་པར་ཐབ་ཀར་མེ་ཁ་གསོས། འོད་དཔག་ཞིང་བཀོད་མདུན་དུ་ཇ་ཕུད་བཤམས་ཤིང་། ཐབ་སྟེང་དུ་བསང་ཤུག་བསྣན་པ་དང་། མཚན་ཡིད་ལ་དྲན་ཚད་ཀྱི་བླ་མ་མང་པོར་གསོལ་འདེབས་དང་ཇ་མཆོད་ཕུལ་རྗེས། གཞི་ནས་མོ་རང་གི་ནང་ཇ་འཐུངས། མོའི་བཟའ་ཟླ་ཚེ་ལས་འདས་པ་ནས་གོ་རིམ་འདི་མ་བརྗེད་པར་ཁོ་མོས་དང་དུ་བླངས་ཤིང་། ད་བར་གཏན་ནས་ཆད་ལུས་སུ་འགྲོ་མྱོང་མེད།

  ཨ་མ་དཀོན་མཆོག་གིས་ནངས་ཇ་འཐུངས་རྗེས་སྒོ་ཁར་བུད་དེ། ཆབ་རྫ་ཕོས་ནས་རྩིག་ཁུག་ཅིག་ཏུ་བཞག །མོས་ཨོ་རྒྱ་འདོགས་སའི་ཕུར་པ་མཐོང་བ་དང་། ད་ལོ་ཡང་ཨོ་རྒྱ་མོ་དང་མཉམ་དུ་ཡོད་ན་ཨང་སྙམ། ད་ལྟའི་ཚེ་ཐོག་འདིར་གསོན་པོ་ཡོད་པ་དག་ལས། མོའི་འདངས་ཆེ་ཤོས་ནི་ཚ་བོ་ཆེ་བ་སྐལ་བཟང་རྡོ་རྗེ་ཡིན་པ་དང་། དེའི་འཕྲོ་ནས་ཨོ་རྒྱ་ཡིན་ངེས། ལྷག་ཏུ་འདས་པོ་དེ་མེད་པ་ནས་བཟུང་ཨོ་རྒྱ་ལ་སྙིང་ཇེ་ཉེར་སོང་། དེ་ཡང་། ཨོ་རྒྱ་ཆུང་དུས་འདས་པོ་དེ་དང་ལུས་དང་གྲིབ་མ་བཞིན་འགྲོགས་མྱོང་བས་ཡིན་ཡང་སྲིད་ལ། འདས་པོ་དེས་ཡང་ནས་ཡང་དུ་“ཁྱི་རྒྱ་བོས་འདྲེ་རྐུན་གཉིས་ཀ་ཁོག་ཟེར་བ་རེད་”ཅེས་བཤད་པས་ཡིན་ཡང་སྲིད།

  ན་ནིང་ཨོ་རྒྱ་མོ་དང་འདུག་རོགས་སུ་ཡོད་ཅིང་། ཁྱིམ་མཚེས་ཚང་གི་བསོད་དགའ་ཡང་ཡོད་སྟབས། མོ་ལ་སུན་སྣང་དང་སྐྲག་སྣང་གང་ཡང་ཡོད་མ་མྱོང་། ཟླ་འགའི་སྔོན་དུ་ཨོ་དམར་ལ་ནད་ཅིག་ཕོག་སྟེ་ཤི་བས། ཨོ་རྒྱ་རུ་བ་སྲུང་བར་འགྲོ་དགོས་བྱུང་བ་དང་། བསོད་དགའ་འདས་པོ་དེ་ཡང་མེད་སྟབས། ད་ལོ་མོ་ལ་སྟོང་ལྷང་ལྷང་ཡིན་པའི་ཚོར་བ་ཞིག་སྐྱེས།

  ཨ་མ་དཀོན་མཆོག་གི་ཉིན་རེ་རེའི་འཚོ་བ་དེ་བསྐྱར་ཟློས་ཀྱིས་དབྱར་ཁ་འདི་གཏོང་དགོས་ཤིང་། དེ་རིང་ཡང་སྒོ་རའི་ཉི་ཁུག་ཏུ་ཉི་མར་ལྡེ་ཞོར་བལ་འཁེལ་བཞིན་འདུག །ཅུང་ཟད་འདར་བའི་དབྱངས་རྟ་འདི་ནི་མོའི་ཚེ་མཇུག་གི་དབྱངས་རྟ་ཡིན་ཞེས་ཟེར་ཆོག་སྟེ། མཚམས་རེར“ངར་སྡུག་གཟེར་མ་གཏོགས་ལག་ལས་ཀ་མེད་ན”ཞེས་སུ་ལ་གོ་དགོས་པ་མི་ཤེས་པའི་ལྡབ་ལྡིབ་ཅིག་སྨྲ་བ་ལས་གཞན། སྡོམ་དྲྭར་ཚུད་ནས་འཆི་ལ་ཉེ་བའི་སྦྲང་མ་ཞིག་གི་ཟིར་སྒྲ་དང་འདྲ་བ་དེ་ཆད་པ་མེད་པར་གྲགས། ཅུང་ཉོབ་མདངས་ཤིག་མངོན་པ་ལས། ཨ་མ་དཀོན་མཆོག་གི་གདོང་ལ་སྔར་བཞིན་རྣམ་འགྱུར་ཁྱད་པར་བ་གང་ཡང་མི་འདུག །མོའི་དྲན་པའི་སྨུག་པ་འདས་པའི་རི་ལུང་གང་ཞིག་ཏུ་འཕྱོ་བཞིན་ཡོད་པ་དེའང་ཤེས་ཐབས་བྲལ།

  ཕྱི་དྲོར་བསླེབས་དུས། ཨ་མ་དཀོན་མཆོག་གིས་དབང་མེད་དུ། ཁ་སང་ད་ཚོད་ཙམ་དུ་རྒན་མོ་ཞིག་མངོན་སའི་ལམ་བུའི་ཕྱོགས་སུ་ཡང་ཡང་ལྟ་དགོས་བྱུང་། དེ་ནི་རྒན་མོ་དེ་མཐོང་བའི་ཆེད་དུ་ག་ལ་ཡིན་ཏེ། དེ་རིང་། སྐྱ་ཐལ་ཐལ་དུ་ཡོད་པའི་ལམ་བུའི་ནང་ནས། ལག་རྟེན་རིང་པོ་ཁྱེར་བའི་རྒན་མོ་དེ་མ་མཐོང་སྟབས། སེམས་པ་ཅུང་ཟད་བདེ་བར་གནས།

  “ཀ་ཀ་ཀ།”

  སྐྱ་ག་ཞིག་ཨ་མ་དཀོན་མཆོག་སྔུན་གྱི་རིབ་མ་མགོར་བབས་ནས་སྐད་ལན་འགར་བརྒྱབ། མོས་སེམས་སུ་བུ་ཕུན་ཚོགས་ཕྱིར་དགུན་ལྷས་སུ་ཡོང་གིན་ཡོད་པ་ཡིན་ནམ་སྙམ། སེམས་ནས་ཅུང་ཟད་དགའ་མོད། འོན་ཀྱང་མོ་རང་རུ་བར་འགྲོ་འདོད་གཏན་ནས་མ་བྱུང་བས། བུ་ལ་ཅི་ཞིག་ལབ་དགོས་སམ་སྙམ། མོས་སྐེ་བསྲིངས་ནས་སོས་རིར་འགྲོ་སའི་ལམ་ཁར་ལྟ་ཙམ་ལྟ་ཙམ་བྱས་ནའང་། མི་ཞིག་གམ་ནག་རིལ་ཞིག་འགུལ་བཞིན་ཡོད་པ་གཏན་ནས་མ་ཚོར།

  ཨ་མ་དཀོན་མཆོག་དེ་ལྟར་ཉི་མ་ཚ་པོའི་འོག་ཏུ་སྒོ་རར་ཡོད་དུས། ཚོར་བ་ཞིག་ལ་སུ་ཞིག་གིས་མོའི་ལྟག་རྒྱབ་ནས་ཚུར་བལྟས་ཏེ་ཡོད་པ་དང་འདྲ། མོས་ལྟག་རྒྱབ་ཀྱི་ཚོར་བ་རྣོན་པོ་དེ་བརྒྱུད་ནས་ཁྱིམ་མཚེས་ཚང་གི་སྒོ་རར་བལྟ་སྐབས། དངོས་གནས་བསོད་དགའ་འདས་པོ་དེ་དགོད་བཞིན། ཁོ་ཚང་གི་སྒོ་ར་ནང་ནས་ཚུར་བལྟས་ཏེ་འདུག །འོན་ཀྱང་ཁོའི་འཛུམ་མདངས་དེར་གསོན་འོད་ཅི་ཡང་མི་འདུག །དེ་ནི་ཁོའི་སྐྱ་ཐག་ཐག་གི་ངོ་གདོང་དེ་དང་འདྲ། ཨ་མ་དཀོན་མཆོག་སྐྲག་ཐག་ཆོད་ཅིང་། སྐད་ཅིག་མ་དེར་མོའི་མགོ་བོའི་སྐྲ་དང་ལུས་ཀྱི་བ་སྤུ་མ་ལུས་སྟོད་དུ་ཟིངས། ངག་ནས་ཀྱང་“བསོད་དགའ?”ཞེས་འབོད་པར་ཤོར། ཡང་མིག་འབྱེད་འཛུམ་ཞིག་གི་རྗེས་སུ། ཁོ་ཚང་གི་སྒོ་རའི་ཉི་གདང་ཐོག་ཏུ་བསྐལ་བའི་གོན་པ་དེ་ལས་ཅི་ཡང་མཐོང་རྒྱུ་མི་འདུག །དར་ཅིག་ལ་མོའི་འཇིགས་སྣང་གི་སེམས་པ་དེ་དབུགས་དང་ལྷན་དུ་ཕྱིར་མ་ཁུག།

  ད་དུང་མོ་ལ་ལྐོག་ལྟ་བྱེད་ཞོར། སུ་ཞིག་གིས་བསྒུགས་ནས་ཡོད་པ་དང་འདྲ། མདོག་མེད་པའི་འཛུམ་མདངས་ཤིག་སྟོན་བཞིན་ཁོ་མོར་བསྒུགས་ནས་ཡོད་པ་དང་འདྲ། བསམས་ཤིང་བསམས་ཤིང་། ཨ་མ་དཀོན་མཆོག་ལྷག་ཏུ་ཉི་རར་སྡོད་པར་རྣམ་རྟོག་ཟ་པོ་བྱུང་། དེ་བས་མོ་རང་ཉི་ར་དང་བྲལ་ནས་ཁྱིམ་དུ་འགྲོ་དགོས་སྙམ་སྟེ་ཡར་ལངས་པ་དང་། མགོ་ཡུ་འཁོར་ཞིང་ཅུང་མིན་ན་ཐང་དུ་འགྱེལ་གྲབས་བྱས།

  “ཐུ་ཐུ་ཐུ།”

  ལུས་པོ་རྩིག་པར་ཁེན་ཏེ། མཆིལ་མ་འགའ་སར་འཕངས་པས། ཀླད་པར་འཚངས་པ་གང་ཞིག་ཕྱིར་ལུས་སྨད་དུ་ཡལ་བཞིན་པ་ཚོར། ད་ཆར་མོའི་ལུས་ལ་སྟོབས་ཤུགས་ཅི་ཡང་མི་འདུག །རྩིག་པར་ཁེན་ཞོར་དུ། གོམ་པ་གང་རེ་གང་རེས་ཁྱིམ་དུ་འབྱོར་ཐབས་བྱས། ཤོག་སྒམ་གྲུ་བཞི་སེར་པོའི་ནང་གི་ཁྲག་སྨན་རིལ་བུ་གཉིས་བླངས་རྗེས་ཁ་རུ་བཞག།ཕྱི་ངོས་སུ་དྲེག་པ་མཐུག་པོ་གོན་པའི་དཀར་ཡོལ་ནང་གི་ཇ་འཁྱགས་དེས་མར་ཁོར་པར་འདེད་ཐབས་བྱས། ངོས་མི་སྙོམ་པའི་རྩིག་ངོས་སུ་བཀལ་བའི་དུས་ཚོད་ཀྱི་ཐག་སྒྲ། མོའི་དབུགས་ཀྱི་རྒྱུ་བ་དང་འགྲོགས་ནས་མཚམས་མེད་དུ་གྲགས།

  རྩིག་ངོས་ཀྱི་དུས་ཚོད་ལྔ་པར་ཁེལ་ལ་ཉེ་དུས། གཞི་ནས་ཨ་མ་དཀོན་མཆོག་ལ་ལྟོགས་སྣང་ཕྲན་བུ་ཞིག་བྱུང་ཞིང་། ལུས་ཁམས་ཀྱང་གོང་དང་བསྡུར་ན་ཅུང་ཇེ་བདེར་སོང་། ཚ་དེམ་ནང་གི་ཇ་ཁུ་ལས་ཕོར་པར་ཅུང་ཙམ་བླུགས་ཤིང་། དེའི་སྟེང་དུ་རྩམ་པ་ཕྲན་བུ་གཏོར། ལུང་ཐག་བརྒྱབ་པའི་ཁེམ་བུ་དེས་དཀྲུག་དཀྲུག་བྱེད་ཞོར་ནུབ་དགོང་འཐུངས། རྩིག་ངོས་སུ་བཀལ་བའི་དུས་ཚོད་ཀྱི་ཐག་སྒྲ་མུ་མཐུད་དུ་གྲགས།

  ཨ་མ་དཀོན་མཆོག་གིས་ནུབ་དགོང་འཐུངས་ཚར་བ་དང་། སྒོ་རར་ལུས་པའི་ཅ་ལག་ནང་དུ་བཞག་རྗེས། ཆབ་རྫ་ཁྱེར་ནས་ཁྱིམ་དུ་འཛུལ། སྒོ་མོ་དམ་པོར་གཏན། འོད་དཔག་ཞིང་བཀོད་མདུན་དུ་མཆོད་མེ་སྒྲོན་རྗེས་མལ་སར་ལོག་ནས། གོང་གི་དོན་དག་དེ་འདྲ་སླར་ཡང་མི་འབྱུང་བའི་སྨོན་ལམ་བཏབ་ཅིང་། དེ་དག་ཀྱང་འཁྲུལ་པ་ཡིན་པར་བསྒོམས།

  ཨ་མ་དཀོན་མཆོག་མདང་དགོང་ལས་ཀྱང་དོ་དགོང་མལ་སར་ལོག་པ་སྔ་བའང་ཁག་མི་འདུག །ད་ཆར་མོའི་གདོང་པ་སྐྱ་ཐལ་ཐལ་དུ་མངོན་ཞིང་། ཕལ་ཆེར་དཀར་པོར་ཆགས་པའི་སྐྲ་ལའང་འོད་མདངས་དེ་ཙམ་མི་འདུག།

  གལ་ཏེ་བུ་ཕུན་ཚོགས་དགུན་ལྷས་སུ་ཕྱིར་ཡོང་ནས་སྒོ་བརྡུང་ན་ཐོས་པར་བྱེད་དགོས་སྙམ་ཞིང་། རྣ་བ་བསང་བསང་བྱས་ནས་བསྡད།

  5.

  “ཐག་ཐག་ཐག།”

  གོ་ནོར་བྱུང་མེད་ཨང་། ཨ་མ་དཀོན་མཆོག་གི་དམ་པོར་གཏན་པའི་སྒོ་མོ་བརྡུངས་བྱུང་། མུན་ཡང་རུབ་ལ་ཉེ། ཕུན་ཚོགས་དེ་འདྲ་འཕྱིས་སམ།

  “ཐག་ཐག་ཐག།”

  ད་ཐེངས་དངོས་གནས་གོ་ནོར་མིན། སྒོ་མོ་རྡུང་གིན་འདུག །ཨ་མ་དཀོན་མཆོག་གྱ་ལེ་གྱོ་ལེའི་ངང་འགུལ་བཞིན་སྒོ་མོའི་ཕྱོགས་སུ་ཕྱིན།

  “ཨ་མའི་ཕུན་ཚོགས། ཁྱོད་ཡིན་ནམ།”

  ཨ་མ་དཀོན་མཆོག་གིས་དམ་པོར་གཏན་པའི་སྒོ་མོ་ཕྱེས་མོད། རླུང་བུ་ཞིག་ནང་དུ་ཤོར་འོང་བ་ལས་ཅི་ཡང་མཐོང་རྒྱུ་མི་འདུག། མོས་ད་དུང་ཕུན་ཚོགས་ཀྱི་མིང་ནས་ལན་འགར་བོས། ཐ་མར་འབོད་སྐད་དེའང་ངུ་སྐད་ལྟ་བུ་ཞིག་ཏུ་གྱུར། ཕྱི་རོལ་འཇམ་ཐེང་ངེར་མངོན། གྲག་འགུལ་གང་ཡང་མི་འདུག །ཨ་མ་དཀོན་མཆོག་གིས་སླར་ཡང་སྒོ་མོ་དམ་པོར་གཏན། མལ་སར་ལོག་ནས་འོད་དཔག་ཞིང་བཀོད་མདུན་དུ་མཆོད་མེ་ཞིག་སྒྲོན་པར་བརྩམས། སྐབས་དེར་འོད་དཔག་ཞིང་བཀོད་ཀྱི་ཞལ་ཁེབས་ཞལ་ཐང་ངོས་སུ་མར་འཕྱངས་ནས་འདུག་ཅིང་། འོད་དཔག་མེད་ཀྱི་བརྩེ་བའི་སྤྱན་རས་དེའང་མཇལ་ཐབས་མེད་པར་གྱུར།

  ད་ཐེངས་མོ་རང་དངོས་གནས་བྱ་ཐབས་མེད་པར་གྱུར། ཅུང་ཟད་ངུས་རྗེས། ནམ་གུང་བུད་མེད་ངུ་བ་ནི་ལྟས་ངན་ཡིན་ཟེར་བའི་སྐད་ཆ་དེ་དྲན་པ་དང་། སོ་སོར་རྣམ་རྟོག་ཟ་པོ་བྱུང་ཞིང་། ངུ་མཚམས་བཞག་སྟེ། ཡིད་ལ་གང་དྲན་གྱིས་གསོལ་འདེབས་བྱས།

  “ཐག་ཐག་ཐག།”

  ཨ་མ་དཀོན་མཆོག་གི་དམ་པོར་གཏན་པའི་སྒོ་མོ་སླར་ཡང་བརྡུངས་བྱུང་། མོས་བུ་ཕུན་ཚོགས་ཀྱི་མིང་ནས་འབོད་དགོས་མིན་སྙམ་དུས། སྒོ་མོ་རྡུང་བའི་སྒྲ་ཇེ་དྲག་ཏུ་ཕྱིན། སྒྲ་དེའང་དེ་འདྲའི་ཤུགས་དྲག་ཅིང་འཇིགས་སུ་རུང་བ་ཞིག་རེད།

  “ཕུན་ཚོགས~”

  ད་ལྟ་ཨ་མ་དཀོན་མཆོག་མལ་ལས་མ་ལངས་པར་རང་གི་བུའི་མིང་ནས་བོས། དེ་ནི་སྒོ་མོ་རྡུང་མཁན་དེ་རང་གི་བུ་མིན་པར་ཤེས་ཏེ། སོས་རུར་ཡོད་པའི་བུ་ལ་འབོད་ཀྱིན་ཡོད་པ་དང་མཚུངས།

  ད་ནི། སྒོ་མོ་གཏོར་ལ་ཉེ་བ་འདྲ། སྒྲ་ཇེ་དྲག་ཏུ་ཕྱིན་ཅིང་། མཁའ་དབུགས་དག་ཀྱང་ཤིན་ཏུ་མཁྲེགས་པོར་གྱུར་པས། ཨ་མ་དཀོན་མཆོག་གི་དབུགས་ཀྱང་འབྱིན་རྔུབ་དཀའ་བར་འདུག །ད་ནི་མོས་རང་གི་བུའི་མིང་ནས་ཀྱང་འབོད་མི་ཕོད་པར་གྱུར། མོ་རང་འཇམ་ཐེང་ངེར། མིག་གཉིས་འབུར་ཚུགས་སུ་ལྟ་བཞིན་སྟོང་ལྷང་ལྷང་གི་ཁང་པ་ནག་པོའི་ནང་དུ་ལུས། མོ་རང་འགྲོ་འདོད་ཀྱང་ལུས་ཀྱི་སྟོབས་ཤུགས་ཡོངས་སུ་ཟད་འདུག།

  མཇུག་མཐར་སྒོ་མོ་གཏོར་བྱུང་། ཨ་མ་དཀོན་མཆོག་འགུལ་ཙམ་ཡང་མི་ནུས། མོས་དོན་དག་ཅི་ཞིག་འབྱུང་རྒྱུར་བསྒུགས་ནས་བསྡད། མར་མེའི་འོད་སྣང་གསལ་ལ་མི་གསལ་བའི་ངོགས་ནས་ལག་རྟེན་རིང་པོ་ཞིག་མངོན་བྱུང་། དེ་དང་མཉམ་དུ་དཀར་སང་སང་གི་སྐྲ་ལོ་ཐུང་ངུར་བྲེག་པའི་རྒན་མོ་ཞིག་མངོན་བྱུང་། རྒན་མོ་དེའི་ངོ་གདོང་གསལ་པོར་མི་མཐོང་། མོའི་གོམ་པ་དལ་བུར་འགུལ་བཞིན། ཨ་མ་དཀོན་མཆོག་དང་བར་ཐག་ཆེར་མེད་དུས། དེ་རུ་ལངས་ཤིང་། སྐྱོ་བའི་ཉམ་སྣང་ཞིག་ཀྱང་མངོན།

  “ང་ལ་མར་ཞིག་བྱིན་དང་། ངའི་ལག་པ་ཞིག་ནས་ན་ཟུག་བཟོད་ཐབས་མི་འདུག།”

  སྐད་གདངས་དེ་ཅུང་ཆ་ཡོད་ཅིག་དང་འདྲ། འོན་ཀྱང་སུ་དང་འདྲ་བ་ཁ་ཚོན་གཅོད་མི་ཐུབ། རྒན་མོ་དེའི་ཚུར་བསྲིངས་པའི་ལག་པ་གཏིང་ཟབ་མོར་གས་ཤིང་། དེའི་ཁྲོད་ནས་རྣག་ཁྲག་ཀྱང་འཛག་བཞིན་འདུག །ལྷག་ཏུ་ཆེས་ཉམ་ཐག་གི་ཚུགས་ཀ་དེ། གོང་གི་སྒོ་མོ་གཏོར་མཁན་དེ་དང་གཏན་ནས་འདྲ་བོ་མི་འདུག།

  ཨ་མ་དཀོན་མཆོག་ཀྱང་སེམས་པ་ཅུང་ལྷོད་པར་གྱུར། མོས་འགྲམ་གྱི་མར་པར་ནང་གི་མར་བླངས་ནས་རྒན་མོ་དེའི་ལག་མཐིལ་དུ་བཞག།

  “ཧེ་ཧེ་ཧེ~”

  མར་དང་ཨ་མ་དཀོན་མཆོག་གི་ལག་པ་གཉིས་རྒན་མོ་དེའི་ལག་མཐིལ་དང་ཉེ་བ་ན། རྒན་མོ་དེའི་ཉམ་ཐག་གི་སྐད་གདངས་གློ་བུར་འགྱུར་ཞིང་། ཅུང་འཛེར་བའི་གདངས་ཀྱིས། གད་མོ་ཞིག་དགོད་བཞིན་ཚུར་ལུས་སྟེང་དུ་འབྱར་བྱུང་།

  “འང་འང་འང་། འང་འང་འང་།”

  རྒན་མོ་དང་ཨ་མ་དཀོན་མཆོག་འབྱར་རེས་འཕུད་རེས་བྱེད་བཞིན་པའི་སྐབས་དེར། ཁྱི་སྐད་དྭངས་མོ་ཞིག་རྒྱང་རིང་ནས་ཇེ་ཉེར་འོང་གིན་ཡོད་པ་ཚོར།

  “འང་འང་འང་། འང་འང་འང་།”

  སྲོག་ཆགས་དེ་ཤར་སྒྲ་སིང་སྒྲ་དང་བཅས་ནང་དུ་ཤོར་འོང་དུས། ཨ་མ་དཀོན་མཆོག་གི་གདོང་པར་རྨ་ཁ་མང་པོ་བཏོད་འདུག་ཅིང་། ཟུང་ཟད་དེ་འགུལ་ཡང་མི་ནུས་པའི་ཚད་དུ་ཡོད། མར་མེའི་འོད་ངོགས་ནས་མྱུར་རྩལ་ལྡན་པའི་སྲོག་ཆགས་དེས། ཁ་གདངས་ཤིང་མཆེ་བ་རིང་པོ་ཞིག་གནར་ནས་རྒན་མོའི་ལུས་སྟེང་དུ་ཐེ་ཚོམས་མེད་པར་འབྱར་ཡོང་། རྒན་མོས་ཀྱང་ཨ་མ་དཀོན་མཆོག་ཀློད་དེ་སྲོག་ཆགས་དེ་དང་འཐབ་མོ་བཀྱེས། སྲོག་ཆགས་དེས་རྒན་མོ་དེའི་གདོང་པར་འབྱར་ནས་ང་རོ་དང་བཅས་རྨུག་པ་དང་། རྒན་མོ་དེས་ཀྱང་ཨ་སྐད་རིང་པོ་ཞིག་དང་བཅས་འབྲོས་པར་བརྩམས། སྐབས་དེར་སྡེམ་མྱུར་དོད་པའི་སྲོག་ཆགས་དེས་རྨུག་ཞོར་འཛིན་ཞོར་གྱིས། ཁོ་གཉིས་སྒོ་ཁར་ཐོན།

  ད་ལྟ་ཨ་མ་དཀོན་མཆོག་གི་ལུས་སྟོབས་མ་ལུས་ཉམས་ཏེ་འགུལ་ཙམ་ཡང་བྱེད་མི་ནུས། སྲོག་ཆགས་དེས་སྐབས་རེར་ངུ་འཁང་ཉམས་ཐག་པ་རེའང་བྱེད་འོང་མོད། མོ་ལ་ངོ་མ་སྟོབས་ཤུགས་ཅི་ཡང་མི་འདུག།མོའི་སེམས་ནས་སྲོག་ཆགས་དེ་ནི་ཨོ་རྒྱ་ཡིན་པ་ཐག་གིས་ཆོད་དུས། རྒན་མོའི་ཨ་སྐད་ཀྱང་འཇམ་སོང་། ཨོ་རྒྱ་ཡིས་ཅི་ཞིག་ཟ་བཞིན་ཡོད་པ་དང་འདྲ། ང་རོ་སྒྲོག་བཞིན་མཆེ་བ་རྣོན་པོས་ཕ་རོལ་པོའི་ཆ་ཤས་གང་རུང་ཞིག་ནས་འབིགས་བཞིན་པའི་སྒྲ་ཡང་ཐོས་ཡོང་། ཅུང་ཙམ་ནས་ཨོ་རྒྱ་ཡིས་འུང་སྐད་རིང་པོ་ལན་གསུམ་བརྒྱབ་རྗེས་དལ་བུར་ནང་དུ་འཛུལ་བྱུང་། ཕར་བལྟས་ན་ཨོ་རྒྱ་ལ་ཡང་རྨས་ལྗི་མོ་ཕོག་ཡོད་པ་འདྲ། སྐེར་གོན་པའི་ལྕགས་ཐག་དེའང་ཤིན་ཏུ་ལྗིད་པའི་ཚོར་བ་སྟེར།

  “ཨོ་~རྒྱ་~”

  ད་ནི་ཨ་མ་དཀོན་མཆོག་གིས་སྐད་ངག་ལའང་གསོན་ཤུགས་ཅི་ཡང་མི་འདུག།

  6.

  “ཁྱོད་གང་དུ་འགྲོའམ། སྔ་མོ་འདི་འདྲར། གདོན་གྱིས་བཟུང་ངམ།”

  ལྷ་སྒྲོན་གྱིས་མིག་ཡ་འབྱེད་མ་འཛུམ་གྱི་ངང་། སྦོམ་ལ་ཉལ་ཉོལ་དུ་ཡོད་པའི་ལུས་པོ་དཀྱུ་ཙམ་བྱེད་ཞོར། གོས་ལྷམ་གོན་ཏེ་རྟ་སྒ་ཁྱེར་ནས་སྦྲ་སྒོ་ལས་འབུད་བཞིན་པའི་ཕུན་ཚོགས་ལ་དེ་ལྟར་བསྙད། ཕུན་ཚོགས་ཀྱིས་རྟ་སྒ་བརྒྱབ་ཅིང་། ནང་དུ་ཡོང་ནས་སྲབ་མཐུར་ལེན་ཞོར། “ཨོ་རྒྱ་ཁ་སང་ཕྱི་དྲོ་ནས་ཤོར་སོང་། ད་དུང་མདང་གི་རྨི་ལམ་ཡང་མི་བཟང་། ང་ཨ་མ་སར་འགྲོ་གྲབས་ཡིན།” དེ་ལྟར་བཤད་རྗེས་སྦྲ་སྒོར་བུད་པ་དང་། སྤང་ཁར་སྤོས་པའི་རྟ་ཕོའི་རྨིག་སྒྲ་གཉོམ་པོ་དེ་དང་ལྷན་ཅིག་ཐག་ཇེ་རིང་དུ་ཕྱིན།

  ཕུན་ཚོགས་ཀྱིས་ཨོ་རྒྱ་ལ་སེམས་ཁྲལ་བྱེད་ཀྱིན་མེད་པར། ཨོ་རྒྱ་གང་དུ་སོང་མིན་ལ་སེམས་ཁུར་བྱེད་ཀྱིན་ཡོད། རུ་བ་སྤོས་པའི་ཉིན་དང་པོ་ནས་བཟུང་། ཨོ་རྒྱ་བྱང་ཕྱོགས་སུ་བལྟས་ནས་ཟུག་ཅིང་། སྐོར་ཐག་ལས་འཆོར་གྲབས་བྱེད། ཁ་སང་སྔ་དྲོ་རྒྱུན་ལྡན་ལྟར་སྣང་ནའང་། ཕུན་ཚོགས་དང་བྱིས་པ་དག་ཉལ་ལོ་འཐུ་བར་འགྲོ་སྐབས་རི་ནས་མར་ལྟ་དུས། སྦྲ་འདབས་ཀྱི་ཨོ་རྒྱ་ནི་རྒོད་པོ་ཞིག་དང་འདྲ་བར་སྐོར་གདང་གི་མཐའ་ནས་ལིང་ལིང་ལྡིང་ཞིང་། ཁོ་ཚོ་སྦྲ་དང་ཉེ་བར་བསླེབས་དུས་ལྕགས་ཐག་དྲུད་དེ་བྱ་འཕུར་བ་ལྟར་ཤོར་སོང་། ཁོ་རང་སྦྲ་ནང་དུ་ཐོན་དུས། ལྷ་སྒྲོན་གྱིས་འོ་མ་དཀྲོགས་བཞིན་བསྡད་འདུག།

  “སྒོ་ཁའི་ཁྱི་ཤོར་ནའང་ཁྱོད་ལ་ཉམ་ང་མེད་པ་ལ་ཨང་། ད་དུང་མ་གོ་བར་འདུག།”

  “ཨ། ཨོ་རྒྱ་ཤོར་སོང་ངམ། མ་གཞི་ཁོ་ཤོར་ནའང་ང་ལ་ཐབས་བཀོད་ཅི་ཡོད། དགུན་ལྷས་སུ་སྐྱུར་མ་བྲ་བར་འཁྲིད་འོང་མཁན་དེ་ཁྱོད་མིན་ནམ།”

  ཕུན་ཚོགས་ཀྱི་ཐབས་ཟད་པའི་ངོ་གདོང་དུ། སྐྲ་གསེབ་ནས་འཛགས་པའི་རྔུལ་ཆུ་བསྐམས་རྗེས་ཀྱི་རི་མོ་ཤར་ཤུར་དུ་དོད་འདུག །ཁོས་རི་མོ་ཤར་ཤུར་དོད་པའི་གདོང་པ་རིད་པོ་དཀྱུ་ཙམ་གྱིས་སྒོ་ཁར་བུད་ནས་ལྟ་དུས། ཨོ་རྒྱ་ཡིས་སྐོར་ཕུར་མུར་ནས་དུམ་བུར་བཅད་རྗེས་ལྕགས་ཐག་དྲུད་དེ་བྲོས་པ་ཤེས།

  “གདོན་ཁྱི་དེ།”

  ཕུན་ཚོགས་ཀྱིས་སྙམ་མེད་ངང་ངག་ནས་ཚིག་དེ་འདྲ་ཞིག་ཤོར་བ་དང་། རྟ་ཕོའི་འགྲོས་ཀྱང་ཇེ་མགྱོགས་སུ་བཏང་།

  ཉི་འོད་རི་རྩེར་འཕྲོས་པ་དང་ཕུན་ཚོགས་དགུན་ལྷས་སུ་སླེབས། སྒོ་རའི་སྒོ་གཏན་མི་འདུག། ནང་དུ་འཛུལ་བ་ན། ཁང་པའི་སྒོ་མོ་གཏོར་ནས་ཧར་རེར་ཡོད་པ་མཐོང་། ཁོ་རང་རྒྱུགས་ཞོར་མཆོང་ཞོར། ཨ་མ་ཞེས་འབོད་ཀྱིན་ཁང་པར་འཛུལ་དུས། ཁྱིམ་དུ་ཁྲག་རྗེས་ཀྱིས་གང་ཞིང་། ཨ་མ་དཀོན་མཆོག་ཐང་ལ་གནར་ནས་འདུག། ཁོ་རང་ངུ་བའམ་དགོད་པ་ཆ་མ་འཚལ་བའི་སྐད་གྱིས་འབོད་ཞོར་དུ་ཨ་མ་དཀོན་མཆོག་ཡར་སྐྱོར་མོད། མོའི་དབུགས་ཀྱི་རྒྱུ་བ་སྔར་ནས་འགགས་ཟིན་པས་ལུས་ཡོངས་ཉལ་ཉོལ་དུ་འདུག། ད་ལྟ་མོའི་ཅུང་ཟད་འདར་བའི་དབྱངས་རྟ་དེའང་ཡོངས་སུ་མཚམས་ཆད་ཟིན་པ་འདྲ། ད་དུང་ཁྲག་གིས་འཚོས་པའི་ཨོ་རྒྱ་ཡང་ཨ་མའི་ལོགས་ཤིག་ཏུ་གནར་ནས་འདུག་ཅིང་། ཁོ་ཡང་དབུགས་ཀྱི་རྒྱུ་བ་ཆད་ཟིན་པ་འདྲ། ཁོས་ཨ་མ་དཀོན་མཆོག་གི་ཕུང་པོ་ཡར་སྐྱོར་ཏེ་མལ་སར་འཇོག་སྐབས། ཨ་མའི་ལག་ཏུ་གྲི་ཐུང་ཞིག་ཀྱང་བཟུང་ཡོད་པ་མཐོང་ཞིང་། གྲི་ཐུང་དེའང་ཁྲག་གིས་འཚོས་ནས་འདུག །གློ་བུར་ཁོ་ལ་ཁོང་ཁྲོ་ཆེན་པོ་ཞིག་ལངས་ཏེ། དབུགས་ཀྱི་རྒྱུ་བ་འགགས་ནས་ཡུན་རིང་འགོར་ཟིན་པའི་ཨོ་རྒྱ་ཐོག་ཏུ་མཆོངས། ངག་ནས་གདོན་ཁྱི་ཞེས་སྡིག་ཞོར་། མིག་གིས་ཅི་རིག་གིས་རྡེག །མཐར་ཁོས་ཡུན་རིང་ལ་བཀག་པའི་ཡ་ཁོག་གི་མཆི་མ། ཆུ་རག་ཉིལ་བའི་ཆུ་བོ་བཞིན་དུ་འབབ་པར་བརྩམས།

  སྐབས་དེར་བྱང་མཐའ་ནས་སྤྲིན་པ་ཞིག་ཡར་འཕགས་ཤིང་། དེ་ལས་འཇའ་འོད་ཕྲ་མོ་ཞིག་ཀྱང་འཕྲོ་བཞིན་འདུག།

                                              2020.1.31

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་མ་མཚོ་མོ་དང་མོའི་ཨོ་རྒྱ།

2021-11-29 དུང་རུ་ཚེ་དབང་།(རི་བོ་ཆེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།