ས་རུབ་ཐེངས་རེ་རེར།

དོན་གྲུབ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-09

                 —སེམས་གཞས་སྒྱུ་འཕྲུལ་མ།

ས་རུབ་ཐེངས་རེ་རེར།
གྲིབ་མ་བཞིན་རྒྱང་རིང་ནས་འཇབ་ཀྱིན།
འཇབ་ཀྱིན་ཡོང་བའི་ལྷིང་འཇགས་ཀྱི།
སྐྲག་སྣང་བསམ་བཞིན།
ཉིན་རེ་རེའི་འདུ་འཛི་གང་མང་ཞིག་ལ།
འགྱོད་སེམས་སྐྱེས་མྱོང་ཨང༌།

ས་རུབ་ཐེངས་རེ་རེར།
ད་གཟོད་རང་ཉིད་ཀྱི་གྲིབ་མ་དྲན་ལ།
ས་རུབ་ཐེངས་རེ་རེར།
ད་གཟོད་འབོར་བཞིན་པའི་དྲང་བདེན་ཚོར།

ས་རུབ་ཐེངས་རེ་རེར།
རྒྱུན་ལྡན་གྱི་ཕར་ངོགས་ཤིག་ནས།
སུ་ཞིག་གིས་ནམ་རྒྱུན་ལག་བརྡ་གཏོང་ཞིང༌།
བག་ཆགས་ལྟ་བུའི་སྐད་ཆ་ཞིག་གིས།
ཁང་བརྩེགས་དང་རྫུ་བག་གི་གྲུ་རེ་རེར།
ཡུན་རིང་འཁྱམ་མྱོང་ཡོད་པའི་ཁྱོད་ཀྱི་བླ་སྲོག་འགུག

ས་རུབ་ཐེངས་རེ་རེར།
ཁྱོད་ཀྱི་རྒྱལ་པོ་ལྐོག་གྱུར་གྱིས་ཕེབས་ཤིང༌།
དགའ་སྐྱོ་ཆགས་སྡང་གི་ཕོ་བྲང་དབུས་ནས།
སིལ་སིལ་གྱི་ལྕགས་ཐག་རེ་རེ།
ཐེངས་དུ་ལ་འདབ་ཤོག་ལྟ་བུའི་སེམས་པ་ཞིག་གི་སྐེ་ལ་བསྐོན།
འདུ་བྲལ་ཐོབ་ཤོར་གྱི་གསེར་ཁྲིའི་སྟེང་ནས།
ཤུར་ཤུར་གྱི་ཕུ་སྒྲ་རེ་རེ།
ཐེངས་དུ་ལ་མར་མེ་འདྲ་བའི་སེམས་པ་ཞིག་གི་ཕྱོགས་ལ་བརྒྱབ།

ས་རུབ་ཐེངས་རེ་རེར།
ཨོ་ལོ་ཞིག་གི་ངུ་ངག་ཙམ་ལའང་མཆི་མ་གཏོར་བའི་སེམས་དེར་ཐེ་ཚོམ་སྐྱེས་ཤིང༌།
མཁའ་དབྱིངས་ཀྱི་སྐར་མ་དེ་ཚོ།
གླིང་དཀར་གྱི་དཔའ་རྟུལ་སུ་སུ་ཡིན་སྙམ།

ས་རུབ་ཐེངས་རེ་རེར།
གཉོམ་ཤ་བཙན་ཟས་ཀྱི་ཟློས་གར་སྣ་ཚོགས་ལས།
འཁྲུངས་བཞིན་པའི་མེ་ཏོག་གི་འཕུར་མདའ་དེའི།
མཛེས་སྡུག དྲོད་ཁོལ། ད་དུང་བར་ཐག་སོགས།
བསམ་བཞིན་བསམ་བཞིན།
ཉ་གང་བའི་ཟླ་བ་ཞིག་ད་དུང་ཁྱོད་སེམས་ཀྱི།
མཁའ་དབྱིངས་སུ་རྒྱུའམ་སྙམ།

ས་རུབ་ཐེངས་རེ་རེར། ལག་པ་ཆུང་ཆུང་ཞིག་གིས།
རྡོའི་གྲོང་ཁྱེར་ཞིག་ནས་ད་དུང་ཡང༌།
ཅི་ཞིག་བརྐོ་བཟོ་གནང་བཞིན་པའི་སང་སྒྲ།
གསལ་ལ་མི་གསལ་གྱིས་རྣ་བར་ལྷུང་བས།
བག་ཆགས་ལྟ་བུའི་སྐད་ཆ་དེ་འདི་ཉིད་ཡིན་ནམ་འདོད།

ས་རུབ་ཐེངས་རེ་རེར།
ཁྱོད་ཀྱིས་རྒྱང་རིང་གི་གྲོང་ཁྱེར་ཞིག་དྲན་ཞིང༌།
བསྐོར་ལམ་ཞིག་དང་དེ་ན་རྒྱུ་བཞིན་པའི་ཨ་མ་རྒན་མོ།
དེའི་འགྲམ་དུ་ཅི་ཞིག་འཚོལ་བཞིན་པའི་ཁྱི་གུ།
ཡོད་ཚད་རྨི་ལམ་བཞིན་རྒྱུས་ཡོད་ཀྱང་འདྲིས་མེད་པའི་སྐྲག་སྣང་ཙམ་ལ་
ཐེ་ཚོམ་སྐྱེས།

ས་རུབ་ཐེངས་རེ་རེར།
རྟོག་བཏགས་ཀྱི་ཕ་བོང་ཆེན་པོའི་སྟེང་དུ་བསྡད་དེ།
ནམ་མཁའི་མཚམས་སྤྲིན་འོག་ན་ཕྱི་མིག་ལྟ་བའི།
སེམས་ནད་ཅིག་བློ་འཇལ་བྱ་དུས།
ཁྱོད་ཀྱིས་འཁྱག་བཞིན་པའི་ཕ་བོང་དེའི་དྲོད་ཤ་བརྗེད།

ས་རུབ་ཐེངས་རེ་རེར།
དོན་དམ་དུ་བཤད་ན།
ཁྱོད་ཀྱིས་རང་ཉིད་ལ་གུ་ཡངས་ཐེངས་མང་བྱས་པས།
ད་ལྟ་བཟོད་གླགས་མེད་པར་གྱུར་ལ།
ནུབ་ཚར་བའི་ཉི་མ་ཞིག་གི་རྗེས་སུ།
གཡས་གཡོན་མདུན་རྒྱབ་ཀྱི་ལྷིང་འཇགས་ཁྲོད་ནས།
གྲིབ་མ་བཞིན་འཇབ་རྒོལ་ཐེངས་མང་བྱ་བའི་རྒྱལ་པོ་དང་ཕོ་ཉ་ཚོ་དྲན་དུས།
ས་རུབ་པའི་ཆོས་ཉིད་དེ་སྲ་ཞིང་མཁྲེགས་ལ།
ཆོས་ཉིད་དེའི་གཏིང་སར་དུས་ཚོད་ཀྱི་འགྱུར་རྡོ་ཡོད་པ་རྟོགས།

ས་རུབ་ཐེངས་རེ་རེར།
ཁྱོད་ཀྱིས་ཅི་ཞིག་ལས་བརྒལ་བར་བརྩམས་པའི་ཧུར་བརྩོན་དེ་དག་གི་རྒྱབ་ན།
ལོ་ཟླའི་སྟ་གྲི་དང་མི་ཁའི་འཇམ་རྡར་ཡོད་པས།
རྨི་ལམ་གྱི་ལོ་མར་སེར་ཐིག་ལྷུང་ཞིང༌།
བརྩེ་དུང་གི་ཟུར་ཁ་འཇམ་པོར་གྱུར་པའི་རང་ཉིད་མཐོང༌།

ས་རུབ་ཐེངས་རེ་རེར།
སྣ་ཚོགས་རྔམ་ཟིལ་གྱིས་འབབ་ཅིང༌།
ལུང་བསྟན་གྱི་གསེར་བུམ་བསྣམས་ནས།
ཁྱོད་ལ་ཆབ་ཁྲུས་གསོལ་རྗེས།
སྣ་ཚོགས་མཛེས་སྡུག་གིས་འཛུལ་ཞིང༌།
སྒམ་ཆུང་དུ་བཅུག་པའི་སྐྱོ་གར་གྱི་ས་བོན་ཡོད་ཚད།
མུག་སྐྱོབ་བཞིན་ཁྱོད་ལ་གནངས་ཤིང་འཕུར།

ས་རུབ་ཐེངས་རེ་རེར།
ཐག་རིང་གི་ཁྱི་སྐད་དེ་དག་ཅི་འདྲ་ཟབ་ཨང༌།
འདར་བཞིན་པའི་ལག་པ་ཆུང་ཆུང༌།
སྒོའམ་ཡོལ་བ་གང་རུང་ཞིག་ཕྱེ་རྩིས་ཀྱིས།
ཐ་སྙད་ཀྱི་མར་ཁུ་བཞུས་པའི་མཆོད་མེ་སྦར།
སྒོའམ་ཡོལ་བ་དེའི་ཕ་རོལ་ན།
མིའི་རིགས་ལས་རྒན་པའི་ལྗོན་པ་ཞིག་དང༌།
མཐོངས་ཡངས་པའི་མཁའ་དབྱིངས་ཤིག
སེམས་པ་ལས་ཟླུམ་ཞིང་སྒོར་བའི་ཟླ་བ་ཞིག
ད་དུང་སྔར་བཞིན་འཚེར་ཞིང་ཡོད་དམ།

ས་རུབ་ཐེངས་རེ་རེར།
འདར་བཞིན་པའི་ལག་པ་ཞིག་གིས།
རྣམ་ཤེས་ཚོགས་དུས་གསུམ་ནས་ཁྲིད་ཡོང་ཞིང༌།
གསོལ་སྟོན་རྒྱས་ཤོམ་ཞིག་གི་རྗེས་སུ།
སང་ཉིན་ཡང་བསྐྱར་འགྲོ་དགོས་པའི་ཉི་མར་སྒུག་ནས།
ཅི་ཞིག་འཇོག་རྩིས་དང་གང་ལ་བཞུད་རྩིས་ཀྱི་བློ་བཀོད་འཐེན།

ས་རུབ་ཐེངས་རེ་རེར།
དད་འདུན་གྱི་ཐང་ཆེན་དེ་ནས་སྨྱུག་གྲོགས་སུ་ལ་སྒུག་སྟེ་སྡོད།
རང་དབང་གི་མཚན་མོ་དེ་ནས་རྨི་ལམ་གང་འདྲ་རྨིས་ཏེ་སྡོད།
སྲིན་བྱ་ད་དུང་ཚང་མལ་དུ་ལོག་མེད་པས།
ཁ་བའི་སྐོར་གྱི་གསར་འགྱུར་མཇུག་རྫོགས་མེད་ལ།
ཡོལ་བ་དང་སྒོ་གླེགས་ཡོད་ཚད་ཕྱེ་མེད།
རླུང་ཁའི་དར་ལྕོག་ལྗང་ཁུ་སེམས་ཅན་གྱི་མཐོང་ནས་འཕྱོ་མེད་ལ།
ཁྱོད་ཀྱི་ལྷ་བྱའང་ད་དུང་བྲག་ན་ཡོད།

ས་རུབ་པའི་དབང་གིས། གཟུགས་མེད་ཀྱི་ཚོར་སྣང་འཁྱམ་པོ་ཚོ།
སྤྲང་པོ་ཁྱོད་ཚོ་བཞིན་ཕྱོགས་བཞི་ནས་ལྷན་དུ་འཛོམས་ཤིང༌།
གླུ་ལེན། བྲོ་འཁྲབ། སྒྲུང་བཤད།

ནམ་ཡང་རྫོགས་རྒྱུ་མེད་པའི།
བསྐྱར་ཟློས་ཀྱི་ས་རུབ་ཐེངས་རེ་རེ་ཡ།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་རུབ་ཐེངས་རེ་རེར།

2008-11-09 དོན་གྲུབ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།