གནམ་འོག་འདི་ནས།

འཇིག་རྟེན། སྐྱི་ལྤགས་ལས་མེད་པའི་ལུས་ཕུང༌།

ང་ཚོ། ཁྱེད་ཀྱི་ནང་རིམ་ནས།
མི་ལོ་སྟོང་ལ་ཁུ་སིམ་མེར་བསྡད།
གངས་ཆེན། བླ་མཁར། ཉི་ནུབ་ཀྱི་ཁྲག་དྲོན་དམར་པོ།
རྒོད་ཁྱུ་ཡི་ས་སྲོད་ཁྲོད་འབར་བའི་འོད་སྟོང་གི་གནམ་འོག
རྒྱལ་སྲས་ཀྱི་གནམ་འོག ཆུ་དང་མིའི་རིགས་ཀྱི་གནམ་འོག
རླབས་ཆེན་དང་རྨེག་མེད་ཁྲོད་སྐྱེས་པའི་ངའི་དཔལ་འབར་གྱི་ཁྱིམ་གཞིས།
ད་དུང༌། ཉི་མའི་དཀྱིལ་འཁོར་ནས་མེ་སྟག་ལྟར་འབབ་པའི་འདོད་བློ།
གནས་ཚང༌།
ཨ། ངའི་འཇིག་རྟེན་གྱི་བུ་དང་བུ་མོ།
ཆུ་དང་སྐྱེད་ཚལ་ཁྲོད་འཕགས་པའི་ཞི་བདེ་དང་ནགས་ཉེས་ཀྱི་དྲན་རྟེན།
འདི་དག་ནི། གནམ་འོག་གི་དཀར་ནག་ཁྲོད་བཞུར་བའི་མི་རབས་ཀྱི་བངསོ་རེད།

གནམ་འོག སྒེའུ་ཁུང་དང་གཉེན་ཉེ་ཇི་བཞིན།
ལང་ཚོ་དང་འོད་སྟོང་ཇི་བཞིན། ངའི་ཆེད་དུ་འབར་བྱུང༌།
ལྷ་ཆེན་གྱི་ཐུགས་ཁུར་དྲོན་མོ་ཡང་ངའི་ཆེད་དུ་བབས་བྱུང༌།
ཆུ་དང་འདབ་ཆགས་ཀྱི་བདེན་དོན་ཁྲོད་ཉལ་བའི་གནམ་འོག
ལོ་ལེགས་དང་ལྷ་རྔའི་ཤུལ་དུ་ཉིན་མོ་ལྟར་ཚ་བའི་གནམ་འོག

གནམ་འོག་འདི་ནས། ངས་མྱུ་གུ་དང་དཔལ་འབར་གྱི་ཆོ་ལོ་བཏེགས་ཏེ།
སློབ་དཔོན་དག་གི་ས་གཞི་ལ་ལང་ཚོའི་འཚོ་བཅུད་སྣོན་དུས།
ངའི་སྙན་ངག་དང་རྣམ་དཔྱོད་དེ་མི་ཡུལ་གྱི་དབུ་འཕང་ཡིན་པ་འདྲ།
གནམ་འོག་འདིའི་གླུ་སྐད་གྲང་མོའི་ཁྲོད།
ལམ་ཆེན་ལྟར་ཟབ་པའི་མཛེས་རིས་རྣམས་རྨི་ལམ་བཞིན་འཇགས།
ངའི་བུད་མེད་ཚོའི་རྨ་ཁའི་ནང༌། ང་བདེ་སྐྱིད་ངང་ཉལ།
ནགས་ཚལ་དང་བཀྲེས་སྐོམ་གྱི་སྟོབས་འབྱོར་ཁྲིད་ནས།
ངས་མཁར་ཤུལ་གྱི་རྔམ་འཇིགས་ནང༌། མི་ཡུལ་གྱི་གཏམ་རྒྱུད་སྒྲིག

གནམ་འོག ལྷ་དང་སྟོབས་ཤུགས་ཀྱི་གཞིས་ཀ
སྒྲོན་མེ་དང་གསེར་དངུལ་ལྟར་སྟོང་བའི་ཕུགས་བསམ།
ཚོན་རིས་བཞིན་རྒས་པའི་བཙན་རྫོང་དང་ཡམས་ནད།
བུད་མེད་ཀྱི་རྨ་ཁའི་ཁྲོད་བཞུར་བའི་ལོ་ཏོག་དྲོན་མོ།
ང་ནི། རི་བོ་འདིར་ཆེས་སད་སྔ་བའི་སྐར་ཚོམ་ཡིན།
ངས་འོད་སྟོང་གི་མིག་ཆུ་ལས་གཞོན་ནུ་མའི་འུ་ཐུག་ཚོར་དུས།
མིའི་རིགས་ཀྱི་ཆེས་མཇུག་མཐའི་བློ་བཀོད་དེ།
སྐྱོ་གདུང་བཞིན་ངའི་སྙན་ངག་གི་དཀྱིལ་དབུས་སུ་བབས་བྱུང༌།
ཉིན་མོ་བཞིན་རྡོ་དང་ནགས་ཚལ་གྱི་ལྐོག་གཡོའི་ཁྲོད་བབས་བྱུང༌།

གནམ་འོག གནམ་འོག མུན་འཐོམ་གྱི་དུས་ཚིགས།
ང་སྟོན་ལྗོངས་དང་རིང་ནས་གྱེས་པའི་བང་སོ་རུ་སྦས་རོགས།
ངས་ལྷ་ཁང་དང་རྫི་བོའི་རི་ངོས་ནས།
རྒོད་པོ་ཁྱུ་ཞིག་གི་མཚན་མོ་ལ་བསམ་བློ་བཅོལ་འདོད།

གནམ་འོག་ཡ། གནམ་འོག
དམངས་གླུ་དང་ལྷ་རྔའི་འོད་སྟོང་ཁྲོད་འོང་བའི།
འཇིག་རྟེན་གྱི་གསོལ་ཚིགས་མཐའ་མ།
རི་མོ་ལྟར་སྡུག་པའི་ཁ་དབུགས་ནང༌།
ང་ལ་མཇུག་མཐའི་ནགས་ཚལ་དང་འདོད་བློ་ཁམ་གང་བསྐྱུར་རོགས།
ངས་ཞབས་བྲོའི་དྲངས་གཙང་གི་དྲན་པ་ཁྱེར་ནས།
མིག་ཆུའི་གཡས་གཡོན་དུ་ཉིན་མོ་ཡི་ཟབ་ཚད་བརྗོད་དགོས།
གནམ་འོག་ལགས། ང་ལ་མཚན་མོ་ཡུག་གཅིག་གི་བརྗོད་བྱང་ཁྱེར་ཤོག
ངས་རང་ཉིད་སྦར་ནས་རྒོད་ཁྱུ་ཡི་གྲོང་ཚོ་ལ་ལྟ་འདོད།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་འོག་འདི་ནས།

2008-11-09 ཞི་བདེ་ཉི་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།