ཉི་མ་དང་ཟླ་བ།

སྐྱ་རེངས་ཀྱི་གོམ་འགྲོས་དང་བསྟུན་ཏེ།
གཡང་དཀར་གྱི་ལུག་ཁྱུ་དང་མཉམ་དུ།
ངས་རྩྭ་ཐང་གི་ཕང་བ་ལས།
གསེར་མདངས་ཀྱི་ཉི་མ་ཞིག་བླངས་ནས།
རུམ་དུ་བཅུག་སྟེ།
ཁྱེད་ཀྱི་ཕྱོགས་སུ་བསྐྱོད།


སྲོད་དུས་ཀྱི་མཚམས་སྤྲིན་དང་བསྡེབས་ཏེ།
ལྷས་མཐའ་ཡི་སྦྲ་གུར་གྱི་འགྲམ་དུ།
ཁྱེད་ཀྱིས་འོ་སྲུབ་འཕྲུལ་འཁོར་གྱི་ནང་ནས།
དངུལ་མདངས་ཀྱི་ཟླ་བ་ཞིག་བླངས་ཏེ།
སྙིམ་པར་བཅིངས་ཤིང༌།
ཁོ་བོའི་ཕྱོགས་སུ་བརྒྱུགས།

ཀླུང་ཐང་གི་ལམ་ཕྲན།
ལྷབ་ལྷུབ་ཏུ་གཡོ་བའི་དར་དཀར་ལ་འགྲན།
སྣེ་གཅིག་ཏུ་ཉི་མ།
སྣེ་གཅིག་ཏུ་ཟླ་བ།

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་དང་ཟླ་བ།

2008-11-05 ཉི་མ་བཟང་བོ། ཀློག་གྲངས། མཆན ཡོད།

སྐྱ་རེངས་ཀྱི་གོམ་འགྲོས་དང་བསྟུན་ཏེ།
གཡང་དཀར་གྱི་ལུག་ཁྱུ་དང་མཉམ་དུ།
ངས་རྩྭ་ཐང་གི་ཕང་བ་ལས།
གསེར་མདངས་ཀྱི་ཉི་མ་ཞིག་བླངས་ནས།
རུམ་དུ་བཅུག་སྟེ།
ཁྱེད་ཀྱི་ཕྱོགས་སུ་བསྐྱོད།


སྲོད་དུས་ཀྱི་མཚམས་སྤྲིན་དང་བསྡེབས་ཏེ།
ལྷས་མཐའ་ཡི་སྦྲ་གུར་གྱི་འགྲམ་དུ།
ཁྱེད་ཀྱིས་འོ་སྲུབ་འཕྲུལ་འཁོར་གྱི་ནང་ནས།
དངུལ་མདངས་ཀྱི་ཟླ་བ་ཞིག་བླངས་ཏེ།
སྙིམ་པར་བཅིངས་ཤིང༌།
ཁོ་བོའི་ཕྱོགས་སུ་བརྒྱུགས།

ཀླུང་ཐང་གི་ལམ་ཕྲན།
ལྷབ་ལྷུབ་ཏུ་གཡོ་བའི་དར་དཀར་ལ་འགྲན།
སྣེ་གཅིག་ཏུ་ཉི་མ།
སྣེ་གཅིག་ཏུ་ཟླ་བ།

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།