རྨི་ལམ།

ཨོ་རྒྱན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-05

                                —བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བཞི་བཅུ་འཁོར་བའི་སྐྱེས་སུ་ཕུལ།

ཁྱོད་ཀྱིས།
འབུད་མི་ཐུབ་པའི་སྤྲིན་ནག་ཆེན་པོ་ཞིག་མལ་ཆས་སུ་གྱོན།
ཁྱོད་ཀྱིས།
བལྟ་མི་ནུས་པའི་ལྷ་སྒྲུང་རིང་བོ་ཞིག་སྔས་སུ་བྱས།
སྐྱུར་སིལ་སིལ་གྱི་སེམས་པ་དེ—
སྐྱུར་སིལ་སིལ་གྱི་སེམས་པ་དེ་གྲང་ཅང་ཅང་གི་ཁོག་ཏུ་བཅུག་སྟེ།
གདོད་མའི་གདན་སྟེང་དུ་འགྲེ་ལོག་ཡང་ཡང་བརྒྱབ།

རྨི་ལམ་ལས་འདས་པའི་རྨི་ལམ་གྱི་ཡུལ་འདི་ན།
རི་བོ་ཐམས་སཅད་བུ་ཡུག་གིས་བཏུམས་ཤིང༌།
ཆུ་མོ་ཐམས་ཅད་ཁ་བ་ཡིས་བསྣུབས་ཏེ།
ཀེང་རུས་ཀྱི་ལུས་ཕུང་དེ་གྲང་ངར་གྱིས་གདུངས།
སྟོང་ཉིད་ཀྱི་སེམས་པ་དེ་ལྷགས་པ་ཡིས་ཁྱེར།
རྫོགས་མཐའ་མེད་པའི་སྲིན་བྱའི་སྐད་སྒྲས།
རི་ཀླུང་ལ་དབང་བསྒྱུར་པས།
མཚམས་ཚིགས་མེད་པའི་སྙིང་ཁ་དེས་རྡིག་སྒྲ་དང་འབྲེལ་ཏེ།
དམིགས་པ་མེད་པའི་རྣམ་ཤེས་དེས་རླུང་བུ་དང་འགྲོགས་ཏེ།
རྨི་ལམ་ལས་འདས་པའི་རྨི་ལམ་གྱི་ཡུལ་དུ།
གཏམ་རྒྱུད་ནང་གི་དཔྱིད་དཔལ་དེ་འཚོལ་བར་སོང༌།
དཔྱིད་དཔལ་དེ་འཚོལ་བར་སོང༌།

ཀྱེ་མ།
ས་གཞི་ཧྲིལ་བོ་འཁྱགས་རོམ་གྱིས་བཅོམ།
མཁའ་དབྱིངས་ཚང་མ་རླུང་དམར་གྱིས་བཀང༌།
ཡོད་ཚད་མྱ་ངམ་གྱི་ཐང་ལྟར་སྐྱོ་བས།
བྲག་རྟོ་སྐམ་པོ་ཡང་མིག་ཆུ་ཤོར།
ཀྱི་ཧུད།
རྩྭ་ཐང་ཧྲིལ་བོ་གཅན་གཟན་གྱིས་ཁེངས།
ཞིང་ཐང་ཚང་མ་བྱ་རོག་གིས་བཟུང༌།
ཡོད་ཚད་མཐའ་འཁོབ་ཀྱི་དུར་ས་དང་འདྲ་བས།
རྩྭ་ཆུང་སེམས་མེད་ཀྱང་སྐྱོ་སྣང་སྐྱེས་ཤིང༌།
ཡུན་རིང་བཙལ་བའི་དཔྱིད་དཔལ་དེ—
ཡུན་རིང་བཙལ་བའི་དཔྱིད་དཔལ་དེ་རྒྱང་རིང་ནས་རྒྱང་རིང་དུ་ལུས་ཏེ།
ཁྱོད་ལ་དབང་བའི་སྐལ་བ་ནམ་ཡང་བྲལ།

ཡིན་ནའང༌།
ཁྱོད་ཀྱི་རེ་བའི་མེ་ཕུང་དེ་ཅིས་ཀྱང་མ་ཞི་ཞིང༌།
བསིལ་བུ་རླུང་གིས་ཁྱེར་འོངས་པའི་ཐག་རིང་གི་གོམ་སྒྲ་ཞིག
གངས་རི་དང་རྩྭ་ཐང་བརྒལ་ནས་ཁྱོད་ཀྱི་རྣ་ལམ་དུ་གྲགས་སྐབས།
ཁྱོད་ཀྱི་ཡིད་ཁམས་ཀྱི་ཞིང་ས་རུ།
ལྗང་མདོག་གི་རེ་བའི་མྱུ་གུ་གཞན་ཞིག་གསར་དུ་རྒྱས།
ཁྱོད་ཀྱིས།
བལྟར་མི་བཟོད་པའི་དུག་ཚལ་ཁྲ་བོ་ཞིག་ལུས་ལ་དཀྲིས།
ཁྱོད་ཀྱིས།
དོར་མི་ཐུབ་པའི་འཁར་བ་རིང་བོ་ཞིག་ལག་ཏུ་བཟུང༌།
རྡུལ་འཚུབ་འཚུབ་ཀྱི་ལུས་པོ་དེས་འདར་ལིང་ལིང་གི་གོམ་འགྲོས་ལ་བརྟེན་ནས།
གནའ་རབས་ཀྱི་རྐང་ལམ་ཕྲ་མོའི་ཐོག་ཏུ་འགྲོ་འོང་བྱེད།

འཇིག་རྟེན་ལས་བྲལ་བའི་འཇིག་རྟེན་གྱི་ཁུག་ཀྱོག་འདི་ན།
ཟང་ཟིང་མང་བོ་གདོན་འདྲེའི་སྐྲ་ཚོགས་ལྟར་གཟེངས་ཤིང༌།
གདུག་རྩུབ་མང་བོ་སྟག་གཟིག་གི་ཁ་ལྟར་གདངས་ཏེ།
སྙིང་ཚ་བོའི་འཕར་ཁ་རྡོ་འོག་ཏུ་མནན།
ཁྲག་དམར་པོའི་འཁོར་སྐྱོད་ས་སྟེང་དུ་རྒྱུ།
རྫོགས་རྒྱུ་མེད་པའི་རྟ་ལྕག་གི་སྐད་སྒྲས།
ཡུལ་ལུང་ལ་བྲག་ཅ་འཁོར་བས།
དབུགས་རྒྱུན་གྱིས་སྐྱོར་བའི་ལུས་ཕུང་དེས་འཁར་བ་དང་འགྲོགས་ཏེ།
རེ་བ་ཡིས་བསྐུལ་བའི་རྣམ་ཤེས་དེས་ཐང་དཀར་དང་བསྡེབས་ཏེ།
འཇིག་རྟེན་ལས་བྲལ་བའི་འཇིག་རྟེན་གྱི་ཁུག་ཀྱོག་ཏུ།
རྨི་ལམ་ནང་གི་འཛུམ་མདངས་དེ་འཚོལ་བར་སོང༌།
འཛུམ་མདངས་དེ་འཚོལ་བར་སོང༌།

ཀྱེ་མ།
ས་གཞི་ཧྲིལ་བོ་མུན་ནག་གིས་ཁྱབ།
མཁའ་དབྱིངས་ཚང་མ་སྤྲིན་ནག་གིས་བསྒྲིབས།
ཡོད་ཚད་བྱི་བའི་ཁུང་བུ་ལྟར་ནག་པས།
ཞུམ་བུས་ཀྱང་ཁྱོད་ལ་མཆེ་བ་གཙིགས།
ཀྱི་ཧུད།
རི་ཀླུང་ཚང་མ་སྨྲེ་སྔགས་ཀྱིས་ཁེངས།
གྲོང་ཚོ་ཚང་མ་མིག་ཆུ་ཡིས་བསྣུབས།
ཡོད་ཚད་དམྱལ་ཁམས་ཀྱི་འཕྲང་ལམ་དང་འདྲ་བས།
བོང་བུས་ཀྱང་ཁྱོད་ལ་ཁ་རྡུང་གཏོང་ཞིང༌།
ཡུན་རིང་བཙལ་བའི་འཛུམ་མདངས་དེ—
ཡུན་རིང་བཙལ་བའི་འཛུམ་མདངས་དེ་རྒྱང་རིང་ནས་རྒྱང་རིང་དུ་ལུས་ཏེ།
ཁྱོད་ལ་དབང་བའི་སྐལ་བ་ནམ་ཡང་བྲལ།
ཡིན་ནའང༌། ཁྱོད་ཀྱི་རེ་བའི་ཆུ་ཀླུང་དེ་ཅིས་ཀྱང་མ་བསྐམས་ཤིང༌།
མཚམས་སྤྲིན་དམར་བོ་དང་སྡེབ་པའི་ཤར་ཕྱོགས་ཀྱི་འོད་ཟེར་དེ།
ཡུལ་ལུང་དང་ཡུལ་ལུང་བརྒལ་ནས་ཁྱོད་ཀྱི་མདུན་ངོས་སུ་འཕྲོ་སྐབས།
ཁྱོད་ཀྱིས།
ཐེ་ཚོམ་ཅི་ཡང་མེད་པར་འོད་ཟེར་དེར་དམ་པོར་འཐམས་ཤིང༌།
དེ་ནས་བཟུང༌། ཁྱོད་ཀྱི་ངོ་གདོང་ནས—
ནམ་ཡང་ནུབ་པ་མེད་པའི་འཛུམ་མདངས་ཤིག་ཕྱུང༌།
དེ་ནས་བཟུང༌། ཁྱོད་ཀྱི་ཡིད་ཁམས་སུ—
ནམ་ཡང་རྫོགས་མཐའ་མེད་པའི་དྲོ་སྐྱིད་ཀྱི་རླུང་བུ་ཞིག་ལྡང༌།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ།

2008-11-05 ཨོ་རྒྱན་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།