རྒོད་པོ་དང་ནམ་མཁའ།
—གྲོགས་པོ་སྙན་ངག་སྨྲ་བ་ཞིག་ལ་ཕུལ་བ།
དུས་རླུང་བསེར་བུ་ལྡང་ཙ་ན།
ཁུར་མང་བགྲེས་པོ་ཞིག་ཀྱང་མཁའ་ལ་ལྡིང་སོང༌།
རྒོད་པོ་བྲག་གོག་ལ་གཏན་དུ།
སྡོད་ཚུགས་སམ།
ནམ་མཁའ་འདི་མེས་པོ་བགྲོད་པའི་བཤུལ་ལམ།
གཤོག་ཟུང་འདི་མེས་པོས་གནང་བའི་ཁྱད་ནོར།
ཞུམ་པ་ཅི།
ནམ་ཞིག་གཤོག་རྩལ་བྲི་ཡི་ནམ་མཁའ་ཟད་པར་མི་འགྱུར་བ་བདེན།
དེ་ལྟ་ནའང༌།
གཤོག་རྩལ་མ་བྲི་ཕྱིར་ལ་ལྡོག་ན།
རྒོད་པོ་སྤོབས་པ་ཞུམ།
གཤོག་རྩལ་བྲི་ཚེ་ཕྱིར་ལ་ལྡོག་ཀྱང༌།
ལྡོག་པའི་ལམ་དུ་འཆི།
ཨ་ཧོ།
དུར་ས་མཁའ་ལ་འདེབས་པ།
གཉའ་ཁྲི་བཙན་པོའི་སྲོལ།
རྩོམ་ཁུངས།