ཆེས་ཐོག་མའི་དབྱངས་རྟ།

                               ༡
གླུ་ཞིག་ལེན་རྩིས་ཀྱི་འདུ་ཤེས་བསླངས་པ་ཙམ་ན།
ཆེས་ཐོག་མའི་དབྱངས་རྟ་དེ།
དྲན་པ་དང་རི་ཚོགས་རྒྱང་དུ་བྱེར་བའི་ཀློང་ནས།
རྫི་གླིང་གི་འགྱུར་ཁུགས་དང་སྡེབ་ཀྱིན་ཕེབས་འོངས།
ངག་རྒྱུན་ལ།
རི་བོ་སྟོབས་ཀྱིས་འགྲོ་ནུས་ཤིང༌།
ཆུ་བོས་གླུ་དབྱངས་ལེན་མི་ཤེས་པའི་དུས་དེར།
ཐོག་མ་ཐོག་མའི་དབྱངས་རྟ་ཞིག་གིས།
བརྟན་དང་གཡོ་བ་ཡོངས་སུ་བསྡམས།
ངག་རྒྱུན་ལ།
ཁྲག་ཤེད་ཀྱིས་རྒྱགས་པའི་ལྕུག་ཕྲན་མཉེན་པོ་དེས།
རིགས་དྲུག་གི་སྐྱེ་སྒོར་འདེགས་འཇོག་ཡང་ཡང་བསྒྱུར་པས།
ཚེ་སྲོག་གི་འགྱུར་ཁུགས་དང་པོ་དེ།
བུ་ག་ལས་སྨིན།
གང་ལྟར།
དང་པོའི་སྙན་ངག་གི་ཆབ་རོམ་འདི་ནས་ཞུ།
དང་པོའི་འཕར་རྩ་ཡི་ཁྲག་རྒྱུན་འདི་ནས་ལྡང༌།
དང་པོའི་འཁྲུལ་སྣང་དང་འཛུམ་བག་འདི་ནས་བསྐྱེད།
དང་པོའི་ཉེས་དམིགས་དང་བདེན་པའང་འདི་ནས་རྙེད།
འདི་ཉིད་ཁོ་ནས་གནམ་ཕུགས་ཀློང་བཏེགས་པས།
རླུང་རྟ་དང་རྣམ་རྟོག་ཐོགས་མེད་དུ་རྒྱུ་ཞིང༌།
འདི་ཉིད་ཁོ་ནས་བྱང་ཁོག་རྒྱ་བསྐྱེད་པས།
འཁུ་འཕྲིག་དང་སྤྲིན་པ་བར་མེད་དུ་དཀྲིགས།
འདི་ཉིད་ཁོ་ནས།
ཟླ་བའི་གོ་ལ་དེ་གཏམ་རྒྱུད་ཀྱིས་བཟླུམས་ཤིང༌།
གདོང་འཛུམ་དང་ཁ་བཏགས་དཀར་པོ་དེ།
ཆང་ཕོར་གྱི་ཁ་རུ་ལྷོད་ཀྱིས་བབས།
      ༢
ངས་གདོད་མའི་རི་རྒྱུད་མུ་འབྲེལ་དུ་ཉལ་བ་ལ་བལྟས་ཏེ།
མུན་པ་ལྟ་བུའི་དབེན་འཇགས་ཤིག་ལ་ཉན་ཞིང་བསྡད།
ངས་ཉེ་དུ་དང་མཛའ་མོ།
རྣམ་འགྱུར་གྱིས་ཉར་ཞིང༌།
ངས་ཁུ་བྱུག་གིས་ཡུལ་སྐད་སྨྲ་བ་དང༌།
ཆུ་ཕྲན་གྱིས་སྙན་ངག་གྱེར་བ།
མིག་ཞགས་ཀྱིས་འཚོས་པས།
རྣམ་རྟོག་ལ་གཤོག་པ་ཡེ་ནས་མ་ཐོགས།
ངས་ཆུ་ནང་དུ་ལྷུང་བའི་ཚེས་རིས་ཆུང་ཆུང་དང༌།
སེམས་པ་གཏིང་སར་ཤར་བའི་འཇའ་ཚོན་ཕྲ་མོ་དེར།
ལག་སྙོབ་ཁོ་ན་བྱས་པས།
བརྡ་འཕྲོད་ཐབས་གཏན་ནས་མ་བྱུང༌།
ངས……ངའི་སྐྲ་རྩ་ལ།
སྐྱུར་དྲི་ལྡང་ཞིང༌།
འགྲམ་ངོས་སུ་བྲག་རྩི་ཆགས་སོང༌།
ཁྱོད་ལ་རེ་སྒུག་གིས།
ནམ་མཁའ་དང་ས་གཞིའི་སྦྲེལ་མཚམས་སུ།
ཧད་བལྟས་ཡུན་རིང་བྱས།
གསུང་མི་འབྱོན་པའི་སྲིབ་རི་ནག་པོ་དེའི་མདུན་སྔར།
མཆིལ་མ་ཁྲོག་གེར་མིད་བཞིན།
རྟག་ཏུ་གཅིག་པུར་ཡང་བསྡད།
བྱང་རླུང་གིས་བདས་པའི།
བྱ་ཚོགས་དང་ཁ་བ་ཡི་ཁྲོད་ནས།
ངས་ངུ་ངག་གིས་ཁྱོད་ལ་རྒྱང་འབོད་བྱས་མྱོང༌།
               ༣
ཆེས་ཐོག་མའི་དབྱངས་རྟ་ཁྱེད་རང༌།
ལོ་ཉི་ཤུའི་ལང་ཚོ་སྲབ་ས་ནས་ཕེབས་འོངས།
ཆེས་ཐོག་མའི་དབྱངས་རྟ་ཁྱེད་རང༌།
སོ་སུམ་ཅུའི་གྲལ་གདང་འགྲིགས་ས་ནས་ཕེབས་འོངས།
ཆེས་ཐོག་མའི་དབྱངས་རྟ་ཁྱེད་རང༌།
ན་ཚོད་ཆེས་ཕྲ་ལ་བག་ཆགས་ཆེས་མཐུག་པའི།
ལོ་ཟླ་དེ་ནས་ཕེབས་འོངས།
ཁྱོད་ལ་བརྟེན་ནས།
ངས་གནག་ཕྱུགས་དང་སྒོ་ཁྱི་ཡི།
བརྡ་སྤྲོད་རིག་པ་བསླབས་ཤིང༌།
ལེགས་སྦྱར་དང་ཡུལ་མི་རང་བཞིན་པའི།
རྣམ་དབྱེ་ཚིག་ཕྲད་རྟོགས།
ཁྱོད་ལ་བརྟེན་ནས།
ངས་འདེགས་འཇོག་དང་པོ།
རི་རབ་ཀྱི་སྒང་གཤོང་ལ་བཏོད་ཅིང༌།
འགྱུར་ཁུགས་དང་པོ།
གཞོན་ནུ་མའི་ཟུར་མིག་ལས་ཕྱུངས།
ངས་ཕོ་ཚོད་ཁོ་ནས།
ཚངས་པའི་བུ་མོའི་ལག་པ་བཟུང་ཞིང༌།
གངས་སེང་དང་སྡིག་སྲིན་གྱི་གསང་བ་བཙལ།
……
དེ་ནས་བཟུང་ངས།
ཉི་ཟླ་ལ་སྐྱབས་འཇུག་ཞུས་མ་མྱོང་ཞིང༌།
བསླུ་བྲིད་ལ་འཁང་ར་བྱས་མ་མྱོང་བར།
སྐར་ཚོམ་གྱི་འོད་སྣང་ཚིགས་སུ་བཅད་ཅིང༌།
གཡག་རོག་གི་གཏམ་རྒྱུད་གླུ་རུ་བླངས།
དེ་ནས་བཟུང་ང་རང༌།
ཆེས་ཐོག་མའི་དབྱངས་རྟ་དེ་ལ་འཇུས་ཏེ།
བར་སྣང་ལ་གཡེང་གིན་དང༌།
ས་ངོས་ལ་འདྲུད་ཀྱིན།
རང་སེམས་དཔང་པོ་བྱས་ཏེ།
ནམ་ཡང་གཅིག་པུར་ཕྱིན།
དེ་ནས་བཟུང་ངས།
མྱ་ངན་ལ་ཚིག་མ་ཤོར།
ཡི་ཆད་ལ་ལན་མ་བྱིན།
ཕྱིར་བཤོལ་དང་ལྐོག་ལབ་ཡེ་ནས་བྱས་མ་མྱོང༌།
བཙན་ཤེད་ལ་སྦར་ཁ་ཐེངས་མང་འཐབ་ཅིང༌།
བརྙས་སྨོད་ཀྱི་ཁྱམས་འོག་ནས་ཡང་ཡང་ཤོར།
དེ་ནས་བཟུང་ང་རང༌།
པགས་པའི་ལྟེབ་གཉེར་ལས་གཉིད་ལས་སད་དེ།
འཁར་བའི་རྩེ་མོ་ཡིས་རྐང་བྲོ་བརྡུངས།
“ཁ་བ་ནག་པོའི་མདངས་ཀྱིས་འབབ།།
སྦྲུལ་གྱི་སྐྲ་ལོ་སྐྱེ་ཡང་སྲིད།།”
ཐོག་མའི་དབྱངས་རྟ་དེ་ཉིད་མ་འགགས་བར།
བདག་གི་སེམས་ཀྱི་འགྱུར་ཁུགས་དེ་ཡང༌།
ནམ་ཡང་ཁེགས་མི་སྲིད།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་ཐོག་མའི་དབྱངས་རྟ།

2008-11-27 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

                               ༡
གླུ་ཞིག་ལེན་རྩིས་ཀྱི་འདུ་ཤེས་བསླངས་པ་ཙམ་ན།
ཆེས་ཐོག་མའི་དབྱངས་རྟ་དེ།
དྲན་པ་དང་རི་ཚོགས་རྒྱང་དུ་བྱེར་བའི་ཀློང་ནས།
རྫི་གླིང་གི་འགྱུར་ཁུགས་དང་སྡེབ་ཀྱིན་ཕེབས་འོངས།
ངག་རྒྱུན་ལ།
རི་བོ་སྟོབས་ཀྱིས་འགྲོ་ནུས་ཤིང༌།
ཆུ་བོས་གླུ་དབྱངས་ལེན་མི་ཤེས་པའི་དུས་དེར།
ཐོག་མ་ཐོག་མའི་དབྱངས་རྟ་ཞིག་གིས།
བརྟན་དང་གཡོ་བ་ཡོངས་སུ་བསྡམས།
ངག་རྒྱུན་ལ།
ཁྲག་ཤེད་ཀྱིས་རྒྱགས་པའི་ལྕུག་ཕྲན་མཉེན་པོ་དེས།
རིགས་དྲུག་གི་སྐྱེ་སྒོར་འདེགས་འཇོག་ཡང་ཡང་བསྒྱུར་པས།
ཚེ་སྲོག་གི་འགྱུར་ཁུགས་དང་པོ་དེ།
བུ་ག་ལས་སྨིན།
གང་ལྟར།
དང་པོའི་སྙན་ངག་གི་ཆབ་རོམ་འདི་ནས་ཞུ།
དང་པོའི་འཕར་རྩ་ཡི་ཁྲག་རྒྱུན་འདི་ནས་ལྡང༌།
དང་པོའི་འཁྲུལ་སྣང་དང་འཛུམ་བག་འདི་ནས་བསྐྱེད།
དང་པོའི་ཉེས་དམིགས་དང་བདེན་པའང་འདི་ནས་རྙེད།
འདི་ཉིད་ཁོ་ནས་གནམ་ཕུགས་ཀློང་བཏེགས་པས།
རླུང་རྟ་དང་རྣམ་རྟོག་ཐོགས་མེད་དུ་རྒྱུ་ཞིང༌།
འདི་ཉིད་ཁོ་ནས་བྱང་ཁོག་རྒྱ་བསྐྱེད་པས།
འཁུ་འཕྲིག་དང་སྤྲིན་པ་བར་མེད་དུ་དཀྲིགས།
འདི་ཉིད་ཁོ་ནས།
ཟླ་བའི་གོ་ལ་དེ་གཏམ་རྒྱུད་ཀྱིས་བཟླུམས་ཤིང༌།
གདོང་འཛུམ་དང་ཁ་བཏགས་དཀར་པོ་དེ།
ཆང་ཕོར་གྱི་ཁ་རུ་ལྷོད་ཀྱིས་བབས།
      ༢
ངས་གདོད་མའི་རི་རྒྱུད་མུ་འབྲེལ་དུ་ཉལ་བ་ལ་བལྟས་ཏེ།
མུན་པ་ལྟ་བུའི་དབེན་འཇགས་ཤིག་ལ་ཉན་ཞིང་བསྡད།
ངས་ཉེ་དུ་དང་མཛའ་མོ།
རྣམ་འགྱུར་གྱིས་ཉར་ཞིང༌།
ངས་ཁུ་བྱུག་གིས་ཡུལ་སྐད་སྨྲ་བ་དང༌།
ཆུ་ཕྲན་གྱིས་སྙན་ངག་གྱེར་བ།
མིག་ཞགས་ཀྱིས་འཚོས་པས།
རྣམ་རྟོག་ལ་གཤོག་པ་ཡེ་ནས་མ་ཐོགས།
ངས་ཆུ་ནང་དུ་ལྷུང་བའི་ཚེས་རིས་ཆུང་ཆུང་དང༌།
སེམས་པ་གཏིང་སར་ཤར་བའི་འཇའ་ཚོན་ཕྲ་མོ་དེར།
ལག་སྙོབ་ཁོ་ན་བྱས་པས།
བརྡ་འཕྲོད་ཐབས་གཏན་ནས་མ་བྱུང༌།
ངས……ངའི་སྐྲ་རྩ་ལ།
སྐྱུར་དྲི་ལྡང་ཞིང༌།
འགྲམ་ངོས་སུ་བྲག་རྩི་ཆགས་སོང༌།
ཁྱོད་ལ་རེ་སྒུག་གིས།
ནམ་མཁའ་དང་ས་གཞིའི་སྦྲེལ་མཚམས་སུ།
ཧད་བལྟས་ཡུན་རིང་བྱས།
གསུང་མི་འབྱོན་པའི་སྲིབ་རི་ནག་པོ་དེའི་མདུན་སྔར།
མཆིལ་མ་ཁྲོག་གེར་མིད་བཞིན།
རྟག་ཏུ་གཅིག་པུར་ཡང་བསྡད།
བྱང་རླུང་གིས་བདས་པའི།
བྱ་ཚོགས་དང་ཁ་བ་ཡི་ཁྲོད་ནས།
ངས་ངུ་ངག་གིས་ཁྱོད་ལ་རྒྱང་འབོད་བྱས་མྱོང༌།
               ༣
ཆེས་ཐོག་མའི་དབྱངས་རྟ་ཁྱེད་རང༌།
ལོ་ཉི་ཤུའི་ལང་ཚོ་སྲབ་ས་ནས་ཕེབས་འོངས།
ཆེས་ཐོག་མའི་དབྱངས་རྟ་ཁྱེད་རང༌།
སོ་སུམ་ཅུའི་གྲལ་གདང་འགྲིགས་ས་ནས་ཕེབས་འོངས།
ཆེས་ཐོག་མའི་དབྱངས་རྟ་ཁྱེད་རང༌།
ན་ཚོད་ཆེས་ཕྲ་ལ་བག་ཆགས་ཆེས་མཐུག་པའི།
ལོ་ཟླ་དེ་ནས་ཕེབས་འོངས།
ཁྱོད་ལ་བརྟེན་ནས།
ངས་གནག་ཕྱུགས་དང་སྒོ་ཁྱི་ཡི།
བརྡ་སྤྲོད་རིག་པ་བསླབས་ཤིང༌།
ལེགས་སྦྱར་དང་ཡུལ་མི་རང་བཞིན་པའི།
རྣམ་དབྱེ་ཚིག་ཕྲད་རྟོགས།
ཁྱོད་ལ་བརྟེན་ནས།
ངས་འདེགས་འཇོག་དང་པོ།
རི་རབ་ཀྱི་སྒང་གཤོང་ལ་བཏོད་ཅིང༌།
འགྱུར་ཁུགས་དང་པོ།
གཞོན་ནུ་མའི་ཟུར་མིག་ལས་ཕྱུངས།
ངས་ཕོ་ཚོད་ཁོ་ནས།
ཚངས་པའི་བུ་མོའི་ལག་པ་བཟུང་ཞིང༌།
གངས་སེང་དང་སྡིག་སྲིན་གྱི་གསང་བ་བཙལ།
……
དེ་ནས་བཟུང་ངས།
ཉི་ཟླ་ལ་སྐྱབས་འཇུག་ཞུས་མ་མྱོང་ཞིང༌།
བསླུ་བྲིད་ལ་འཁང་ར་བྱས་མ་མྱོང་བར།
སྐར་ཚོམ་གྱི་འོད་སྣང་ཚིགས་སུ་བཅད་ཅིང༌།
གཡག་རོག་གི་གཏམ་རྒྱུད་གླུ་རུ་བླངས།
དེ་ནས་བཟུང་ང་རང༌།
ཆེས་ཐོག་མའི་དབྱངས་རྟ་དེ་ལ་འཇུས་ཏེ།
བར་སྣང་ལ་གཡེང་གིན་དང༌།
ས་ངོས་ལ་འདྲུད་ཀྱིན།
རང་སེམས་དཔང་པོ་བྱས་ཏེ།
ནམ་ཡང་གཅིག་པུར་ཕྱིན།
དེ་ནས་བཟུང་ངས།
མྱ་ངན་ལ་ཚིག་མ་ཤོར།
ཡི་ཆད་ལ་ལན་མ་བྱིན།
ཕྱིར་བཤོལ་དང་ལྐོག་ལབ་ཡེ་ནས་བྱས་མ་མྱོང༌།
བཙན་ཤེད་ལ་སྦར་ཁ་ཐེངས་མང་འཐབ་ཅིང༌།
བརྙས་སྨོད་ཀྱི་ཁྱམས་འོག་ནས་ཡང་ཡང་ཤོར།
དེ་ནས་བཟུང་ང་རང༌།
པགས་པའི་ལྟེབ་གཉེར་ལས་གཉིད་ལས་སད་དེ།
འཁར་བའི་རྩེ་མོ་ཡིས་རྐང་བྲོ་བརྡུངས།
“ཁ་བ་ནག་པོའི་མདངས་ཀྱིས་འབབ།།
སྦྲུལ་གྱི་སྐྲ་ལོ་སྐྱེ་ཡང་སྲིད།།”
ཐོག་མའི་དབྱངས་རྟ་དེ་ཉིད་མ་འགགས་བར།
བདག་གི་སེམས་ཀྱི་འགྱུར་ཁུགས་དེ་ཡང༌།
ནམ་ཡང་ཁེགས་མི་སྲིད།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།