ང་དང་མེས་པོའི་སེམས་བསྐྱེད།

ཟང་ཟིང་གི་འདི་སྣང༌།
དཀའ་ཁག་གི་མི་ཚེ།
ངལ་དུབ་ཀྱི་འགྲོ་བ།
ཀྱེ་མ།
སྐྱོ་ལྷང་ལྷང་གི་འཇིག་རྟེན་འདི་ན།
ད་དུང༌།ངའི་ཅི་ཞིག་ལུས་ཡོད།
ང་ད་དུང་ཡང༌།
སྐར་ཆ་རེ་རེར་རེ་སྒུག་གིས་འཚོ་ཞིང༌།
སྐྱེ་བ་རེ་རེར་ཧུར་བརྩོན་གྱིས་བསྐྱལ་ནས།
ནམ་ཟླ་སྐར་མ་ཙམ་གྱི་དུས་སུའང༌།
ངས་སྔར་བཞིན།
སེམས་ཅན་གྱི་ལུས་ཁམས་སུ་འགྲེ་ལྡོག་ཡང་ཡང་རྒྱག་ཅིང༌།
ཟུང་འཇུག་མར་མེ་ཙམ་གྱི་དུས་ནའང༌།
ངས་སྔརབཞིན།
འགྲོ་དྲུག་གི་རྒྱལ་ཁམས་སུ་འོ་དོད་ལྷང་ལྷང་འབོད་དགོས་སམ།
ཨུ་ཧུ།    སྤྱན་རས་གཟིགས།
འགྲོ་བའི་ཁམས་ནས།
ངས་མ་མྱངས་བའི་ཚ་གྲངམེད་ལ།
སྣང་བའི་ཡུལ་ནས།
ངས་མ་བརྒྱུད་པའི་གཏམ་རྒྱུད་མེད།

ཨུ་ཧུ།    སྤྱན་རས་གཟིགས།
ད་ལྟ་ངའི་ལུས་སེམས་རྨ་ཁས་ཁྱབ་ཅིང༌།
ད་ལྟ་ངའི་བླ་སྲོག་ན་ཟུག་གིས་བཟུང་ཚར་བས།
ངའི་འཇིག་རྟེན་ན།
ཁྱོད་ཉིད་ཐེག་པའི་རི་བོ་མེད་ཅིང༌།
ངའི་ཕ་ཡུལ་ན།
ཁྱོད་ཉིད་བཀྲུ་སའི་གཙང་ཆུ་དཀོན་ཕྱིར།
ང༌།  ཕྱིར་འོང་འདོད།
ཨུ་ཧུ།    སྤྱན་རས་གཟིགས།
ང་དངོས་གནས་ཕྱིར་འོང་འདོད།
ས་འདི་ན་ངའི་ཅི་ཡང་མི་འདུག
ང༌།   གཙང་དག་ཡང་དག་གི
ཕྱི་གསལ་ནང་གསལ་གྱི།
འུ་གཉིས་ཁོ་ནར་དབང་བའི་ཕ་ཡུལ་དུ་ཕྱིར་འོང་འདོད།
ཕ་མ།  བཟའ་ཚང༌།  བུས་ཕྲུག
འཇིག་རྟེན་ན་བརྩེ་བའི་སྙིང་བོ་ཡོད་ཚད།
རང་དང་ངོ་བོ་གཅིག་གི་ཚུལ་དུ།
འཇམ་ཅག་གེར།
འུ་གཉིས་ཀྱི་ཕ་ཡུལ་དུ་འཁྲིད་འདོད་ཅིང༌།
བྱ་བྱིའུ། འབའ་འབུ། གཅན་གཟན།
འཁོར་བ་ན་ཆེས་སྡུག་བསྔལ་བ་མཐའ་དག
རང་དང་རྟེན་འབྲེལ་གཅིག་གི་དབྱིངས་སུ།
ཁ་རོག་གེར།  འུ་གཉིས་ཀྱི་ཕ་ཡུལ་དུ་འཇོག་འདོད།
ཐ་ན།  བུ་གསོད་ཀྱི་ཤན་པ་ཡིན་ཀྱང༌།
སྙིང་རྗེའི་ཕྱག་རྒྱ་ཐེངས་གཅིག་ཏུ་བཟླུམས་ནས།
གཙང་དག་ཡང་དག་གི
ཕྱི་གསལ་ནང་གསལ་གྱི།
འུ་གཉིས་ཁོ་ནར་དབང་བའི་ཕ་ཡུལ་དུ་ཕྱིར་འོང་འདོད།

ཨུ་ཧུ།  སྤྱན་རས་གཟིགས།
ང་ཕྱིར་འོང་འདོད།
ང་རྒྱལ་སྲས་ཤིག་ཏུ་སྤྲུལ་ནས།
ཉམ་ཆུངགི་འགྲོ་བ་འདི་དག་ལ་མཐའ་ནས་སྐྱོང་བཞིན།
ང་ཕྱིར་འོང་འདོད།
ང་དེད་དཔོན་ཞིག་ཏུ་སྤྲུལ་ནས།
ནུས་མེད་ཀྱི་སེམས་ཅན་འདི་དག་ལ་ཁ་ལོ་བྱེད་བཞིན།
ང་ཕྱིར་འདོད།

མཇུག་མཐར་ང་རྫི་བོ་ཞིག་ཏུ་གྱུར་ནས།
སྐྱབས་མེད་ཀྱི་སེམས་ཅན་ཡོད་ཚད་སྲུང་བཞིན་
ང་ཕྱིར་འོང་འདོད།
ཨུ་ཧུ།   སྤྱན་རས་གཟིགས།
ང་ཞེ་ཐག་པ་ནས་ཕྱིར་འོང་འདོད།

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་མེས་པོའི་སེམས་བསྐྱེད།

2008-11-27 གངས་ཞུན། ཀློག་གྲངས། མཆན ཡོད།

ཟང་ཟིང་གི་འདི་སྣང༌།
དཀའ་ཁག་གི་མི་ཚེ།
ངལ་དུབ་ཀྱི་འགྲོ་བ།
ཀྱེ་མ།
སྐྱོ་ལྷང་ལྷང་གི་འཇིག་རྟེན་འདི་ན།
ད་དུང༌།ངའི་ཅི་ཞིག་ལུས་ཡོད།
ང་ད་དུང་ཡང༌།
སྐར་ཆ་རེ་རེར་རེ་སྒུག་གིས་འཚོ་ཞིང༌།
སྐྱེ་བ་རེ་རེར་ཧུར་བརྩོན་གྱིས་བསྐྱལ་ནས།
ནམ་ཟླ་སྐར་མ་ཙམ་གྱི་དུས་སུའང༌།
ངས་སྔར་བཞིན།
སེམས་ཅན་གྱི་ལུས་ཁམས་སུ་འགྲེ་ལྡོག་ཡང་ཡང་རྒྱག་ཅིང༌།
ཟུང་འཇུག་མར་མེ་ཙམ་གྱི་དུས་ནའང༌།
ངས་སྔརབཞིན།
འགྲོ་དྲུག་གི་རྒྱལ་ཁམས་སུ་འོ་དོད་ལྷང་ལྷང་འབོད་དགོས་སམ།
ཨུ་ཧུ།    སྤྱན་རས་གཟིགས།
འགྲོ་བའི་ཁམས་ནས།
ངས་མ་མྱངས་བའི་ཚ་གྲངམེད་ལ།
སྣང་བའི་ཡུལ་ནས།
ངས་མ་བརྒྱུད་པའི་གཏམ་རྒྱུད་མེད།

ཨུ་ཧུ།    སྤྱན་རས་གཟིགས།
ད་ལྟ་ངའི་ལུས་སེམས་རྨ་ཁས་ཁྱབ་ཅིང༌།
ད་ལྟ་ངའི་བླ་སྲོག་ན་ཟུག་གིས་བཟུང་ཚར་བས།
ངའི་འཇིག་རྟེན་ན།
ཁྱོད་ཉིད་ཐེག་པའི་རི་བོ་མེད་ཅིང༌།
ངའི་ཕ་ཡུལ་ན།
ཁྱོད་ཉིད་བཀྲུ་སའི་གཙང་ཆུ་དཀོན་ཕྱིར།
ང༌།  ཕྱིར་འོང་འདོད།
ཨུ་ཧུ།    སྤྱན་རས་གཟིགས།
ང་དངོས་གནས་ཕྱིར་འོང་འདོད།
ས་འདི་ན་ངའི་ཅི་ཡང་མི་འདུག
ང༌།   གཙང་དག་ཡང་དག་གི
ཕྱི་གསལ་ནང་གསལ་གྱི།
འུ་གཉིས་ཁོ་ནར་དབང་བའི་ཕ་ཡུལ་དུ་ཕྱིར་འོང་འདོད།
ཕ་མ།  བཟའ་ཚང༌།  བུས་ཕྲུག
འཇིག་རྟེན་ན་བརྩེ་བའི་སྙིང་བོ་ཡོད་ཚད།
རང་དང་ངོ་བོ་གཅིག་གི་ཚུལ་དུ།
འཇམ་ཅག་གེར།
འུ་གཉིས་ཀྱི་ཕ་ཡུལ་དུ་འཁྲིད་འདོད་ཅིང༌།
བྱ་བྱིའུ། འབའ་འབུ། གཅན་གཟན།
འཁོར་བ་ན་ཆེས་སྡུག་བསྔལ་བ་མཐའ་དག
རང་དང་རྟེན་འབྲེལ་གཅིག་གི་དབྱིངས་སུ།
ཁ་རོག་གེར།  འུ་གཉིས་ཀྱི་ཕ་ཡུལ་དུ་འཇོག་འདོད།
ཐ་ན།  བུ་གསོད་ཀྱི་ཤན་པ་ཡིན་ཀྱང༌།
སྙིང་རྗེའི་ཕྱག་རྒྱ་ཐེངས་གཅིག་ཏུ་བཟླུམས་ནས།
གཙང་དག་ཡང་དག་གི
ཕྱི་གསལ་ནང་གསལ་གྱི།
འུ་གཉིས་ཁོ་ནར་དབང་བའི་ཕ་ཡུལ་དུ་ཕྱིར་འོང་འདོད།

ཨུ་ཧུ།  སྤྱན་རས་གཟིགས།
ང་ཕྱིར་འོང་འདོད།
ང་རྒྱལ་སྲས་ཤིག་ཏུ་སྤྲུལ་ནས།
ཉམ་ཆུངགི་འགྲོ་བ་འདི་དག་ལ་མཐའ་ནས་སྐྱོང་བཞིན།
ང་ཕྱིར་འོང་འདོད།
ང་དེད་དཔོན་ཞིག་ཏུ་སྤྲུལ་ནས།
ནུས་མེད་ཀྱི་སེམས་ཅན་འདི་དག་ལ་ཁ་ལོ་བྱེད་བཞིན།
ང་ཕྱིར་འདོད།

མཇུག་མཐར་ང་རྫི་བོ་ཞིག་ཏུ་གྱུར་ནས།
སྐྱབས་མེད་ཀྱི་སེམས་ཅན་ཡོད་ཚད་སྲུང་བཞིན་
ང་ཕྱིར་འོང་འདོད།
ཨུ་ཧུ།   སྤྱན་རས་གཟིགས།
ང་ཞེ་ཐག་པ་ནས་ཕྱིར་འོང་འདོད།

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།