ཨ་ཕ།
ཨ་ཕ ངའི་རང་ཡུལ་དུ་ལུས་པའི་རྒྱབ་རི་སྨུག་པོ
འཇིག་རྟེན་གྱི་ཆེས་འཁྱག་ས་ན ཨ་ཕ
ཁྱོད་ཀྱི་དར་ལྕོག་དཀར་པོ་རླུང་གིས་ཟོས་ཤིང
ཉི་ཟེར་དང་ཁ་བ རེས་སུ་འཁོར
བུ་དང་བུ་མོ་ཚོ བར་སྣང་རྙེད་པའི་བྱེའུ་ཆུང་བཞིན
ཨ་ཕའི་ཐུ་འོག་ནས་ལངས་ཏེ ཕྱོགས་བཞིར་འཕུར
ལམ་བུ་གང་མང་བཀླགས་ནས་ཕྱིར་ལོག་ཀྱང
ཁྱོད་ཀྱི་འཇུར་རྟ་སྔར་ལས་ཆེ་བ་འདྲ
ཨ་ཕ ངའི་རང་ཡུལ་དུ་ལུས་པའི་རྒྱབ་རི་སྨུག་པོ
མི་ཚེ་ནི་ཆར་གཞའ་ཡི་མེ་ཕུང་ཞིག་ཡིན
ཆང་རག་བཙན་པོ་དཀར་ཡོལ་གྱིས་བཏུང་དགོས
མཛེས་པའི་བུ་མོ་ཚེ་གྲོགས་སུ་ལེན་དགོས
ཁྱོད་ཀྱིས་བཤད་མྱོང སྐྱེས་ཕོ་རབ་ཅིག་ཡིན་ན
གཞན་གྱི་རྐང་འོག་ནས་སྒུར་མི་ཉན
ཆུང་དུས་སུ ངས་ཁ་རོག་གེར
ཨ་ཕའི་རྐང་རྗེས་དེ་ཡང་ཡང་གཞལ་ཅིང
རང་ཉིད་ནར་སོན་པར་རེ་སྒུག་བྱས
ཨ་ཕ ངའི་རང་ཡུལ་དུ་ལུས་པའི་རྒྱབ་རི་སྨུག་པོ
དུས་ཚིགས་གྲངས་མེད་བརྗེས་པའི་སྔ་དྲོ་ཞིག་ལ
ཕ་ཡུལ་དུ་རྡོ་བའི་མེ་ཏོག་བཞད་པ་གླུ་བས་ཚོར་ཞིང
མུན་པའི་ཁྲོད་ནས་རང་གི་གྲིབ་མ་འཚོལ་དུས
བདག་གིས་ཟིན་པའི་ཁྱོད་དང ཨ་ཕའི་སྐད་ཆ
ནམ་ཡང་ཕྱེད་ཀ་ཞིག་ཡིན་པའང་གཞི་ནས་དྲན
ཨ་ཕ ངའི་རང་ཡུལ་ལུས་པའི་རྒྱབ་རི་སྨུག་པོ
འཇིག་རྟེན་གྱི་ཆེས་འཁྱག་ས་ན ཨ་ཕ
ཁྱོད་ཀྱི་དར་ལྕོག་དཀར་པོ་རླུང་གིས་ཟོས་ཤིང
ཉི་ཟེར་དང་ཁ་བ རེས་སུ་འཁོར
སྒམ་བརླིང་གི་གཞི་བདག་ཇི་བཞིན བུ་ཕྲུག་ཚོའི
བརྩེ་དུང་གི་གླིང་ཕྲན་རེ་རེ་སེམས་པས་འཚོས
བུ་ཕྲུག་ཚོའི ཚེ་སྲོག་གི་བར་སྣང་རེ་རེར
རང་བློར་འཚམ་པའི་ཉི་མ་རེ་ཤར
ཨ་ཕ ངའི་རང་ཡུལ་དུ་ལུས་པའི་རྒྱབ་རི་སྨུག་པོ
རྩོམ་ཁུངས། སྙན་ངག་དེབ