རྟ་མགྲིན་རྡོ་རྗེ། ངས་ཁྱོད་ལ་འདྲི།

ལུང་མདོའི་དར་ལྕོག་གི་དབྱངས་རྟའི་ཁྲོད་ན
རི་རྒྱབ་ཀྱི་རྫི་བོའི་ཕུགས་འདུན་འཕུར
བགྲེས་སོང་བ་སུ་ཞིག་གིས་ཆོན་ཐག་དང་མཉམ་དུ་གློད་སོང

རྟ་མགྲིན་རྡོ་རྗེ   ངས་ཁྱོད་ལ་འདྲི

གངས་མཐའ་འགྲིམ་པའི་ནོར་ཁྱུ་དེ
ཡུལ་སྐོར་བ་སུ་ཞིག་གི་འཚོ་རྟེན་ཡིན
ལྷ་གཡག་དཀར་བོ་ཞིག་སྤྱང་ཀིས་བསད་འདུག
ད་དུང་སྲུང་འབྲི་མ་དམར་བོ་ཞིག་ཀྱང
མཐའ་འཁོར་ན་བེའུ་དང་ཕོ་རོག་འགས་འཚང་ཁ་ཤིག་ཤིག

རྟ་མགྲིན་རྡོ་རྗེ   ངས་ཁྱོད་ལ་འདྲ

གངས་འདབས་སུ་འཐེན་པའི་རྐང་ལམ་ཕྲ་མོ
ཨ་ནེས་རྒྱང་ཕུད་བཏང་བའི་མནའ་མ་ཚོའི་སེམས་པ་ཨེ་ཡིན
ན་ཆུང་མ་གང་མང་ཞིག་གི་ཡིད་ཆེས་དང་ཕམ་ཁ
གནས་འདི་ནས་བཞུད་འགོ་ཚུགས་ཤིང
གནས་འདི་དང་འབྲལ་དགོས་བྱུང་སོང

རྟ་མགྲིན་རྡོ་རྗེ    ངས་ཁྱོད་ལ་འདྲ

སྟག་ཤར་གྲངས་མེད་ཅིག
ཕུ་ནུའི་གྲི་རྩེ་ན་མཆི་མ་ཤར་རེ
རང་ངོས་མི་ཟིན་པའི་གླེན་པ་དེ་ཚོ
ཁྱོད་ཀྱི་མེས་པོ་ཨེ་ཡིན

མགོ་མཇུག་མི་གསལ་བའི་ཡུལ་ལྗོངས་གྱ་གྱུ་འདི
འགྲུལ་བཞུད་པའི་བསམ་གཞིགས་འཐོར་བའི
རྨི་ལམ་འཇིགས་པོ་ཞིག
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་མགྲིན་རྡོ་རྗེ། ངས་ཁྱོད་ལ་འདྲི།

2008-11-27 རྨ་འོད། ཀློག་གྲངས། མཆན ཡོད།

ལུང་མདོའི་དར་ལྕོག་གི་དབྱངས་རྟའི་ཁྲོད་ན
རི་རྒྱབ་ཀྱི་རྫི་བོའི་ཕུགས་འདུན་འཕུར
བགྲེས་སོང་བ་སུ་ཞིག་གིས་ཆོན་ཐག་དང་མཉམ་དུ་གློད་སོང

རྟ་མགྲིན་རྡོ་རྗེ   ངས་ཁྱོད་ལ་འདྲི

གངས་མཐའ་འགྲིམ་པའི་ནོར་ཁྱུ་དེ
ཡུལ་སྐོར་བ་སུ་ཞིག་གི་འཚོ་རྟེན་ཡིན
ལྷ་གཡག་དཀར་བོ་ཞིག་སྤྱང་ཀིས་བསད་འདུག
ད་དུང་སྲུང་འབྲི་མ་དམར་བོ་ཞིག་ཀྱང
མཐའ་འཁོར་ན་བེའུ་དང་ཕོ་རོག་འགས་འཚང་ཁ་ཤིག་ཤིག

རྟ་མགྲིན་རྡོ་རྗེ   ངས་ཁྱོད་ལ་འདྲ

གངས་འདབས་སུ་འཐེན་པའི་རྐང་ལམ་ཕྲ་མོ
ཨ་ནེས་རྒྱང་ཕུད་བཏང་བའི་མནའ་མ་ཚོའི་སེམས་པ་ཨེ་ཡིན
ན་ཆུང་མ་གང་མང་ཞིག་གི་ཡིད་ཆེས་དང་ཕམ་ཁ
གནས་འདི་ནས་བཞུད་འགོ་ཚུགས་ཤིང
གནས་འདི་དང་འབྲལ་དགོས་བྱུང་སོང

རྟ་མགྲིན་རྡོ་རྗེ    ངས་ཁྱོད་ལ་འདྲ

སྟག་ཤར་གྲངས་མེད་ཅིག
ཕུ་ནུའི་གྲི་རྩེ་ན་མཆི་མ་ཤར་རེ
རང་ངོས་མི་ཟིན་པའི་གླེན་པ་དེ་ཚོ
ཁྱོད་ཀྱི་མེས་པོ་ཨེ་ཡིན

མགོ་མཇུག་མི་གསལ་བའི་ཡུལ་ལྗོངས་གྱ་གྱུ་འདི
འགྲུལ་བཞུད་པའི་བསམ་གཞིགས་འཐོར་བའི
རྨི་ལམ་འཇིགས་པོ་ཞིག
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།