འབའ་སེང་སྨྱོན་གྱི་སྙན་ངག་སྐོར་ཞིག

         ཕྱི་མིག་གིས་སྤྲིངས་པའི་འཕྲིན་ཡིག
གྲོགས་པོ་ལགས     ཕྱིར་འདང་ཞིག་བརྒྱབ་ན
འཛོམས་པ་སྐད་ཅིག་མ་ཡིན་ལ
གྱེས་པའམ་སྐད་ཅིག་མ
 
སྲོད་དུས་ཀྱི་ཆང་ཁང་དེ་ནས
ཕན་ཚུན་ལ་ཁ་བ་ལས་དཀར་བའི་སེམས་ངོ་བསྟན་ཅིང
སེམས་ཁོང་གི་སྡུག་ཡུས་མཐའ་དག་ཀྱང
སྙན་ངག་ལ་བཅོལ་མགོ་བརྩམས  དེ་ནས་བཟུང
རྫུབས་མཐུག་པའི་རྨི་ལམ་མང་པོ་རྐང་ཐང་གིས་བསྐྱུར
འདོད་འདུན་གྱི་མེ་ལྕེ་དམར་པོ་བསམ་དོན་གཅིག་གི་སླད་དུ་སྦར
སྐྱོ་གདུང་གི་མིག་ཆུ་དྭངས་མོ་ན་ཟུག་གཅིག་གི་སླད་དུ་བཞུར་ནས
ལམ་བུ་གཅིག་ལ་རྒྱང་ལྟ་བྱས
 
ཟླ་བདུན་པའི་སྲས་མོས་རྒྱང་རིང་ནས་བོས་ཤིང
འདྲེ་ཚོགས་ཀྱི་མཁའ་དབྱིངས་དབང་བསྒྱུར་བྱས་པས
རྨི་ལམ་ལྟ་བུའི་འཛོམས་སྐར་གྱི་འཛུམ་འདངས་དྭངས་མོ
སྐྱ་རེངས་འདྲ་བའི་གྱེས་བྲལ་གྱི་ཕོ་ཉས་དཀྲོགས་སོང
 
ཁྱོད་ཀྱིས་འདྲེ་མིན་པའི་འདྲེ་ཞིག་གི་བརྟུལ་ཞུགས་བཟུང་སྟེ
གྱེས་བྲལ་གྱི་གདུང་བ་ཁུར་ནས་འགྲོ་དུས
བདག་ལ་སྐྱུར་རྩིའི་མངར་བཅུད་མ་ཐོབ་ཀྱང
ཁྱོད་ཀྱི་རྒྱབ་གཟུགས་ལ་ཅེར་ནས་ཐེངས་ཤིག་བཟི
གྲོགས་པོ་ལགས   ཕྱི་མིག་ཅིག་ལྟོས་དང
སྒྲོལ་མ་ནས་ཆང་གི་མངར་བཅུད་ཆབ་ཆའི་སྲང་ལམ་ན་རྒྱུ་ཞིང
འདོད་འདུན་གྱིས་སྤུར་བའི་རླུང་རྟ
བློན་པོ་གསེར་ཆེན་གྱི་དབུ་རྩེར་རེ་སྨོན་གྱིས་འཕུར
དེ་ནི་འུ་གཉིས་ཀྱི་འཛོམས་ཆད་ཡིན་ལ
དེ་ནི་འུ་གཉིས་ཀྱི་གྱེས་བརྡའང་ཡིན
 
         ཁག་གཉིས་པ།
གྲོགས་པོ་ལགས    ད་དུང་གླུ་ལོངས
འགྱེལ་ཞོར་དང་ལངས་ཞོར་གླུ་ལོངས
ང་ཚོར་སྐད་ངག་མེད་ཀྱང
ཚིག་འབྲུ་བདེན་གྲུབ་ཀྱི་སྙན་ངག་དུས་རབས་འདིར་ཕུལ་ཆོག་པས
ད་དུང་གླུ་ལོངས   གླུ་ལོངས
 
དྲང་མོར་བཤད་ན  ང་ཚོར་ཡང
རང་དབང་གིས་འཕུར་ཆོག་པའི་ནམ་མཁའ་ཡོད་ལ
གཤོག་ཟུང་དེ་རང་ཉིད་ཀྱིས་འཚོལ་དགོས
ང་ཚོར་དད་སའི་ལྷ་དང་འགྲོ་སའི་ཡུལ་ཡོད
དྲན་པའི་ཐོབ་བྱ་མིག་ཆུ་དང
སྙེག་པའི་ལོག་མལ་རྨི་ལམ་ཅི་ལ་ཡིན་ཨང
                  ཁག་གསུམ་པ།
གོ་ཐོས་ལྟར་ན   གྲོགས་པོ་ཁྱོད
རྒས་ཀྱིན་འདུག་ཟེར     ཅིའི་ཕྱིར་ཡིན
ཆུང་མ་དང་བུ་ཕྲུག་མེད་པའི་རྐྱེན་གྱིས་ཡིན་ནམ
དེ་མིན     བསམ་བློ་གཏོང་ཤེས་པའི་སྡུག་བསྔལ་དང
ཕྱི་མིག་འཕེན་ཤེས་པའི་ན་ཟུག་འཁུར་ཏེ་མུན་སྐྱོད་བྱས
མི་ཚེའི་བགྲོད་ལམ      རེ་ཞིག
མུན་པ་ཆར་སྤྲིན་གྱིས་གཡོགས་རུང
དེ་རྗེས་ན་ཉི་འོད་དང་འཇའ་ཚོན་བཀྲ་བས
གྲོགས་པོ     བློ་ཅི་ལ་ཕམ
 
ཁྱོད་ཀྱིས་དུར་ཁྲོད་ཀྱི་ཤུགས་གླུ་སྔར་ནས་གྱེར་ཟིན་ནའང
ས་ཆེན་པོའི་ཡང་སྟེང་ནས    ངས་ཀྱང
ཕྱི་མིག་གིས་བྲིས་པའི་སྙན་ངག་ཁྲོད
ཁྱོད་དྲན་ཞིང་ཁྱོད་གླེང་བཞིན་ཡོད
 
གྲོགས་པོ་ལགས   ལྕགས་ཀྱི་ལྷམ་ཞིག་རྐང་བར་གྱོན་དང
ང་ཚོ་མཉམ་དུ་པོ་ཏ་ལར་མཇལ་སྐོར་དུ་འགྲོ་ཡ
མཇལ་སྐོར་དུ་འགྲོ

             ཞིང་གྲོང་གི་གཟའ་ཉི་མ།
བསླེབས་སྔ་བའི་དུས་ཚིགས    དཔྱིད་ཀའི་དུས་འདིར
རྨོ་འདེབས་ཀྱི་ཚ་རླབས་འཕྱུར་ཞིང
སྐྱ་རེངས་དང་ལྷན་དུ     ས་རྡུལ་དང་འཐབ་འཛིང་བྱེད་དུས
མཚན་མོ་ཐུང་ཐུང་དེ་ནི    ཞིང་གྲོང་ལ
ལྷིང་འཇགས་འཁྱིལ་བའི་གཟའ་ཉི་མ་རེད
 
དབྱར་གྱི་ཉི་འོད་མེ་ལྕེ་བཞིན་ས་གཞིར་བབས་ནའང
ལྡེམ་ལྡེམ་དུ་གཡོ་བའི་སྙེ་མའི་གསེབ་ཏུ
རྔུལ་ཆུ་དང་སྐོམ་གདུང་མཉམ་དུ་བྱུང་དུས
ཆར་བ་ཐེངས་ཤིག་བབས་པ་དེ་ནི      ཞིང་གྲོང་ལ
རང་བྱུང་སྣང་ཚུལ་གྱིས་གནང་བའི་ཐོལ་བྱུང་གི་གཟའ་ཉི་མ་རེད
 
སེམས་ཁྲལ་གྱིས་བསུས་པའི་སྟོན་ཁར
ཡོད་ཚད་སྨིན་ཐག་ཆོད་རྗེས
རྔུལ་ཆུའི་ཞབས་རྗེས་ལ་འཛུམ་གྱི་རི་མོ་སྨིན་ཅིང
ལག་ཟུང་གི་སེར་ཁར་ཡང་དྲོད་ཅིག་འཁྱིལ
འུར་ཟིང་གི་ལས་འགུལ་ཐུང་ཐུང་དེ་འཇགས་རྗེས
འཛུམ་འདངས་རྨས་མ་དང་ཤུགས་རིང་ནར་མོ་དེ་ནི
ཞིང་གྲོང་གིས་ཡུན་རིང་སྒུག་པའི་གཟའ་ཉི་མ་རེད
 
ལྷབ་ལྷུབ་ཀྱི་ཁ་བས     དགུན་གྱི་རི་ལུང་ལ་གཉིད་སྟུག་ཁུགས་སུ་བཅུག
གྲང་རླུང་གི་སྤུ་གྲིས་ཆུ་མོའང་ཁུ་སུམ་མེར་བཏང
ཞི་འཇགས་ཀྱི་ཀློང་ན་དྲོད་འཇམ་བདེ་སྐྱིད་ལ་འཐིམ་པ་ནི
ཞིང་གྲོང་གི     གཞིས་བྱེས་ལྷན་འཛོམས་ཀྱི་གཟའ་ཉི་མ་རེད

      བདུན་པའི་ཚེས་བཅོ་ལྔ་ཉིན་ངས་ཆང་འཐུང༌།
           ༡
བདུན་པའི་ཚེས་བཅོ་ལྔ་ཉིན
དབྱར་གནང་གི་གུང་གསེང་ཡིན
ང     འབའ་ཆུའི་སྒལ་གཞུང་འགྲིམ་ནས
ཁེར་རྐྱང་གི་འཁྱམས་ཉུལ་ལ་ཆས
           ༢
བདུན་པའི་ཚེས་བཅོ་ལྔ་ཉིན     ངས་ཆང་འཐུང
ཉི་འོད་སྔར་བཞིན་ཚ་གདུག་གིས་བབས་ལ
ཕྱི་རོལ་གྱི་མཁའ་དབུགས་སུས་ཀྱང་རྔུབ་མི་འདོད
ཉ་གསེར་ལོ་ཆུ་མོའི་གཏིང་ལ་འབྱར
བྱ་རྒོད་པོ་བྲག་ཐེམ་སྟོད་ལ་བབས
ཨུ་ཤུ    གནམ་རྒན་མ
ཆར་ཐིགས་པ་ཙམ་ཡང་མི་འབབ་པ་འདི་ཅི་ཞིག
ཞིང་པ་ཚོས་འཁང་ར་དང་སྨེ་སྔགས་འདོན་གྱིན་མཆིས་ལ
རྒན་པ་ཚོས་ང་ལ་སྡང་མིག་བགྲད་ཞོར
སེམས་ཅན་སེམས་ཁུར་གྱིས་གནོན་དུས
ཁྱོད་ལ་ད་དུང་ཆང་འཐུང་ཁོམ་ཞིག
ངའི་སེམས་པ    ཞིང་ཁའི་ལོ་ཏོག་བཞིན་འབར་ལ་ཉེ་ཡང
མགོ་བོ་སྒུར་ནས་ཚིག་དེར་བཟོད་སྒོམ་བྱས
བདུན་པའི་ཚེས་བཅོ་ལྔ་ཉིན      ངས་ཆང་འཐུང
གནམ་གཤིས་སྔོན་བརྡར་ཉན་ན
མཐོ་སྒང་ལ་ཁ་བ་བབས་ཤིང
སྦྲ་ནག་གི་མི་རབས་ཚོ
ཁ་བའི་ཁྲོད་ཉམ་ཐག་གེར་འགྱེལ་ཅིང
ནོར་ནག་གི་ཚོགས་ལ
གཏིང་ཟབ་པའི་རུས་པ་སྦྱིན་འདུག་ཟེར
ངས་ཆང་ཧུབ་ཀྱིས་འཐུང་ནས
བསམ་གཞིག་གི་ན་ཟུག་འཇོམས་པར་བྱས
                 ༣
བདུན་པའི་ཚེས་བཅོ་ལྔ་ཉིན     ངས་ཆང་འཐུང
མཚན་མོའི་ཟླ་འོད་ཀྱིས་སྐར་ཚོགས་མོག་པོར་བརྫིས་ཤིང
ངའི་དྲན་པའི་སྒོ་མོ་ཆེ་རུ་ཕྱེ
དྲན་པས་དྲན་པ་བརྩེགས་ན   ཚོད་ཚོད་ལ
ས་ཆེན་གྱི་ཁ་ཞེང་གོམ་པས་གཞལ་འདོད
རི་བོ་ཞིག་གི་ཕར་ཚུར་འདི་ལས   སྙིང་ཉེ་བའི
རྒྱང་རིང་གི་ཁོ་མོ་དྲན་ཞིང
དྲན་པའི་སེམས་སྒྲ་སེམས་ཁོང་ནས་བསྲེགས
               ༤
བདུན་པའི་ཚེས་བཅོ་ལྔ་ཉིན     ངས་ཆང་འཐུང
བསེར་བུ་རྒྱུ་ཕྱོགས་ཤིག་གིས་འཁྱག་བསིལ་ལེར་བཏང་བས
ད་གཟོད་རང་ཉིད་ཕྱི་རོལ་ཏུ་ལུས་པ་ཚོར
གོམས་ལོབས་སུ་སོང་བའི་སྤྱི་འགྲོས་ཀྱིས
ཕྱིར་རང་གི་ཁང་མིག་ཏུ་ལོག་ཅིང
ཁ་བརྡ་མེད་པའི་ལ་སྒྲོན་ལ་བལྟས་ན
མི་ཚེ་གཅིག་གི་གཏམ་རྒྱུད་བཀླགས
བཞུད་ཟིན་པ་ཐམས་ཅད་ཕྱིར་ལོག་བྲལ་བས
རྗེས་ན་སང་ཉིན་མང་པོ་ཞིག་ཡོད་མེད་སུ་ལ་འདྲི
མཚན་མོ་འདིར   ངས་ཆང་གཅོད་པའི་དགོས་པའི་སྡོམ་ཚིག་ཅིག་
ཡིད་ལ་འཁོར་བྱུང
                     ༢༠༠༠ལོའི་ཟླ༨པའི་ཚེས༡༥མཚན་མོར་འབའ་གཞུང་ནས།
 
རྩོམ་ཁུངས། སོགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབའ་སེང་སྨྱོན་གྱི་སྙན་ངག་སྐོར་ཞིག

2008-11-27 འབའ་སེང་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།