ཁྲུང་ཁྲུང་དཀར་མོ།

ནམ་ཟླ་ཟླུམ་པོར་དྲོད་གྲང་གི་འགྱུར་བག་རྒོད་པས
ཁྲུང་ཁྲུང་དཀར་མོར་རྒྱང་བཞུད་ཀྱི་སེམས་པ་ལྕི

སྟོན་མཇུག་གི་ལྗང་ལོ་ཐོལ་གྱིས་ཟགས་དུས
ཁྱོད་རང་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་འཕུར་སོང

འཕུར་སོང་བའི་ལྷ་བྱ་ཁྲུང་ཁྲུང
ཁྱོད་ཀྱི་བྲང་ཁོང་དུ
རི་ཆུ་སྟོང་ཕྲག་གི་རེ་སྒུག་རུམ་ལ
ཁྱོད་ཀྱི་གཤོག་ཁུག་ན
མི་ལོ་གྲངས་མེད་ཀྱི་འཚོལ་སྙེག་འཚེར

འདི་ལྟར་ལྷིང་འཇགས་ཁྲོད་བཞུད་ཟིན་པའི་ཁྲུང་ཁྲུང་དཀར་མོ
འདི་ལྟར་དྲག་འདུན་ཁྲོད་འཚོལ་བཞིན་པའི་ཁྲུང་ཁྲུང་དཀར་མོ

དུས་བཞིའི་འཁོར་སྐྱོད་ཀྱི་རྣམ་ཤེས་རྒྱུན་བུའི་མདུད་པར་བརྒྱུས་ཀྱང
ཁྱོད་ཀྱི་མཚར་སྡུག་གི་གཟུགས་རིས་མཉེན་མོ
ད་དུང་མཁའ་དབྱིངས་ན་མངོན་པ་མེད

རྒྱང་བཞུད་ཐེངས་གཅིག་གི་གཏམ་རྒྱུད་རྡོག་པོ
སེམས་ཁོང་དུ་ཡང་ཡང་སྒྲུག་ཚེ
ཁྱོད་ཀྱི་མགྲིན་དབྱངས་ཐར་ཐོར
བྱང་ཐང་ན་རླུང་བུས་འཐུས  གཞིས་བྱེས་ཁྲི་ཕྲག་གི་འདུན་པ
གནས་འདི་ནས་མཆི་མས་སྐྱོམས

ཁྲུང་ཁྲུང་དཀར་མོ་འདི་ལྟར་རྒྱང་ལ་འཕུར་ཞིང
ན་གཞུང་སྐྱ་བོ་འདི་ལྟར་གྲང་བས་མནར

དགུན་གསུམ་བུ་ཡུག་གིས་འཛིན་མའི་བཞིན་དཔལ་འཕྲོག་དུས
ཆུ་བྲག་ནགས་གསུམ་འཛོམས་པའི་གཞིས་ཀ་དེ་ན
ཁྱོད་ཀྱི་ཤུལ་ལམ་སྙེག་པའི་ངང་བ་སེར་བོས
གྲང་རེག་ལ་མགྲིན་དབྱངས་གཏོར་བཞིན་རྫ་ལམ་ན་གཤོག་འགྱུར་ངོམ

ཁྲུང་ཁྲུང་དཀར་མོར་བརྩེ་ཞེན་གྱི་འདབ་མ་ཡངས་པས
དུས་ཆད་ཀྱི་བསམ་གཞིགས་མང་བོ་ཁ་བའི་ཟེགས་མར་བརྐོས

སྤང་རི་སྐྱ་བོར་ལྗང་མདོག་གི་གཡུ་ལོས་ཁུར་ཚེ
ཁྱོད་རང་དཔྱིད་དཔལ་དང་འགྲོགས་ནས་ཕེབས་ཤོག
གནས་འདི་ན་མེ་ཏོག་གི་དགྱེས་འཛུམ་གྲོལ་ལ
གནས་འདི་ན་ན་གཞུང་ལྗང་བུས་བརླན
 
རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲུང་ཁྲུང་དཀར་མོ།

2008-11-25 རྨ་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།