གང་ལྟར་ཀྱང་ཁྱོད་རང་དྲན་གི
ང་ལའང་ཐབས་ཤེས་མི་འདུག
ངས་ཐབས་ཤེས་ཡོད་ཚད་བེད་སྤྱོད་བཏང་ཚར་སོང
ངས་དམག་འཁྲུག་གི་ཡ་ང་བ་དེ་བསམ་གྱིན
མི་ལོ་ཆིག་སྟོང་སྔོན་གྱི་བུད་མེད་ཅིག་ལ་རེ་བ་བཅོལ་མྱོང
ངས་ལྟོ་དོན་དང་སྙན་གྲགས་བསམ་གྱིན
མཐའ་འཁོར་གྱི་བྲེལ་བྲེལ་ཟིང་ཟིང་ལ་རྣམ་ཤེས་གཡེང་མྱོང
ངས་ཅི་ཡང་མི་དྲན་བའི་ཕྱིར་དུ
རོལ་དབྱངས་དང་རི་མོ་ལའང་སྐྱབས་འཇུག་ཞུས་མྱོང
ཐ་ན་ཁྱོད་ཀྱི་ངོ་དགོང་དང
ཉམས་འགྱུར་དེ་ཡང་ངའི་དྲན་ཤེས་ལས་ཡལ་ཐུབ་པ་བྱུང
འོན་ཀྱང གང་ལྟར་ཡང་ཁྱོད་རང་དྲན་གི སྙིང་གི་ལག་དམར
གཟུགས་དང་ཕྱི་ཤུན་མེད་པའི་ནང་དོན་ཞིང་ཇེ་གསལ་ཇེ་གསལ་རེད
༤.༢༤ཉིན་བྲིས།
རྩོམ་ཁུངས། སྙན་ངག་དེབ