ང་ཡི་བོད།
༡
རི་རབ་གཙང་པོའི་འཚང་ཀས་ཁོད་མ་སྙོམས་པའི་སྤང་ལྗོངས་ཆེན་པོ
རི་རབ་ནི་འཚང་ག་ཤིག་ཤིག་གི་རྩྭ་སྐྱའི་ཚོགས་དང
གཙང་ཆུ་ནི་རྩྭ་རྐང་ལ་འབྱར་བའི་ཟིལ་བ་དག་ཡིན
སྤྲིན་པ་བྲལ་བའི་ཉི་འོད་འོག་གི་ནམ་མཁའ་དང་འདྲ་བར
སྤང་ལྗོངས་འདི སྐོམ་ཐན་གྱིས་ཡོངས་སུ་ཟིན་སོང
༢
ཨེ་མ་ང་ཡི་བོད སང་ཉིན་གྱི་སྨིག་རྒྱུའི་གྲོང་ཁྱེར
རྒྱང་རིང་ནས རྡེའུ་ཆུ་ལ་བྱིངས་པ་ཇི་བཞིན
གྲག་མེད་ངང་མི་སྣང་ཡལ་གྱིན་པའི་གསང་བ་བདག་མེད་ཅིག
འབྲུག་སྒྲ་མེད་པའི་གློག་དམར་ཞིག་གི་འཁྱུག་སྲོལ
༣
ཨེ་ཤར་ཡའི་སོག་སྲུབས་ལ་ཟུག་པའི་ཁེར་རྐྱང་གི་གླུ་གཞས
མཐོ་ས་ནས་ཙོག་པུར་བསྡད་དེ
ངག་མི་སྨྲ་བའི་ཤ་ཁྲག་གི་རི་རབ
ང་ཡི་ཡུལ་ལྗོངས ཕྱོགས་བཞི་མཚམས་བརྒྱད་ཀྱི་རྦ་རླབས
ཡིད་སེམས་མ་སྐྱིད་པ་དག་གི་ན་ཟུག་འབྲི་སའི་རྩིག་ལྡེབས་ཆེན་པོ
༢༠༠༠ལོའི་སྤྱི་ཟླ་བཅུ་གཅིག་ལ་མགར་ཁང་དུ་སྦྱར་རོ། །
རྩོམ་ཁུངས། སྙན་ངག་དེབ