གཟི།༡
ཤ་ཁྲག་ཟད་བྱུང རུས་གཞི་འཐོར་སོང
མགོ་བོའང་དུས་ཚོད་ཀྱིས་ཁྱུར་མིད་བཏང་ཞིང
སླར་ཡང་ཚོང་པ་ཞིག་གི་ལག་མཐིལ་ལ་བསྐྱུགས་དུས
མིག་འབྲས་གཅིག་པུ ལྐོག་གྱུར་གྱི་དྭ་ཕྲུག་ཅིག་དང་འདྲ་བར
ཁེར་རྐྱང་ངང་ཀེམ་ཀེམ་གཡོ་བར་བྱེད ཤེས་རིག་ཅིག་ཀྱང
ཉམ་ང་བའི་ངང་གཡོ་ཚོང་གི་མཐིལ་ན་ཀེམ་ཀེམ་གཡོ་བར་བྱེད
༢༠༠༠.༦.༢༤ཉིན་ལྷ་སའི་མགར་ཁང་དུ།
རྩོམ་ཁུངས། སྙན་ངག་དེབ