ཁྱོད་ཧ་ཅང་ཆུང་སྟེ།
ཁྱོད་ཧ་ཅང་ཆུང་སྟེ
མུན་དག་ལས་འོད་ཟེར་དེ་མཐོང་འདོད་སྐྱེས་མེད་ན
མངལ་ལ་ཆགས་མ་ཐག་པའི་མིག་འབྲས་ཤིག་རེད
ཁྱོད་ཧ་ཅང་ཆུང་སྟེ
མཛེས་སྡུག་གི་ཐིག་ལེའི་སྟེང་ལ་མིག་ཟུང་ཞིག་མེད་ན
སྦུབས་ནས་ཐོན་མ་ཐག་པའི་ཕྱེ་མ་ལེབ་ཅིག་རེད
ཁྱོད་ཧ་ཅང་ཆུང་སྟེ
འོ་མ་དང་བརྩེ་དུང སྤང་ལྗོངས་དང་རྟ་མཆོག་གིས
ཁྱེད་རང་གཏན་ནས་ནར་སོན་དུ་མ་བཅུག་པ་རེད
ཁྱོད་ཧ་ཅང་ཆུང་སྟེ
གྲོང་ཁྱེར་ཞིག་ནས་གྲོང་ཁྱེར་གཞན་ཞིག་གི་བར་ན
ཚོར་འདུ་དྲག་པོ་ཞིག་གི་སྦུབས་ལམ་ནས་ཡལ་མ་འགྲོ
ཁྱོད་ཧ་ཅང་ཆུང་སྟེ
༢༠༠༡.༥
རྩོམ་ཁུངས། སྙན་ངག་དེབ