རོགས་ཆུང་ལོ།

སྤྲིན་པ་བན་བུན་རེ་ཕྱོགས་སུ་རྒྱུ་བའི་ཡུལ་ལྗོངས་དེ་རུ།
རྫ་མཐའི་ཡུ་མོ་བཞིན་སྐྱོ་བའི་ལོ་ཟླའི་ངོགས་ན།
མཛེས་སྡུག་གི་སྨོན་འདུན་ཉར་བའི་རོགས་ཆུང་ལོ།
སྨྲེང་སེམས་ཀྱི་དངན་པ་རིང་མོས་ཁོར་ཡུག་ལ་བྲག་ཅ་བསླངས།

མཚན་མོའི་མཁའ་དབྱིངས་ན་ཟླ་བ་ཁེར་རྐྱང་གི་བགྲོད་པ།
ང་ཚོའི་ལས་དབང་ལ་ཁ་དོག་བསྐྲུན་པའི་འོད་ཀྱི་ཐིག་ལེ།
རྨི་ལམ་བཞིན་བཞུར་དུས། ངའི་མིག་མཐའ་མཆི་མ་གཉོམ་པོས།
རྒྱང་རིང་གི་གནམམཐའི་སྐར་ཆེན་དེ་རབ་རིབ་ནས་རབ་རིབ་བཟོས་སོང༌།

རོགས་ཆུང་ལོ། ངའི་འཁྲེང་ཞེན་གྱི་ལྗོན་རྩེར་ཐོགས་པའི་སེམས་པ་སྙི་མོ།
ནམ་ཟླ་ཧ་ཅང་གྲང་དུས། ཡུལ་དེར་ཁ་བ་སྟུག་པོ་བབས་ཨེ་ཡོད།
ཉིན་འདི་ཚོར། ཁྱོད་གྲང་ན་ཉི་ཟེར་སྲབ་མོ་དེ་སྙིམ་པར་ཟུངས་དང༌།
བྱ་ཁྲུང་ཁྲུང་གི་གཤོག་ཟུང་ཀློང་དུ་ངས་ཐུག་འཕྲད་ཀྱི་ཁ་དན་བསྐུར་ཡོད།

ཐག་རིང་ཐག་རིང་གི་གྲོང་སྡེ་ཆུང་ཆུང༌། སྟོན་ཁ་སླེབས་དུས།
འུ་གཉིས་ལག་གདང་ངང་བགྲོད་སའི་ལམ་འགྲམ་དག་ལ།
ད་ལྟ། སྡོང་ལོ་ཅི་ཙམ་ལྷུང་འདུག་ཡ། རོགས་ཆུང་ལོ།
ཡལ་འདབ་བསིལ་རླུང་གིས་སྐུལ་དུས་དྲན་པའི་གླུ་ཆུང་ཨེ་བླངས།

ན་བུན་ལྟར་འཐིབས་པའི། ངའི་ཡིད་སེམས་ཀྱི་ནགས་ཚལ་སྟུག་པོ།
སྣུམ་གནག་འཕྱོ་བའི་རོགས་ཆུང་ལོའི་ཡལ་ག་རེ་རེ།
ཁྱོད་གཉིས་ནམ་ཡང་མི་གཏོང་བའི་སྟེས་དབང་གི་འཆིང་ཐག་ཡིན།

རྡོ་གོར་མོའི་རང་གཤིས་སུ་གྲུབ་པའི་ཁྱིམ་གཞིས་འདི་ནས།
ངའི་དྭངས་གསལ་ཡིད་ཁམས་ཀྱི་མྱ་ངམ་ཐང་ལ།
རྣོ་ལྕགས་དང་མེ་རིའང་ཉམ་ཆུང་གི་མིག་ཆུ་བརྡོལ་བས།
དོ་ནུབ། རྡོ་ཕ་བོང་གི་གཏིང་རུམ་ནས་དུངས་སེམས་ཀྱི་མྱུ་གུ་འབུས།

ཉི་ཆར་འཇམ་མཉེན་གྱིས་འཛག་པའི་དབྱར་གཞུང་ཞིག་ལ།
མཚོ་འགྲམ་གང་ཞིག་ན་སྙིང་གཏམ་གྱི་མེ་ཏོག་བཞད་ཡོད།
རོགས་ཆུང་ལོ། ངའི་འཁྱག་རོམ་གྱིས་བཟུང་བའི་ཡིད་མཚོར།
ཁྱོད་ཀྱི་མཉེན་ལྕུག་ལན་བུའི་གཉེར་མ་རེ་རེར་ཡལ་ཐབས་མེད།

སེམས་པ་རི་ཆུ་ཁྲི་སྟོང་གི་ཕ་རོལ་ལ་འཐེན་བཞིན།
མིག་ཟུང་ཟླ་འོད་ལ་འཁྱུད་ཚེ། ཇ་ཤིང་མེ་ཏོག་ཉིལ་བ།
བརྩེ་དུང་གི་སྐྱོ་གར་རིང་མོར་འཇུག་པའི་སྙན་ངག་ཁ་བོ།
ཁྱོད་དྲན་དུས། ངས་ཐེངས་རེ་འབྲི།  རོགས་ཆུང་ལོ།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོགས་ཆུང་ལོ།

2008-11-25 མ་སངས་མཁའ་འགྲོ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།