སྡུག་བསྔལ་གྱི་བྱུང་བ།

                   —རྩོམ་གྲོགས་ཨ་རྡོར་མཆོག་ལ་ཕུལ།
ངོ་གདོང་མཐའ་དག་རྨ་ཁ་ལས་སྐྱེས་པའི་བརྒྱུད་རིམ་འཇིག་རྗེས།
ཁྱེད་ཀྱིས་མཐོང་སྲིད་དེ་ཁྱེད་ཀྱིས་མཐོང་སྲིད་པ་ལོངས་སྤྱོད་བསྲེགས་པའི་སྙན་ངག་ཡིན།
རོལ་དབྱངས་འཐོར་རྗེས་ཀྱི་གཡང་གཞི་ལས། གྲོགས་པོ་ལགས།
ཁྱེད་ཀྱིས་ཤ་སྐྱིའང་ལེགས་སྐྱེས་ལྟར་གཞན་ལ་ཕུལ་ཟིན་པས།
དབྱངས་ཅན་མས་ཁྱོད་ལ་མི་ཚེའི་སྙིང་བོར་བརྩི་བའི་འོ་རེ་བསྐྱལ་ངེས།

གང་ལྟར། ང་ཚོ་ནི་སྙན་ངག་གི་འཆིང་རྒྱ་ལས་རྨས་ཟིན་པས།
མིག་ཆུ་དང་བརྩེ་བ་བསྣོལ་བའི་མགྲིན་པ་སྔ་མོ་ནས་འགག་ཟིན།
ཡིད་དུ་འོང་བའི་ཁུ་ཁྲག  ཡིད་དུ་འོང་བའི་གཞོབ་དྲི།
དེ་དག་ནི་ལྷ་ཆེན་གྱིས་ང་ཚོར་གནང་བའི་ལུས་རྟེན་གྱི་གཞི་མ་རེད།

གྲོགས་པོ་ལགས། ངས་རང་ཉིད་འཆི་བར་ཚེ་སྲོག་ལ་གཙང་ཁྲུས་བྱེད་བཞིན་ཡོད།
རོལ་དབྱངས། སྒྱུ་འཕྲུལ། ཁ་དོག སྡུག་བསྔལ། བརྩེ་བ།
འདི་དག་ནི་འབྱུང་གཞི་བཅོམ་པའི་དག་ཞིང་གི་གྲུབ་ཆར་གྱུར་རྗེས།
མེ་རུ་འབར་བའི་སྡིག་སྲིན་གྱི་རྐང་ལག་གྱོང་བོ། འཐོར་སོང༌།
ཁ་བ་ཉིལ་བའི་གསོལ་ཆང་གི་གསུང་ངག་ཞིམ་པོ། འཇིག་སོང༌།

དུས་རབས་འདིར། དུག་སྦྲུལ་ལྟར་འཁྱོག་པའི་སྨིན་མས་ཀྱང་ཁྲོ་གཉེར་བསྡུ་ངེས།
ཨ། སྙན་ངག་གི་ལྷ་མོ་ལགས། མགོན་སྐྱབས་མཛོད་དང༌།
ང་དང་ངའི་གྲོགས་པོའི་མིག་ཟུང་ལ་ཆགས་ཞེན་དང་འཇོ་སྒེག་མི་འདུག

ང་ཚོ་ནི་སྡུག་བསྔལ་མྱོང་མཁན་གྱི་ཚོགས་ཁག་ཅིག་ཏུ་གྲུབ་ཟིན།
རྒྱལ་སྲས་ཀྱི་མངའ་ཐང་ལྟ་བུའི་གཟི་བྱིན་མི་འདུག
འོད་ཟེར་གྱི་ཤམ་བུ་འཐུ་བའི་སྐལ་བ་མི་འདུག
ས་ཆེན་གྱི་དཀྱིལ་འཁོར་གཡོ་བའི་དངུལ་ལོར་མི་འདུག
གང་ལྟར། ང་ཚོར་རང་གི་བརྩེ་བ་འཕྱུར་སའི་འཇིག་སྟེན་གཞན་ཞིག་ཡོད་སྲིད།

ཁེར་རྐྱང་དུ་བསྡད་དེ་བསམ་བློ་གཏོང་བའི་མི་རྣམས་ཀྱིས།
འཆི་བ་ཟེར་བའི་ཐ་སྙད་འདི་འདེགས་བྱེད་ཀྱི་གསང་བ་ཞིག་ཡོད་ཚེ།
འོད་དང་གཏན་ཚིགས་ལ་བརྟེན་ནས། ཤེས་རབ་དང་རྩོལ་བར་བརྟེན་ནས།
རྣམ་ཤེས་ཀྱི་དྭངས་མ་འགུག་པའི་ཐབས་ཤེས་དེ་བདག་གིས་ད་དུང་བརྗེད་མེད།

དེ་ནས་བཟུང༌། དབྱངས་གསལ་གྱིས་གཏམས་པའི་ཡུལ་ལྗོངས་དེ།
གཙང་ངོས་སུ་འབྱར་ཞིང་ཝུ་ཕྲེང་ཚོམ་བུ་ཞིག་ལས་རྒྱས་པར་གྲགས་པས།
སྡུག་བསྔལ་གྱི་འདྲེན་བྱེད་བརྟོལ་ནས། རྗེས་སུ་རྗེས་སུའང༌།
སྙན་ངག་གི་རྨས་སྐྱོན་བསྲན་པར་ཨུ་ཚུགས་ཆེ་བར་བཤད།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུག་བསྔལ་གྱི་བྱུང་བ།

2008-11-25 མཚོ་བུ་དགའ་བདེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།