དགུན་ཟླ་ཐ་མ་འདིར། ང་ཕ་ཡུལ་དང་གྱེས།

དགུན་ཟླ་ཐ་མ་སླེབས་དུས་ངས་ཕ་ཡུལ་ལ་གྱེས་བརྡ་བཏང༌།
སྐྲ་ཚོགས་ཁ་བས་ཟོས་པའི་ཨ་ཡེ་བགྲེས་མོས།
མིག་མཐའ་མཆི་མས་གཤེར་ནས་རྒྱང་སྐྱེལ་ཞུས།
སྐྲ་ཉག་རྡུལ་ལོང་གིས་འཛིང་བའི་བྱམས་ལྡན་ཨ་མས།
མགྲིན་ངག་བརྣངས་ནས་སྐྱེལ་མར་ཤིས་ཚིག་གནངས།
ནམ་རྒྱུན། ཕ་ཡུལ་དང་གྱེས་ཐེངས་རེ་རེར།
ང་ལ་ཐག་རིང་ཐང་རིང་འགྲིམ་ཞིང༌།
ཕྱིར་ལོག་མེད་པ་ལྟ་བུའི་སྐྱོ་གདུང་རེ་འཁོར་འོང༌།
ད་ཐེངས་ཡང་བསྐྱར་སྐྱོ་གདུང་འདི་རུམ་ནས།
ཕྱིར་ལོག་མེད་པ་ལྟ་བུའི་འཁྲེང་སེམས་བསྐྲུན།

དགུན་ཟླ་ཐ་མར། ང་འཁྲེང་སེམས་ཀྱིས་ཕ་ཡུལ་དང་གྱེས།
སྲིང་ཆུང་མ། སྔོན་ཏག་ཏག་རྒྱང་བཞུད་བཏང་ཚར།
རྒྱང་བཞུད་བཏང་བ་ཐོས་འཕྲལ།
མཇལ་ལམ་ཉི་མས་དྲངས་འོང་ཞེས་པ་ཞིག་བྲིས།
གླུ་ཚིག་དེ་ནི། རང་སེམས་རང་གསོ་ཞིག་ཡིན།
དགུན་ཟླ་ཐ་མ་འདིར། ངས་ཨ་མ་དྲན་གྱིན་པའི་བྱིས་པ་ཞིག་ལ།
ཨ་མ་ཕྱིར་ལོག་སྲིད་པའི་སྐོར་ལབ་ཅིང༌།
སྙིང་རྗེ་བའི་སྐྱོ་གདུང་གཞས་ལ་བཀུགས།
ཚ་ལམ་ལམ་གྱི་ཉི་མ་ཡ། མཇལ་ལམ་ཁྱོད་ཀྱིས་འདྲེན་འོས།

དགུན་ཟླ་ཐ་མ་འདིར།
ངས་དགུན་ཟླ་ཐ་མ་འདིར། ང་ཕ་ཡུལ་ན་ཡོད་ཅེས་པའི།
རང་གིས་ན་ནིང་བྲིས་པའི་སྙན་ངག་ཅིག་དྲན་འོང༌།
དགུན་ཟླ་ཐ་མ་འདིར།
རྩྭ་ཐང་ལ་སེམས་འཁྲེང་བ།
ཞེས་པའི་སོག་པོའི་གླུ་དབྱངས་ཤིག་ཀྱང་དྲན་འོང༌།
དྲན་པས་དྲན་པ་བསྲིངས་ཚེ།
མནལ་མི་ཁུག་པའི་མཚན་ནུབ་རིང་མོར།
སྨྲེང་བས་སྨྲེང་བ་བསླང་འོང༌།
དགུན་ཟླ་ཐ་མ་འདི། ང་ལ་མཚོན་ན།
ལྗིད་ཏིག་ཏིག་གི་ཁུར་བོ་ཞིག་ཨང༌།

དགུན་ཟླ་ཐ་མ་འདིར། གཅུང་བོས་སྙན་ངག་ཅིག་བྲིས་ཏེ།
ངའི་དགུན་ཟླ་ཐ་མའི་ཁེར་རྐྱང་ལ་སྐྱེལ་མ་མཛད།
སྙན་ངག་པ་ཆང་གིས་གསོ་བའི།
གནས་ལུགས་མང་པོ་ཞིག་ཀྱང་ཟློས།
ཕ་ཡུལ་དང་གྱེས་ཁ། དགུན་ཟླ་ཐ་མ་སླེབས་བྱུང༌།
ངས་གཅུང་བོའི་གཏམ་ལ། ཁ་རོག་གེར།
བདེན་ཁ་རེ་སྟེར་བཞིན། སེམས་དྲོད་སྒོམ།
དགུན་ཟླ་ཐ་མ་འདིར། ང་ཕ་ཡུལ་དང་གྱེས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཟླ་ཐ་མ་འདིར། ང་ཕ་ཡུལ་དང་གྱེས།

2008-11-24 སྨྲེང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།