དོ་ནུབ། ངས་ཁྱོད་ཕྱོགས་སུ་ཡང་ཡང་བལྟས།

རྒྱུ་མཚན་ཡོད་མེད་ཀྱི་མཚམས་ནས།
དོ་ནུབ། ངས་ཁྱེད་ག་ལེར་དྲན་བྱུང༌།
ཁྱོད་ཀྱི་ཀུ་རེ་དེ།
དོ་ནུབ། ངའི་དྲན་གཞི་སྒུལ་བའི་དབྱངས་རྟ་ཡིན།
ལག་སྙོབ་དུ་མའི་རྗེས་སུ།
ངའི་འདུག་རོགས། ཞག་སྒྲོན་མོག་པོ་ཡིན་པ་ཚོར།
འདང་རེ་བརྒྱབ་ན།
རི་རྒྱུད་ཅིག་གི་ཉིན་སྲིབས།
འདོ་རིག་རྟ་བོ་མེད་ཀྱང་ལོས་ཆོག
སྐར་མ་ཞིག་གི་འོད་ལམ་ན།
རླུང་བུ་ཞིག་གི་ལྡང་ལམ་ན།
སྐབས་ལ་ལར།
རྒྱ་གར་གྱི་གློག་བརྙན་ཅིག་ཀྱང་དྲན་ཡོང༌།
དྲན་པའི་ཁུག་སོར།
སྐྱུར་སིལ་སིལ་གྱི་གླུ་དབྱངས་ཤིག་ཀྱང་འཁོར་ཡོང༌།
ལས་ཀྱི་ལམ་ཡིག
སུ་ཡིས་བདག་གིར་བཞེས།
འགག་བཙན་པའི་ལམ་སྲུང་བ།
ཁོ་ཚོ་འགྲོ་རུ་ཆུག
བརྩེ་འདང་གི་སྲས་དང་སྲས་མོ།
རེ་རེ་བཞིན་འགྲོ་རུ་ཆུག
ཁོ་ཚོ་ལ་ཉེས་པ་མེད།
དོ་ནུབ། གྲང་ངར་གྱི་ན་ཟུག་བཙན་ཡང༌།
ཕྱི་རོལ་གྱི་ས་སྟེགས་མཐོན་པོ་ཞིག་ནས།
ཁྱོད་ཕྱོགས་ལ་ཡང་ཡང་བལྟས།
ཁྱོད་ཀྱི་གྱེས་བྲལ་ནི།
བདག་གི་སྲོག་ཆད་ཀྱི་སྟ་གོན་མིན་པར་སྨོན།
དཔེ་ཆ་དེ་ཅིས་ཀྱང་བསྒྱུར་དགོས་ཚེ།
ཨ་རིའི་ན་གཞོན་མང་པོ་ཞིག་ལ།
གུ་ཡངས་ཐེངས་ཤིག
མི་སྟེར་བའི་ཨུ་ཚུགས་འཚོང་མི་སྲིད།
མ་ཉལ་གོང༌།
སྐར་མ་ཞིག་གི་འཚེར་སྟངས་གཡར་ནས།
ཁྱོད་ཕྱོགས་སུ་ཐེངས་ཤིག་བལྟ་དགོས་པ།
ངའི་སྤྱི་འགྲོས་སུ་སོང༌།
དོ་ནུབ། ངས་ཁྱོད་ཕྱོགས་སུ་ཡང་ཡང་བལྟས།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ། ངས་ཁྱོད་ཕྱོགས་སུ་ཡང་ཡང་བལྟས།

2008-11-24 སྨྲེང་བུ། ཀློག་གྲངས། མཆན ཡོད།

རྒྱུ་མཚན་ཡོད་མེད་ཀྱི་མཚམས་ནས།
དོ་ནུབ། ངས་ཁྱེད་ག་ལེར་དྲན་བྱུང༌།
ཁྱོད་ཀྱི་ཀུ་རེ་དེ།
དོ་ནུབ། ངའི་དྲན་གཞི་སྒུལ་བའི་དབྱངས་རྟ་ཡིན།
ལག་སྙོབ་དུ་མའི་རྗེས་སུ།
ངའི་འདུག་རོགས། ཞག་སྒྲོན་མོག་པོ་ཡིན་པ་ཚོར།
འདང་རེ་བརྒྱབ་ན།
རི་རྒྱུད་ཅིག་གི་ཉིན་སྲིབས།
འདོ་རིག་རྟ་བོ་མེད་ཀྱང་ལོས་ཆོག
སྐར་མ་ཞིག་གི་འོད་ལམ་ན།
རླུང་བུ་ཞིག་གི་ལྡང་ལམ་ན།
སྐབས་ལ་ལར།
རྒྱ་གར་གྱི་གློག་བརྙན་ཅིག་ཀྱང་དྲན་ཡོང༌།
དྲན་པའི་ཁུག་སོར།
སྐྱུར་སིལ་སིལ་གྱི་གླུ་དབྱངས་ཤིག་ཀྱང་འཁོར་ཡོང༌།
ལས་ཀྱི་ལམ་ཡིག
སུ་ཡིས་བདག་གིར་བཞེས།
འགག་བཙན་པའི་ལམ་སྲུང་བ།
ཁོ་ཚོ་འགྲོ་རུ་ཆུག
བརྩེ་འདང་གི་སྲས་དང་སྲས་མོ།
རེ་རེ་བཞིན་འགྲོ་རུ་ཆུག
ཁོ་ཚོ་ལ་ཉེས་པ་མེད།
དོ་ནུབ། གྲང་ངར་གྱི་ན་ཟུག་བཙན་ཡང༌།
ཕྱི་རོལ་གྱི་ས་སྟེགས་མཐོན་པོ་ཞིག་ནས།
ཁྱོད་ཕྱོགས་ལ་ཡང་ཡང་བལྟས།
ཁྱོད་ཀྱི་གྱེས་བྲལ་ནི།
བདག་གི་སྲོག་ཆད་ཀྱི་སྟ་གོན་མིན་པར་སྨོན།
དཔེ་ཆ་དེ་ཅིས་ཀྱང་བསྒྱུར་དགོས་ཚེ།
ཨ་རིའི་ན་གཞོན་མང་པོ་ཞིག་ལ།
གུ་ཡངས་ཐེངས་ཤིག
མི་སྟེར་བའི་ཨུ་ཚུགས་འཚོང་མི་སྲིད།
མ་ཉལ་གོང༌།
སྐར་མ་ཞིག་གི་འཚེར་སྟངས་གཡར་ནས།
ཁྱོད་ཕྱོགས་སུ་ཐེངས་ཤིག་བལྟ་དགོས་པ།
ངའི་སྤྱི་འགྲོས་སུ་སོང༌།
དོ་ནུབ། ངས་ཁྱོད་ཕྱོགས་སུ་ཡང་ཡང་བལྟས།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།