བྱིས་པ་ཚོ། དྲ་མའི་ཕྱི་ནང་ན།

          A
དྲ་མའི་ཕྱི་རོལ་ན། བྱིས་པ་ཚོ།
རླུང་རྟ་ཆུང་ཆུང་བཞིན།
དགའ་སྣང་དང་སྤྲོ་སྣང་ཁྲོད་ནས་ལྷོད་ཀྱིས་འཕྱོ།
དཔེ་ཁུག་ཆུང་ཆུང༌།
མི་ཚེའི་འགྲུལ་བཞུད་ལ་བཀལ་བའི།
གསེར་གྱི་ཉི་མའམ།
ཡང་ན། དངུལ་གྱི་ཟླ་བ་འདྲ་ལ།
ས་རྡུལ་གྱིས་ཟིན་པའི་སྐེ་རས་དམར་པོ།
དུས་ཚིགས་ཤིག་གི་དཀྱོགས་ལ་བཞད་པའི།
མེ་ཏོག་གམ་འཇའ་ཚོན་འདྲ།

          B
དྲ་མའི་ནང་རོལ་ན། བྱིས་པ་ཚོ།
རྡང་ལ་བབས་པའི་བྱེའུ་ཁྱུ་བཞིན།
གཟབ་ནན་དང་ལྷིང་འཇགས་ཁྲོད་ནས་རྒུམ་ལ་རེ།
ཞ་སྨྱུག་ཐུང་ཐུང༌།
གབ་ཚིག་སྟོང་ཕྲག་ལ་གཏད་པའི།
ལྕགས་ཀྱི་མཆེ་སྡེར་རམ།
ཡང་ན། ཤེལ་གྱི་མར་མེ་དང་མཚུངས་ལ།
སྣེ་མོ་རལ་བའི་འབྲི་ཤོག་དཀར་པོ།
ཅི་ཞིག་གི་ཡིན་ལུགས་སློབ་པའི་རྩེ་ར་འདྲ།
            C
དྲ་མའི་ཕྱི་ནང་ན། བྱིས་པ་ཚོ།
ཀ་ཁའམ་གང་ལ་མ་ངེས་པའི་དབྱངས་རྟར་ཞོན་བཞིན།
བྱ་རྒོད་ཅིག་གི་གཤོག་རྗེས་བསྙེགས་ཤིང༌།
རང་ལ་དབང་བའི་ནམ་མཁའ་སྒོར་མོའི་ཀློང་ནས།
འོད་ཟེར་ཐན་ཐུན་འཐུང་བཞིན་དལ་གྱིས་འཚོ།

བྱིས་པ་ཚོ། དྲ་མའི་ཕྱི་ནང་ན།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་པ་ཚོ། དྲ་མའི་ཕྱི་ནང་ན།

2008-11-24 ཁྱུང་བཟང་། ཀློག་གྲངས། མཆན ཡོད།

          A
དྲ་མའི་ཕྱི་རོལ་ན། བྱིས་པ་ཚོ།
རླུང་རྟ་ཆུང་ཆུང་བཞིན།
དགའ་སྣང་དང་སྤྲོ་སྣང་ཁྲོད་ནས་ལྷོད་ཀྱིས་འཕྱོ།
དཔེ་ཁུག་ཆུང་ཆུང༌།
མི་ཚེའི་འགྲུལ་བཞུད་ལ་བཀལ་བའི།
གསེར་གྱི་ཉི་མའམ།
ཡང་ན། དངུལ་གྱི་ཟླ་བ་འདྲ་ལ།
ས་རྡུལ་གྱིས་ཟིན་པའི་སྐེ་རས་དམར་པོ།
དུས་ཚིགས་ཤིག་གི་དཀྱོགས་ལ་བཞད་པའི།
མེ་ཏོག་གམ་འཇའ་ཚོན་འདྲ།

          B
དྲ་མའི་ནང་རོལ་ན། བྱིས་པ་ཚོ།
རྡང་ལ་བབས་པའི་བྱེའུ་ཁྱུ་བཞིན།
གཟབ་ནན་དང་ལྷིང་འཇགས་ཁྲོད་ནས་རྒུམ་ལ་རེ།
ཞ་སྨྱུག་ཐུང་ཐུང༌།
གབ་ཚིག་སྟོང་ཕྲག་ལ་གཏད་པའི།
ལྕགས་ཀྱི་མཆེ་སྡེར་རམ།
ཡང་ན། ཤེལ་གྱི་མར་མེ་དང་མཚུངས་ལ།
སྣེ་མོ་རལ་བའི་འབྲི་ཤོག་དཀར་པོ།
ཅི་ཞིག་གི་ཡིན་ལུགས་སློབ་པའི་རྩེ་ར་འདྲ།
            C
དྲ་མའི་ཕྱི་ནང་ན། བྱིས་པ་ཚོ།
ཀ་ཁའམ་གང་ལ་མ་ངེས་པའི་དབྱངས་རྟར་ཞོན་བཞིན།
བྱ་རྒོད་ཅིག་གི་གཤོག་རྗེས་བསྙེགས་ཤིང༌།
རང་ལ་དབང་བའི་ནམ་མཁའ་སྒོར་མོའི་ཀློང་ནས།
འོད་ཟེར་ཐན་ཐུན་འཐུང་བཞིན་དལ་གྱིས་འཚོ།

བྱིས་པ་ཚོ། དྲ་མའི་ཕྱི་ནང་ན།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།