མཚོ་སྔོན་པོ།

དད་འདུན་སྟོང་ཕྲག་གིས། ང་དང་ངའི་དགེ་གྲོགས་ཚོ།
མཁའ་མཐའ་མྱུལ་བའི་བྱེའུ་ཁྱུ་བཞིན།
འཕུར་ཐེངས་གཅིག་གིས་དགུ་ཆུའི་མགོ་ཁུངས་ནས་ཆས་ཏེ།
རྨ་ཆུའི་རབ་ཁའམ་རི་བོ་ཉི་ཟླའི་ཐོང་ག་བརྒྱུད་ནས།
ཁྱེད་གཅིག་པུའི་རྔམ་ཟིལ་དང་མཛེས་སྡུག་འཐུ་བར་ཡོང༌།

མཚོ་སྔོན་པོ།
སྔོ་ལྟེམས་མེར་འཁྱིལ་བའི་འགྲམ་ངོགས་ན།
སྐྲ་སེར་པོ་དང་མིག་སྔོན་པོས། གཟབ་ནན་གྱིས།
ཁྱེད་ཀྱི་ཟབ་ཚད་དང་རིན་ཐང་གླེང་དུས།
ངས་ང་རྒྱལ་གྱིས། རླུང་རྟ་སྤུར་བཞིན་ཀི་རེ་བཏབ་ཅིང༌།
ཨ་མས་ལམ་འཇུག་བྱས་པའི་གཏེར་རྫས་ཤེད་ཀྱིས་སྤུར།
ད་དུང༌། ངས་རླུང་ཁ་ནས་ལྭ་བ་ཕུད་དེ།
ཁྱེད་ཀྱི་དྲོད་གྲང་དང་ཞིམ་མངར་མྱངས་ཤིང༌།
སྐར་ཚོགས་བཞིན་བཀྲ་བའི་མཚོ་གཏིང་གི་རྡེའུ་དཀར་སྒྲུག

མཚོ་སྔོན་པོ།
མཚོ་སྙིང་དེ། སུ་ཞིག་གིས་བཙུགས་པའི་མཆོད་སྡོང་འདྲ་ལ།
འདྲེ་མོ་བྲག་དཀར། གང་ཞིག་ནས་ལྷུང་བའི་ཕྱེ་ལེབ་འདྲ།
ད་དུང༌། བྱ་གླིང་ན།
རང་དབང་གིས་འཚོ་བའི་བྱ་དཀར་ནག་གི་ཁྱུ།
དུས་ཚིགས་ཀྱི་དྲོད་འཇམ་ལ་འཁོར་བའི་རླུང་རྟའམ།
མཛེས་སྡུག་གམ་ཕུན་ཚོགས་ཀྱིས་བསྡུས་པའི་མངའ་འབངས་འདྲ།

མཚོ་སྔོན་པོ།
བྱ་ཁྱུའི་མགྲིན་དབྱངས་སམ་གཤོག་སྒྲའི་ཀློང་ན།
པར་ལེན་འཕྲུལ་ཆས། མི་ཚོགས་ཀྱི་འཚང་ཁ་གཤགས་ནས་གློག་བཞིན་འཁྱུག་ལ།
འགྲུལ་བཞུད་རླངས་འཁོར། འཕྲོ་རིམ་འཕྲོར་བར་སྣང་གི་སྤྲིན་བཞིན་འཁྲིགས།

མཚོ་སྔོན་པོ།
ཧ་ཅང་མཐོ་ས་ནས། མི་རིགས་འདིའི་སེམས་པ་བཞིན།
ཧ་ཅང་མཛེས་སྡུག་གིས་འཁྱིལ་ཅིང༌།
ཧ་ཅང་དྭངས་གཙང་གིས་འཕྱོ་བ།
ཇི་འདྲའི་སྙིང་དུ་སྡུག་ཨང༌།

མཚོ་སྔོན་པོ།
ཡོང་ཁ་དེར་ཡང༌། ང་ཚོས་ཁྱེད་ལ།
མདའ་བཞིན་དྲང་བའི་གཞུང་ལམ་གྱི་ཁུགས་ན།
བྱ་བཞིན་འཕུར་བའི་རླངས་འཁོར་གྱི་སྒེའུ་ཁུང་ནས།
མགོ་བོ་ཕྱིར་བསྲིངས་ཏེ། ལག་པའམ་ཞྭ་མོ་གཡུག་གཡུག་གནང༌།
ང་ཚོ། བློན་པོ་གསེར་ཆེན་གྱི་རི་འདབས་ལ་འབྱོར་དུས་དེར་ཡང༌།
ངས་རི་རྩེའི་ཁ་བར་ལྟ་བཞིན།
<<མཚོ་སྔོན་པོའི>>གླུ་དབྱངས་ཡང་བསྐྱར་ཐེངས་གཅིག་བླངས།

མཚོ་སྔོན་པོ།
ཇི་སྲིད་འཚོ་བཞེས་ཀྱི་བཞི་མདོ་ན། ཁྱེད་ནི།
ང་རྒྱལ་དང་གཟི་བརྗིད་ཀྱིས་འཕྱོ་བའི་མཐོ་སྒང་གི་མ་ཡུམ་སྟེ།
སུ་ཞིག་གི་རྨི་ལམ་ལ་འཁོར་བའི་རྒྱབ་རྟེན་རེད།
གང་ཞིག་གི་མིག་ལམ་ན་གཡོ་བའི་མདུན་ལྗོངས་རེད།

མཚོ་སྔོན་པོ། མཚོ་སྔོན་པོ།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོ།

2008-11-24 ཁྱུང་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།