སྙན་ངག་གི་ཕོ་བྲང་དང་དེའི་སྐུ་དྲག་ཚོ།

ཧ་ཅང་ལྗིད་པའི་ལོ་ཟླའི་མངའ་འོག་ཏུ་དུས་ནམ་ཞིག་ལ་ཚུད་པ།
ཉི་ཟླ་ཁོ་ན་རི་རབ་ཀྱི་ཡང་རྩེར་ཐེངས་དགུ་ལ་བདེན་དཔང་དུ་ཤར་ཆོག
རི་ལུང་མང་པོ་བརྒལ་ཏེ་ཅི་ཞིག་འཚོལ་འདོད་ཀྱི་སྙིང་ཆུང་གི་འདེགས་ཤུགས་དེས།
རྡོ་བཞིན་འགྱིང་ལ་ཆུ་ལྟར་མཉེན་པའི་ཡུལ་གྲུ་དེར།
ལས་སྐལ་གྱི་ལྷ་དབང་ལ་སྙན་ངག་གི་ཕོ་བྲང་བཞེངས་ཤིང་མོད་གླུ་རྩོམ།
ཁྱོད་ཚོ། མཚན་མོ་དེའི་རྨི་ལམ་གྱིས་བསླངས་རྗེས་ཕྱིར་གཉིད་པའི་ཁེར་རྐྱང་པ་ཚོ་ཡིན་ལ།
ཆེས་ཐོག་མའི་རྨི་ལྟས་ངོ་མཚར་བ་དེས་ཕྱི་མར་གདམས་པའི་ལུང་བསྟན་རྙེད་མཁན་ཚོ་ཡང་ཡིན།
ཁྱོད་ཚོ། མི་རང་དབང་ཅན་སྐོར་ཞིག་གི་ཁྱིམ་གཞི་ཆེན་པོ་སྟེ།
འཇིག་རྟེན་འདིར་ཆེས་རིང་བའི་ལམ་ཐག་འདོམ་གྱིས་འཇལ་འདོད་ལ།
མི་ཡུལ་འདིར་ཆེས་ཆུང་བའི་རྒྱུ་མཚན་མཆི་མས་འབྲི་འདོད།
ཁོར་ཡུག་ཐམས་ཅད་རང་སེམས་སུ་ཇི་སྲིད་དུ་བཀྲམ་སྟེ།
སྐྱེ་དངོས་ཡོད་ཚད་དེ་སྲིད་དུ་མཛེས་སྡུག་གིས་རུམ་པ།
ཁྱོད་ཚོས་རང་ལུགས་སུ་བགྲང་བ་འཁོར་བ་འདིའི་རླབས་ཆེན་གྱི་མཛད་སྤྲོད་ལགས།
གནམ་སའི་བར་མཚམས་ཀྱི་མཁའ་དབུགས་རེ་འབྱིན་རྔུབ་བྱེད་པ་ལས།
ཁྱོད་ཚོས་ཕྱོགས་བཞི་ན་ཐོབ་འདོད་ཀྱི་ལག་པར་བགོ་སྐལ་བླངས་མ་མྱོང༌།
གསེར་གྱི་མཛུབ་དཀྲིས་རྡུང་མ་མྱོང་ཞིང་གཡུ་ཡི་རྣ་ལུང་བཏགས་མ་མྱོང༌།
མུ་ཏིག་གི་སྐེ་རྒྱན་བརྒྱུས་མ་མྱོང་ཞིང་གཡུ་ཡི་རྣ་ལུང་བཏགས་མ་མྱོང༌།
ད་བར་དུ་ཆགས་འཇིག་ཁྲོད་འབར་བའི་ཕོ་བྲང་དེའི་འབྱོར་ཕྱུག་ཟོས་ཤིང༌།
ཤི་རག་བར་དུ་མུན་ནག་ནང་འཚེར་བའི་ཕོ་བྲང་དེའི་དབང་ཐང་བཏུང་ངེས།
དད་ལྡན་ཚོའི་རུས་རྐང་ལ་དགུན་འཁྱག་གི་དུས་ཚིགས་སྒོམ་དུ་འཇུག་བཞིན།
ཁྱོད་ཚོས་ནང་བསུ་བྱེད་འདོད་ལ་སྐྱེལ་མ་མེད་པའི་གོམས་གཤིས།
མེས་པོ་ཚོས་བཞག་པའི་སྲོལ་རྒྱུན་སྔ་མོ་ནས་བོར་སོང་ཡང་སྲིད།
གང་ལྟར། ཁྱོད་ཚོ་སུ་ལའང་མི་འབྱོར་བའི་མེ་རི་ཆུང་ཆུང་ཞིག
སྟེང་ན་མཚན་མོའི་བཞུགས་ཁྲི་གཏོར་བའི་དམྱལ་བའི་མེ་ལྕེ་འཕྱོ་ཞིང༌།
འདབས་སུ་འཁྱག་པའི་གནས་མལ་བསྲེག་བྱེད་སྲིད་པའི་མེ་ཕུར་འཕྱུར།
རྒྱུ་འབྲས་ཀྱི་མགོ་ལྟག་ལ་མཛུབ་མོ་རྟག་བརྟན་དུ་ཀེར་ནས།
སུ་ཞིག་གིས་ཁྱོད་ཚོར་རྒྱལ་ཁའི་ཕྱག་རྒྱ་ཆེན་པོ་གནང་འོངས།
རྡོ་ལས་མྱུ་གུ་འབུས་བཞིན་པའི་ཚད་མ་གང་སར་ཁྱེར་ནས།
སུ་ཞིག་གིས་ཁྱོད་ཚོར་བདེན་ཁའི་ཁ་གཡང་བསྒྲགས་བྱུང༌།
ཁྱོད་ཚོས་ནམ་ཡང་ཕོ་བྲང་གི་དབུས་སུ་བཙུགས་པའི་དར་ལྕོག་མཚོན་ཐུབ་ཅིང༌།
སྐག་སེ་འགྱེལ་མི་ཐུབ་པའི་གདོང་དུ་ཇི་བཞིན་ལངས་ཆོག
ཕོ་བྲང་ཕྱི་རོལ་གྱི་བུད་མེད་ཚོའི་ཕྱོགས་ངོས་གཅིག་ལ་ལྟ་བཞིན།
ཕྱི་རོལ་གྱི་གཏམ་རྒྱུད་གང་མང་གླེང་ཞིང་དུས་ཀྱི་མཐའ་མ་ཚོད་བགམ་བྱེད།
མ་འོངས་པའི་བྱིས་པ་ཚོས་ཕོ་བྲང་འདིའི་སྐུ་དྲག་ཚོ་དྲན་དུས་གླེང༌།
བྱིས་པ་ཚོས་ཕོ་བྲང་འདིའི་ལོ་རྒྱུས་འབྲི་བ་སོགས་རེ་རེ་བཞིན་གླེང༌།
གླེང་མི་ཚར་བའི་འཇིག་རྟེན་འདིའི་བདེན་རྫུན་དང་རྒྱལ་ཕམ་གླེང་བཞིན།
སྐུ་དྲག་ཚོས་སྔ་མོ་ནས་རང་ལ་ཁ་ཆེམས་ཤིག་འཇོག་འདོད་སྐྱེས་པས།
ཡང་བསྐྱར།  རྒྱང་ཐག་རིང་བའི་མི་ཡུལ་ལ་སྨྱུ་གུ་གཏད་དེ།
བཟོད་དཀའ་བའི་ན་ཟུག་འཚོལ་ཞིང་ཡིད་མུག་པའི་ཁ་དོག་འཛིན།
ཁྱོད་ཚོའི་མགོ་འཕང་དེ་འདྲའི་མཐོ་བའི་ང་རྒྱལ།
རི་བོ་མཐོན་པོའི་རྩེ་མོ་གང་ལྟར་མི་སྒུར་བའི་བདག་ཉིད་ཅན་ཏེ།
ཁྱོད་ཚོའི་དབུ་སྐྲ་དེ་འདྲའི་རིང་བའི་གཟི་བརྗིད།
རྨ་ཀླུང་རིང་མོའི་བཞུར་རྒྱུན་ཅིས་ཀྱང་མི་ཆད་པའི་རང་གཟུགས་ལགས།
ཁྱོད་ཚོ་འདི་ལྟར་གཞུང་དྲང་གིས་ཕྱོགས་བཞི་ལ་འཕུར་འདོད་ཆེ་བ།
སངས་མཐའ་མེད་པའི་རྨོངས་དད་ཅིག་གམ་ནོར་འཁྲུལ་ཞིག་ཡིན་ཀྱང་སྲིད།
ཁྱོད་ཚོ་སྔར་བཞིན་གདུག་རྩུབ་ཀྱི་འཇིངས་དང་གྱེས་ནས།
ཁྱོད་ཚོ་སྔར་བཞིན་ཞི་འཇམ་གྱི་ངོགས་སུ་སྣུར།
སྙིང་ཁོང་དུས་མཐའ་ནས་ས་མཐའ་རུ་གཡའ་དག་པའི་སྨོན་ལམ་བཞག་ཅིང༌།
སྨོན་ལམ་གྱི་དབུས་སུ་ཚེ་སྲོག་གི་མྱུ་གུ་འབུས། ལང་ཚོའི་རྨ་ཁ་སྨིན།
ཨ། ཆེས་ཟབ་པའི་རྨ་ཁ།
དུས་རབས་འདིར་བསྐྱུར་བའི་མཐའ་མཇུག་གི་དམར་མཆོད་ཐེངས་གཅིག་ཡིན།
ལོ་ངོ་ཅི་ཙམ་ཞིག་ངའི་མིག་མདུན་ནས་བསམ་མེད་ཚོར་མེད་དུ།
ཉི་མ་དང་ཟླ་བ་བརྒྱུད་ནས་དོན་མེད་དུ་རྒས་སོང་རུང༌།
འདི་ལྟ་བུའི་ཞོགས་པ་དང་ས་སྲོད་རེ་རེ་བརྒལ་ནས།
ཁྱོད་ཚོ། འཇམ་ཅག་གེར་ང་ཚོའི་གྲོང་ཚོ་རུ་བབས་ལ།
ང་ཚོའི་ལས་དབང་གི་ཐང་ཆེན་འདིར་ཁ་བ་ལྟ་བུའི་བསམ་བློ་བསྣན་མྱོང་ཨང༌།
ཚེ་ཚེ་རབས་རབས་སུ་འཁྱམ་པའི་རྒྱལ་ཁམས་འདིར།
ཡོད་ཚད་ཕྱི་མིག་ཏུ་བཟོས་པའི་རྡོ་ཡི་སྣང་གཟུགས་ཡིན་མི་སྲིད།
ང༌། གྲང་ངར་གྱི་རླུང་འཚུབ་དམར་པོར་ལྷབ་ལྷུབ་བསྐྱོད་ཀྱིན།
ང༌། རྐང་གླིང་གི་སྒྲ་དབྱངས་ལྗིད་མོར་བན་བུན་འཐོར་བཞིན།
ཁྱོད་ཚོ། སྙན་ངག་གི་ཕོ་བྲང་དང་སྐུ་དྲག་ཚོ།
ངས། ཚེས་ཐོག་མའི་གསོལ་བ་འདེབས་བཞིན་རྒྱང་ལྟ་བྱས་མྱོང༌།
ངས། ཆེས་མཐའ་མའི་མིག་ཆུ་ཕྱིས་བཞིན་ཡིད་སྨོན་སྐྱེས་མྱོང༌།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ཕོ་བྲང་དང་དེའི་སྐུ་དྲག་ཚོ།

2008-11-24 ལྷ་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།