རི་བོའི་ཕ་རོལ།

རི་བོའི་ཕ་རོལ་ན། ངའི་རྨིས་མ་མྱོང་བའི་རྨི་ལམ་ཡོད་ལ།
ངས་དྲན་མ་མྱོང་བའི་གཏམ་རྒྱུད་ཀྱི་རྒྱུན་མཐུད་བཞིན་ཡོད་ངེས།
ངས་རང་ཉིད་ཀྱི་ལང་ཚོ་ཁ་བ་ལྟར་གཡེང་ཞིང་མཆོད་ནས།
ཉི་འོད་འོག་ཐེངས་མང་པོར་བཞུས་ཤིང་བསྡམས་དོན་ཅི།
ད་བར་དུ་ང་རི་ཚོགས་ཀྱི་ཕ་མཐར་བརྒལ་མ་ཐུབ་ལ།
རི་རྩེར་འགྲེང་ནས་ཉི་གཞོན་གསར་བ་ཞིག་ཀྱང་པང་དུ་བསུ་མ་ནུས།
ང་ཉིན་བཞིན་ཚ་བས་མནར་བས་གཙང་ཆབ་སྔོན་མོ་ཞིག་ལ་རེ་བཞིན་ཡོད།
ང་མཚན་བཞིན་གྲང་བས་གཙེས་པས་མེ་དཔུང་དྲོན་མོ་ཞིག་ལ་སྒུག་བཞིན་མཆིས།
སྡུག་བསྔལ་ཀུན་གྱི་རྩ་བའི་ནང་རོལ་དུ།
ང་ཡན་ལག་ཅིག་གི་ཚུལ་གྱིས་ཡང་ཡང་བརྟས་པ་ནི།
ངའི་སྨོན་ལམ་སྲབ་ཅིང་ངའི་དད་འདུན་ཆུང་བའི་རྐྱེན་གྱིས་ཡིན་ནམ།
ཡང་ན་ང་རང་གང་ལའང་མི་སྙེག་པའི་རྐྱེན་དང༌།
གང་ལའང་འདོད་སྲེད་མེད་པའི་རྐྱེན་ཏེ།
ངའི་ནང་སེམས་ལ་སྣང་བ་ཕྲ་བའི་རྐྱེན་ཡིན་ངེས།

རི་བོའི་ཕ་རོལ་ན། བདག་ལ་དར་ཁ་འགྲིག་པའི་མདུན་ལྗོངས་ཡངས་ཆོག
ཉམ་ཆུང་གི་སེམས་འདུན་དེའི་འོག་ངས་ཡང་བསྐྱར་ཕ་རོལ་གྱི་ཡུལ་གྲུ་དེར།
ལག་སྙོབ་ཐེངས་གཅིག་བྱེད་འདོད་ཀྱི་སྙིང་རུས་བསྐྱེད་ལ།
བྱེའུ་ཞིག་གི་གཤོག་རྡེབ་ཀྱིས་ནམ་མཁའི་ཕྱེད་ཀ་གཅོད་འདོད་ཀྱི་བློ་ཁ་བསླངས།
ང་ཇག་རྐུན་བཞིན་གསང་སྟབས་ཀྱིས་གནས་ཚང་གཞན་ཞིག་ལ་སྤོ་དགོས།
ང་ལྷ་ཚོགས་བཞིན་བག་ཕེབས་ངང་ཡུལ་གྲུ་གཞན་ཞིག་ལ་འབབ་དགོས།
དུས་ཚིགས་སྟོང་ཕྲག་གི་མཛེས་སྡུག་བསྐྱུར་ནས།
ང་དང་ངའི་གཉེན་ཉེ་ཚོགས། ངའི་ཕ་ས་དང་གནས་མལ་ལ།
ཡིད་ཆེས་ཀྱི་ཕྱི་མིག་ཅིག་འཇོག་འདོད།
ང་དང་ངའི་རི་ཆུ་ཚོགས། ངའི་མངའ་ཐང་དང་གྲོང་ཚོ་ལ།
ལྗིད་དྲགས་པའི་འཕྲིན་ལན་ཞིག་བསྐུར་འདོད།

རི་བོའི་ཕ་རོལ་ན། ལུ་གུའི་འབའ་སྒྲ་ཐོས་མི་སྲིད་ལ།
འབྲི་མོའི་ངུར་སྒྲ་དང་གཞོན་ནུ་མའི་རྫི་གླུའང་ལྡང་མི་སྲིད།
རྒྱུ་སྐར་ཐ་ཐོར་གྱིས་ནམ་མཁའི་ན་ཟུག་གླེང་ཞིང༌།
སྤྲིན་པ་རབ་རིབ་ཀྱིས་ཉི་མའི་མྱ་ངན་བསྒྲུགས།
བཙན་ཚུགས་ཀྱི་འཕེལ་འགྲིབ་ལས་ཐོན་པའི་སྐྱོ་གདུང་གི་གྲོང་ཁྱེར།
ཁེར་རྐྱང་གི་གྲོང་ཁྱེར་ཁྲོད་ངས་རི་རབ་ཀྱི་གཟི་བརྗིད་དྲན་ཞིང༌།
ངས་རླབས་ཆེན་གྱི་ཕུགས་འདུན་དེར་བརྩེ་འདང་སྒྲོགས།
རི་བོའི་ཕ་རོལ་ན། མིག་ཆུ་དྲོན་མོས་འདུན་པ་ཞིག་གི་བདེ་སྡུག་འདྲེན་ལ།
རི་བོའི་ཕ་རོལ་ན། སྨྲེང་སྐྱོ་མཐུག་པོས་སེམས་འགུལ་ཞིག་གི་དགོངས་དོན་གླེང༌།
ཕྱི་རོལ་དུ་དཔྱིད་རླུང་གི་གཡབ་མོ་ལྷག་པར་འཇམ་ནའང༌།
ཕྱི་རོལ་དུ་སྙིང་དབུས་ཀྱི་བང་རིམ་ད་ནས་ཐོལ་གྱིས་རྡིབ།

རི་བོའི་ཕ་རོལ་ན། སྙིང་ཉེ་ཚོ་ཕྱོགས་བཞི་ནས་འདུས་མི་ཐུབ་ལ།
བགྲོ་གླེང་གོར་མོ་ཞིག་ཀྱང་བསྒྲིགས་མ་ཐུབ།
ང་ཚོའི་བྱིས་བློ་ལྟར་དྭངས་པའི་མཛའ་བརྩེ་མཁའ་དབུགས་ལས་མཆེད་པས།
ལས་སྐལ་གྱི་ཕུགས་བསམ་ལ་རམ་འདེགས་ཁ་ཤས་བསྣན་འོངས།
དེ་ལྟར་ཁུ་སིམ་མེར་སྐྱོ་གླུ་རེ་རླུང་ཡན་ལ་བསྡེབས་པ་ལས།
གནས་ལུགས་དང་འབྲས་བུས་བརྒྱན་པའི་སྟོན་ཁ་ཞིག་མཐོང་མ་ཐུབ།
འདི་ལྟར་གྲགས་འགུལ་མང་པོའི་ཁྲོམ་སྲང་ནི།
ས་ཆེན་གྱི་གདོང་ཤུན་ན་འཛུམ་པའི་རྨ་ཁ་ཁྲི་ཕྲག་ཏུ་གྱུར་རུང༌།
ངའི་དུངས་ཞེན་གྱིས་འོད་མདངས་ཟབ་མོའི་བཞུར་རྒྱུན་འདེད་བཞིན།
རྨ་ཆུ་ངའི་ཆེད་དུ་བསྐམས་ཤིང་མེ་ཏོག་ངའི་ཆེད་དུ་རྙིད་ནའང༌།
ང་རང་འདུག་དབང་མེད་པའི་ཡུལ་གྲུ་ལས་ཕྱིར་བཟློག་པའམ།
ཡང་ན། ཐོབ་མི་སྲིད་པའི་འཇོན་ཐང་ལ་དེ་བས་ཀྱང་རྔམ་དགོས་སམ།
གང་ལྟར། རི་བོའི་ཕ་རོལ་གྱི་ཕ་རོལ་ནི།
རྐང་ཐང་གིས་བགྲོད་པའི་ལམ་འགྲོ་བ་ཞིག་ལ་མཚོན་ན།
མི་ཚེ་གཅིག་གི་འགྲུལ་བཞུད་ཀྱི་ལམ་ཐག་ཡིན་རུང༌།
ངས་ད་དུང་ཞེན་ས་ཆགས་ཡུལ་བོར་ནས་མདུན་དུ་ནུར་ཆོག

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོའི་ཕ་རོལ།

2008-11-24 ལྷ་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།