གངས་དགའ་གཡུ་མཚོ།

         ༡
ཁྱོད་ཀྱི་བྱིས་དུས།
སྦྲའི་ཁ་ཚུབ་ལས་འཕགས་པའི་ཚེས་རིས་དང་འདྲ་བའི།
ནོར་གནག་གི་རྨིག་རྗེས་དག་ཡིན།
        ༢
ཨོང་བའི་མེ་རླབས་ཁྲོད་ནས་ཁྱོད་ཀྱི་ལང་ཚོ་འབར།
འོ་ཟོ་ལས་བསྲུབས་པའི་འབྲི་མར་སྣུམ་པོ།
ཁྱོད་ཀྱི་སྐེ་རྒྱན་བར་ནས་གྱེས་ཤིང་མཐོ་རུ་འཕགས།
ཚག་རྒྱན་གྱིས་སྐྲ་རྟིང་ལ་བཏབ་པའི་ན་ཟུག
གཡང་དཀར་གྱི་བལ་སྣེ་ལ་བཀལ།
         ༣
ཁ་བ་ཧ་ཅང་མཐུག་སར།
རྨི་ལམ་དེ་བཞིན་ཟབ།
          ༤
དུས་དེར། ཁྱོད་ཀྱི་སྣུམ་ཞག་འཁྱིལ་བའི་མིག་ཟུང༌།
རྒྱང་རིང་མཁའ་མཐའི་མཚམས་སྤྲིན་ལ་བཀལ་བའི།
ཆེས་སྙན་པའི་ལྗང་མདོག་གི་ལ་གཞས་ཤིག
ཡིན་ཡང༌། ཁ་བར་རོལ་དབྱངས་མེད་པ་བཞིན་བྲག་ཅའང་མེད།
           ༥
ཉིན་བྱེད་ནོར་གནག་གི་རྭ་བར་ན་འཕག་འཚག་བྱེད།
ཁ་བས་གནག་ཕྱུགས་ཀྱི་སོག་སྒང་ནས་སྐད་ཅིག་གི་བདེ་དྲོད་བཙལ།
ཡོད་ཚད་སྦྲའི་ཁ་ཚུབ་ལས་ལྷུང་བའི་གངས་འདབ་ཅིག་གི་གཏམ་རྒྱུད་ཡིན་ནམ།
           ༦
ཁྱོད་ལ་མཐོ་སྒང་དང་འདྲ་བར་འདོད་འདུན་ཅི་ཡང་མེད།
གཞུང་དྲང་གི་མི་ཞིག་བྱས་ཏེ།
ཨུ་ཚུགས་མེད་པའི་མོས་འདུན་ཉམ་ཆུང་འདི་ཙམ་ལའང༌།
ཆེས་ཆེ་བའི་རིན་ཐང་འཇལ་དགོས།
དེ་བས་ཁྱོད་རང་ངུ་མ་མྱོང༌།
         ༧
མཐོ་དྲགས་པའི་གདོད་མའི་ཟླ་བ་དེ།
ས་སྒང་གི་སྔས་མགོ་ནས་སྔར་བཞིན་འཕགས་དུས།
ཁྱོད་ཀྱིས་རྩམ་སྐྱ་མཆི་མས་རྫི་བཞིན་ཨ་མ་དྲན།
ཁྱོད་ནར་སོན་པའི་མཚན་མོར།
ཨ་མའི་དབུ་སྐྲའི་སྟེང་དུ་དཀར་ཞིང་མཐུག་པའི་ཁ་བ་བབས།
          ༨
མཚན་མོ་དེར་སྐར་ཚོམ་དང་ཟླ་གོར་ཁྱོད་ཀྱི་འོ་ཟོ་ལ་ལྷུང༌།
དེ་ནི་སྔར་བཞིན་རོལ་དབྱངས་དང་ཚོན་མདོག་མེད་པའི་མཚན་མོ་ཞིག་ཡིན།
སློག་པའི་སྤུ་གསེབ་ནས་ཁྱོད་ཀྱི་ལུས་དྲོད་བཞུར།
སྦྲའི་ཁ་ཚུབ་ལས་ཁྱོད་ཀྱི་རྨི་ལམ་འཕུར།
ནམ་ཡང་བརྩེ་དུངས་ལ་འཇུས་པའི་ལག་པ་དེ།
ཐོག་མར་ཁྱོད་ཀྱི་རུམ་ལ་བསྲིངས་དུས།
ལ་གཞས་ལས་ཞིམ་པའི་བཟི་ཁ་མངར་མོ་ཞིག་ལས།
གཞན་ཅི་ཡང་ཤེས་འདོད་མེད་ལ་ཤེས་དགོས་དོན་ཅི།
           ༩
དེ་ནས་བཟུང༌།
གནམ་ས་བསྣོལ་མཚམས་ཀྱི་ལམ་སྣེ་དེ་ན།
ཁྱོད་ཀྱི་རེ་སྒུག་དང་ཡོད་ཚད་ལྷབ་ལྷུབ་ཏུ་གཡོ།
ཧྲལ་ཧྲུལ་དུ་འཕྱོ།
དེ་ནས་བཟུང༌།
ཁྱོད་ཀྱི་ཚོན་མདོག་གི་རྨི་ལམ་ཐ་དག
ནར་སོན་པའི་ཤ་ཁྱིའི་མིག་ཟུང་ལས་རྒས་གཉེར་ཆགས།
           ༡༠
སྟོང་འཇགས་ཀྱི་སྦྲའི་ཁ་ཚུབ་ལས།
མཐོ་དྲགས་པའི་ཁེར་རྐྱང་གི་ཟླ་བ་དེ་སྔར་བཞིན་འཚེར།
གངས་དགའ་གཡུ་མཚོ།
ཁྱོད་ཀྱི་མིག་ཟུང་ནི་ནམ་ཡང་གནག་སྣུམ་གྱི་ལ་གཞས་ཟླུམ་པོ་གཉིས།
གངས—དགའ—གཡུ—མཚོ།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་དགའ་གཡུ་མཚོ།

2008-11-24 བྱ་གཞུང་གཡང་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།