ཉི་མ།

དེ་རིང་ཡང་གཞི་ནས་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རེད།
སྔོ་བསངས་ཀྱི་མཁའ་དབྱིངས་སུ་སྤྲིན་པ་ཚོམ་བུར་བཀྲ་ལ།
ངའི་རྨི་ལམ་གྱི་བྱང་ཐང་ལ་བབས་པའི་ཁ་བ་ཡང་ཉི་མས་བཞུས་ཤིང༌།
བྱིའུ་འགའ་རེ་ཡང་སྐད་སྙན་ཅ་ཅོར་སྒྲོག་བཞིན་རྒྱང་ནས་རྒྱང་ལ་འཕུར།
ངའི་བསམ་གཞིགས་ཀྱི་སྣེ་མོ་ན་གཡོ་བའི་དྲན་སྣང་ཝལ་ཝོལ་ཡང༌།
ཉིན་མོ་འདིའི་སྦུབས་སུ་འཕྱོ་བཞིན་འཕྱོ་བཞིན་གང་དུ་ཡལ།
ཉི་མ། གསེར་གྱི་གདུ་བུ་འཆང་བའི་ཉི་མ་སེར་པོ།
ངའི་ཉིན་མོ་འདིའི་མགྲོན་དུ་ཕེབས་བྱུང༌། གསེར་འོད་ཀྱི་ལེགས་སྐྱེས་བསྣམས་ནས།
ངའི་དོན་སྙིང་ལྡན་པའི་ཉིན་མོ་འདིའི་མགྲོན་དུ་ཕེབས་པས།
ཉིན་མོ་འདི་ཇི་འདྲའི་མཛེས་ལ་ཇི་འདྲའི་མཛེས་ཤིང་ཇི་འདྲའི་མཛེས།
ད་དུང༌། ལྷོ་མཐའ་ནས་འཕྱུར་བའི་ཆུ་འཛིན་གྱི་ཕུང་བོ་འདི་དག་ཡང༌།
དལ་བ་དལ་བུར་འགུལ་འོང་ནས། ངའི་ཉིན་མོ་འདི་ལ་ཤིས་པ་བརྩེགས་པས།
ངས་མི་མངོན་པའི་གནམ་གྱི་གཏིང་མཐའ་ནའང༌།
གཟུགས་མེད་ཀྱི་ལྷ་དང་ལྷ་མོའི་ཚོགས་ཀྱིས།
ངའི་ཉིན་མོ་འདི་ལ་བདེ་ལེགས་ཀྱི་ཁ་གཡང་སྩོལ་བཞིན་ཡོད་སྙམ།
དེ་ལྟར། ངའི་ཉིན་མོ་འདི། ཨ་མའི་པང་དུ་གཟིམས་པའི་བུས་པ་ནང་བཞིན།
རང་བྱུང་ཁམས་ཆེན་པོའི་ཕང་བ་རུ་བདེ་བར་འཚོ་སྡོད་དུས། དལ་བ་དལ་བུར།
ཕྱོགས་བཞི་ནས། མུན་ནག་གི་མཆེ་སྡེར་རྣོན་པོ་གཟེངས་གཟེངས་ངང་ཐོན་ཞིང༌།
ཉི་མ། རྟ་མཆོག་བདུན་པོས་ལྐོག་གཡོས་ཁྲིད་ནས་རྒྱང་དུ་ཕྱིན་པས།

ངའི་དོན་སྙིང་ལྡན་ལ་གཟི་འོད་འཕྲོ་བའི་ཉིན་མོ་འདི་ཡང་དེ་ལྟར་མཇུག་རྫོགས། 
                           1997.5.29

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ།

2008-11-24 དཔལ་ལྡན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།