བདེན་པའི་ལྷ་མོ།

བདེན་ལུགས་ཡོད་ཚད་ཀྱི་བརྩེ་དུང་འཁྱེར་བའི་བདག་གི་ལྷ་མོ།
ཁྱེད་ཀྱི་སེམས་ཁོང་དུ་འགྲིམས་པ་ནས་ཉིན་ནུབ་ཀྱི་གོ་རིམ་འཆོལ་ཞིང༌།
ཚེ་སྲོག་གི་གཏིང་མཐའ་ཀུན་ལ་ཁ་བའི་འཁྱག་ཉེས་གྲངས་མང་ཐེབས།
                 1
སྒེའུ་ཁུང་ཆུང་ངུ་ལས་འཕྲོས་པའི་ཉི་ཐིག་ཕྲ་མོས།
དུས་ཚོད་ཀྱི་སྔ་རོལ་ཏུ་བྱུང་བའི་རྟོགས་བརྗོད་དེའི་མཇུག་བྱང་གླེང་ལ།
ཡང་ཉི་འོད་ཀྱི་ཟེར་བརྒྱས་མ་བཏབ་པའི་ཡུལ་ལྗོངས་གང་དེའི་ལྗང་མདངས་ཀློག

ཐག་རིང་ནི་བྱ་གླག་གི་གཤོག་འགྱུར་འགྱུ་སའམ་མེ་ཏོག་གི་རིས་མདངས་འཚེར་ས།
ཡང་ན་ལྷིང་འཇགས་ཀྱི་རྨི་ལམ་དང་བརྩེ་དུང་གི་རྒྱུན་ངོགས་ན་གཡོ་བའི་ལྷ་མོ།
མཛེས་སྡུག་གི་སེང་རས་ནག་པོས་སྒྲིབ་གཡོགས་ཀྱིས་རྐྱེན་པས།
བདག་གི་སྐྱེད་ཚལ་ཡངས་པོའི་དོ་ར་ན་རྣམ་ཀུན་བག་ཕེབས་ངང་རྒྱུ་ཞིང༌།
སྒེའུ་ཁུང་ཆུང་ངུའི་བར་སྣང་ལ་ཟད་མཐའ་མེད་པའི་བསམ་གཞིགས་ཀྱི་ན་ཟུག་སྤུངས།
བདག་གི་ལྷ་མོ། རྒྱང་རིང་ལ་ཆས་ཤིང་ཕྱིར་ཡོང་མེད་པའི་རྔོན་པ་དེ་ང་རང་ཡིན་ནམ།
                  2
ན་བུན་གྱི་འཆིང་རྒྱས་བཏེགས་པའི་གངས་དཀར་གྱི་དབུ་རྩེ་མཐོན་པོ།
གསོལ་འདེབས་ཀྱི་གཞས་དབྱངས་འཁྱིལ་བའི་སྦྲ་ནག་གི་འཇིག་རྟེན་ཆུང་ངུ༌།
བདག་གི་ལྷ་མོ་ཡ། བདེན་ལུགས་ཡོད་ཚད་ཀྱི་བརྩེ་དུང་འཁྱེར་བའི་བདག་གི་ལྷ་མོ།
ཡིད་རྟོན་དང་ཉམས་སད་ཀྱི་ཕ་མཐར་མངོན་ལྐོག་མེད་པའི་ཡི་རངས་སུ་ལ་འབུལ།

མཚོ་མོ་སྔོན་པོ་ཞིག་འཁྱག་པས་བསྡམས་ཚུལ་ངས་ཁྱོད་ལ་མི་འདྲི།
ཁྱོད་ཀྱི་ཟུར་མིག་གིས་སུ་ཞིག་ཐལ་བར་བསྲེགས་པ་ཡང་བཤད་མི་དགོས།
དེ་ནི་བདག་གི་ཡིད་སེམས་ནང་རྒྱུན་པར་འཁོར་མྱོང་བའི་ལྷ་བྱ་ཞིག་ཡིན།
བདག་གི་ལྷ་མོ་ལགས།
                    3
རྨི་ལམ་ཁྲོད། རྡོ་རིང་དང་ཁ་བ་ཉིལ་བའི་ཤུ་སྒྲས་བྱ་གླག་གི་གཤོག་སྒྲ་མནན།
ཁྱོད་ཀྱིས་ཡུལ་ལྗོངས་གཞན་ཞིག་གི་གྲགས་འགུལ་ལ་རྣ་བ་གཏད་རྗེས།
དུས་ཚིགས་འདིའི་ལྷིང་འཇགས་སྟུག་པོའི་ཁྲོད་རང་གི་སྐྱེས་སྐར་གླེང་ཞིང༌།
རྡོ་རིང་དང་ཁ་བ་ཉིལ་བའི་བྱུང་རིམ་ལ་ཡང་བསྐྱར་བསམ་བློ་བཏང༌།

ནམ་མཁའ་དང་ས་གཞི། རི་རབ་གཙང་པོ། ད་དུང་ཕུག་རོན་གྱི་ཁྱུ་ཚོགས།
མེ་ཏོག་དང་འཇའ་ཚོན་གྱི་བསླུ་བྲིད་དབང་གིས་རང་ཉིད་བོར་བའི་ཉིན་མཚན་དེ་དག
ཐག་རིང་གི་གོམ་སྒྲར་སྲེད་ནས་སེམས་ཁོང་གི་སྒོ་མོ་ཆེ་ཆེར་ཕྱེས་པའི་ལོ་ཟླ་རིང་མོ།
ཕོ་བྲང་དེར་བརྗིད་ཉམས་དང་འཆོར་སྒེག་གི་གཟི་བྱིན་སྔར་ལྟར་འབར་ཞིང༌།
ཁྲུང་ཁྲུང་གི་གཤོག་སྒྲོ་ལེབ་མོ་རེའི་སྟེང་ནའང་སྐར་ཚོམ་གྲངས་མེད་ཀྱི་མིག་མདངས་འདུས་ཟེར།
བདེན་ནམ། བདག་གི་བདེན་པའི་ལྷ་མོ་ལགས།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་པའི་ལྷ་མོ།

2008-11-24 དཔལ་ལྡན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།