སྨུག་སྤྲིན་དཀྱིལ་གྱི་འདུ་བྲལ།

ཨོ་རྒྱན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-24

ང་དང་ཁྱེད།
རང་རང་གི་རྐང་ལམ་བརྒྱུད་ནས།
སྨུག་སྤྲིན་གྱི་དཀྱིལ་དུ་འཛོམས།
ང་ཚོར་སྡུག་བསྔལ་མེད་ལ།
སེམས་ནད་ཀྱང་མེད།
ང་ཚོར་གསང་དོན་མེད་ལ།
དོགས་ནད་ཀྱང་མེད།
ང་ཚོའི་ངོ་གདོང་དུ།
འཛུམ་མདངས་ཀྱི་མེ་ཏོག་བཞད།
ང་ཚོའི་མིག་ཟུང་དུ།
ལང་ཚོ་ཡི་མེ་ལྕེ་འབར།
ང་ཚོའི་ཡིད་ཁམས་སུ།
རེ་བའི་འོད་ཟེར་འཕྲོ།

ང་དང་ཁྱེད།
རང་རང་གི་རྐང་ལམ་བརྒྱུད་ནས།
སྨུག་སྤྲིན་གྱི་དཀྱིལ་ནས་བྲལ།
ང་ཚོར་ཐེ་ཚོམ་མེད་ལ།
སྐྱོ་སྣང་ཡང་མེད།
ང་ཚོར་འགྱོད་སེམས་མེད་ལ།
ཕངས་སེམས་ཀྱང་མེད།
ང་ཚོའི་ངོ་གདོང་དུ།
འཛུམ་མདངས་ཀྱི་མེ་ཏོག་བཞད།
ང་ཚོའི་མིག་ཟུང་དུ།
ཤེས་རྟོགས་ཀྱི་གཟུགས་བརྙན་འཆར།
ང་ཚོའི་ཡིད་ཁམས་སུ།
སྨོན་ཚིག་གི་རླབས་ཕྲེང་འཕྱུར།

ང་ཚོས་རང་རང་གི་རྐང་ལམ་དེད་ནས།
སླར་ཡང་སྨུག་སྤྲིན་གྱི་དཀྱིལ་དུ་བསྐྱོད།
མ་གཞི་རྐང་འོག་གི་ལམ་ཆུང་དེ།
མཐའ་བྲལ་སྣེ་མེད་དུ་སྣང་རུང༌།
མདུན་སྐྱོད་ཀྱི་རྟ་ཕོའི་གོམ་ཁ་ཡངས་ན།
ཡུན་རིང་དུ་འཚོལ་བའི་རྨིག་སྒྲ་དེའང༌།
བསམ་བཞིན་རྐང་ལམ་ལ་ཕབ་པར།
ང་ཚོར་ཡིད་ཆེས་ཡོད།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨུག་སྤྲིན་དཀྱིལ་གྱི་འདུ་བྲལ།

2008-11-24 ཨོ་རྒྱན་རྡོ་རྗེ། ཀློག་གྲངས། མཆན ཡོད།

ང་དང་ཁྱེད།
རང་རང་གི་རྐང་ལམ་བརྒྱུད་ནས།
སྨུག་སྤྲིན་གྱི་དཀྱིལ་དུ་འཛོམས།
ང་ཚོར་སྡུག་བསྔལ་མེད་ལ།
སེམས་ནད་ཀྱང་མེད།
ང་ཚོར་གསང་དོན་མེད་ལ།
དོགས་ནད་ཀྱང་མེད།
ང་ཚོའི་ངོ་གདོང་དུ།
འཛུམ་མདངས་ཀྱི་མེ་ཏོག་བཞད།
ང་ཚོའི་མིག་ཟུང་དུ།
ལང་ཚོ་ཡི་མེ་ལྕེ་འབར།
ང་ཚོའི་ཡིད་ཁམས་སུ།
རེ་བའི་འོད་ཟེར་འཕྲོ།

ང་དང་ཁྱེད།
རང་རང་གི་རྐང་ལམ་བརྒྱུད་ནས།
སྨུག་སྤྲིན་གྱི་དཀྱིལ་ནས་བྲལ།
ང་ཚོར་ཐེ་ཚོམ་མེད་ལ།
སྐྱོ་སྣང་ཡང་མེད།
ང་ཚོར་འགྱོད་སེམས་མེད་ལ།
ཕངས་སེམས་ཀྱང་མེད།
ང་ཚོའི་ངོ་གདོང་དུ།
འཛུམ་མདངས་ཀྱི་མེ་ཏོག་བཞད།
ང་ཚོའི་མིག་ཟུང་དུ།
ཤེས་རྟོགས་ཀྱི་གཟུགས་བརྙན་འཆར།
ང་ཚོའི་ཡིད་ཁམས་སུ།
སྨོན་ཚིག་གི་རླབས་ཕྲེང་འཕྱུར།

ང་ཚོས་རང་རང་གི་རྐང་ལམ་དེད་ནས།
སླར་ཡང་སྨུག་སྤྲིན་གྱི་དཀྱིལ་དུ་བསྐྱོད།
མ་གཞི་རྐང་འོག་གི་ལམ་ཆུང་དེ།
མཐའ་བྲལ་སྣེ་མེད་དུ་སྣང་རུང༌།
མདུན་སྐྱོད་ཀྱི་རྟ་ཕོའི་གོམ་ཁ་ཡངས་ན།
ཡུན་རིང་དུ་འཚོལ་བའི་རྨིག་སྒྲ་དེའང༌།
བསམ་བཞིན་རྐང་ལམ་ལ་ཕབ་པར།
ང་ཚོར་ཡིད་ཆེས་ཡོད།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།