ཁ་བཏགས་གསུམ་དང་སྙན་ངག་པ།

སྐབས་དེར  འདྲེན་བྱེད་ཟུང་ལས་སྐྱེས་པ་གསུམ་གྱིས
མགོ་བོ་ཕྱིར་བསྲིངས་ཏེ
ཁ་བཏགས་གསུམ་གྱི་རྒྱབ་ལྗོངས་དང་འབྲེལ་བའི་
སྐད་ཆ་གསུམ་བཤད
རྒན་པས:“སྤྲིན་པའི་ཁ་བ་བབས་བྱུང
ལྷམ་མེད་པས་ཇི་ལྟར་བགྲོད
ཁ་བ་ནག་པོ་བབས་པའི་ཕྱི་ལོར
སྤྲིན་པའི་ཁ་བ”
གཞོན་པས:“ལྷ་སའི་སྨྱོན་པ་དེས་བཤད་མྱོང
དུས་ལ་བབས་ན་ཁ་བ་ད་དུང་ཡོད་ངེས
གློ་བུར་དུ  འགྱོད་པའི་རྡོག་ཕྲེས་ནང་ལ
ཆང་དང་ལུས་དྲོད་ཞིམ་པོ་ཡང……”
ངས་ཀྱང:“ཁ་དན་རྐྱང་རྐྱང་གི་ཕྱིར་དུ
ཡོད་ཚད་སྔ་མ་དག་འགྱེལ་ས་ནས་འཚོལ་དགོས
རེ་སྒུག་ནི་བཟོད་དཀའ་བའི་གྲང་ངར་ཡིན་ན
ང་ཚོ་ལམ་ལ་ཆས་རན”

བུ་མོ་གཅིག་ཐེ་བའི་གཞོན་ནུ་གསུམ་ཕྱིར་ལོག་ཟིན་ཅིང
ཉི་མ་གསུམ་པའི་གནས་ཚུལ་གསུམ་པའང་སྐབས་དེར་ཐོས

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བཏགས་གསུམ་དང་སྙན་ངག་པ།

2008-11-09 སྨན་བླ་སྐྱབས། ཀློག་གྲངས། མཆན ཡོད།

སྐབས་དེར  འདྲེན་བྱེད་ཟུང་ལས་སྐྱེས་པ་གསུམ་གྱིས
མགོ་བོ་ཕྱིར་བསྲིངས་ཏེ
ཁ་བཏགས་གསུམ་གྱི་རྒྱབ་ལྗོངས་དང་འབྲེལ་བའི་
སྐད་ཆ་གསུམ་བཤད
རྒན་པས:“སྤྲིན་པའི་ཁ་བ་བབས་བྱུང
ལྷམ་མེད་པས་ཇི་ལྟར་བགྲོད
ཁ་བ་ནག་པོ་བབས་པའི་ཕྱི་ལོར
སྤྲིན་པའི་ཁ་བ”
གཞོན་པས:“ལྷ་སའི་སྨྱོན་པ་དེས་བཤད་མྱོང
དུས་ལ་བབས་ན་ཁ་བ་ད་དུང་ཡོད་ངེས
གློ་བུར་དུ  འགྱོད་པའི་རྡོག་ཕྲེས་ནང་ལ
ཆང་དང་ལུས་དྲོད་ཞིམ་པོ་ཡང……”
ངས་ཀྱང:“ཁ་དན་རྐྱང་རྐྱང་གི་ཕྱིར་དུ
ཡོད་ཚད་སྔ་མ་དག་འགྱེལ་ས་ནས་འཚོལ་དགོས
རེ་སྒུག་ནི་བཟོད་དཀའ་བའི་གྲང་ངར་ཡིན་ན
ང་ཚོ་ལམ་ལ་ཆས་རན”

བུ་མོ་གཅིག་ཐེ་བའི་གཞོན་ནུ་གསུམ་ཕྱིར་ལོག་ཟིན་ཅིང
ཉི་མ་གསུམ་པའི་གནས་ཚུལ་གསུམ་པའང་སྐབས་དེར་ཐོས

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།