མཚོ་སྔོན་པོ། (ཞར་བཀོད་ཚན་པ་གཉིས)

ངག་རྒྱུན་དུ།ཁྱོད་ནི་ཁྲོནཔ་ཆུང་ཆུང་ཞིག་སྟེ།

དེ་ལས་མཆེད་པའི་འདོད་རྔམ་ཆེན་པོས།

རུ་ཁྱིམ་ཁྲི་ཕྲག་དང་སེམས་ཅན་གྲངས་མེད།

ཤ་དང་རུས་པ་མེད་པར།སྐད་ཅིག་ལ།

རྨང་ནས་ཁྱུར་མིད་དུ་བཏང་ཞིང་བསྣུབས་དུས།

འཇིགས་སྔངས་ཀྱིས་ཕྱུང་བའི་ཆོ་ངེ་སྣ་ཚོགས།

རླུང་དང་མཁའ་དབུགས་བརྒྱུད་ནས་གང་སར་མཆེད་པ།

དུས་ད་ལྟ་ད་དུང་ཡང་སྒྲོག་གིན་ཡོད་ཟེར་བས།

ཁྱོད་ནི་་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང་།

ངས།ངག་རྒྱུན་དེ་རྟོག་བཟོ་བྱེད་མཁན་གྱི།

ཕ་མེས་གང་དེའི་དམིགས་ཡུལ་འཚོལ་འདོད་མེད་ལ།

དེ་ཡིས་ང་ཚོར་བཞག་པའི་ཤུགས་བསྟན་ཡང་རྟོགས་འདོད་མེད།

གང་ལྟར།ཁྱོད་བསྐལ་པ་དུ་མའི་དྲག་རླུང་ཁྲོད།

མཐོན་པོའི་གཤོང་དུ་མཐིང་མདོག་གིས་འཁྱིལ་ནས།

ནམ་མཁའ་དང་ས་གཞིའི་མཚམས་སུ།

གཡུལ་གྱི་གོ་ཆ་སྤྲད་པའི་སྐྱོ་སྣང་མཐོང་ཞིང་།

ཡུགས་མོ་དང་དྭ་ཕྲུག་དག་གི་ངུ་སྐད་ཀྱང་ཐོས་མྱོང་བ།

ངའི་སེམས་ཀྱིས་བདེན་དཔང་བྱ་ཆོག་པས།

ཁྱོད་ནི་མ་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང་།

མཐའ་འཁོར་གྱི་རི་ཆེན་དག་ལ་སྨྲ་རྗོད་མེད་པར།

ཡུན་རིང་ལ་གཉིད་པ་བཞིན་དུ་སྡོད་ན་ཡང་།

ཁྱོད་ཀྱི་ཁོང་གསེང་ན་དལ་བུར་སྒྲོག་པའི།

རླབས་ཀྱི་འཁུན་སྒྲ་རེ་རེས།

ཁྲག་དང་རྔུལ་ཆུས་བསྐྲུན་པའི་ཁྱིམ་གཞི་དག་གི 

དཀའ་སྡུག་གི་བྱུང་བ་རྗོད་ཀྱིན་འདུག་པས།

ཁྱོད་ནི་མ་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང་།

བགྲེས་མོ་དེས།རྐང་བ་འཐེང་བཞིན།

ཁྱོད་ཀྱི་རླབས་རྒྱུན་འཇགས་པའི་འགྲམ་ངོགས་དང་།

ཁྱོད་ཀྱི་ཆུ་རྒྱུན་ཆད་པའི་གྲམ་གཞུང་བརྒྱུད་ཅིང་།

གད་སྙིགས་དང་འགྱིག་ཤོག་གི་ཕུང་བོ་བརྟོལ་ཏེ།

ཕྱག་དང་ཐོད་པས་ཁྱད་ཀྱི་མཐའ་སྐོར་འཇལ་གྱིན་འདུག་ལ།

དོལ་དུ་ཚུད་པའི་ཉ་མོ་དག་དངུལ་དང་བྱམས་སེམས་ཀྱིས་ཉོས་ཏེ།

ཕྱིར་ཁྱོད་ཀྱི་རུམ་དུ་འཇུག་གིན་འདུག་པས།

ཁྱོད་ནི་མ་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང་།

དེ་རིང་།ང་ཁྱོད་ཀྱི་འགྲམ་ངོགས་སུ་འགྲེང་ཚེ།

ཐ་སྙད་ཡོད་ཚད་མགྲིན་ལམ་ན་འགག་པ་བཞིན།

གཅིག་པུར་གྲག་མེད་དུ་ཧད་ཅིང་ལུས་ཤིང་།

དུས་འདིར།རླངས་འཁོར་གྱི་འུར་སྒྲ་ལས་ཆེ་བའི།

གནས་སྐོར་པ་དེ་ཚོའི་ཧབ་དགོད་དང་རྡོག་སྒྲས།

ཁྱོད་ལ་ཕུལ་པའི་སྨོན་འདུན་གྱི་མཆོད་ཚིག་དང་།

ཁྱོད་ཀྱི་སྤང་ཐང་དང་མེ་ཏོག་བཅོམ་སྟེ།

དག་གཙང་གི་ནམ་དབུགས་སློད་ཀྱིན་འདུག་པ།

ཁྱོད་ནི་མ་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང་།

མཚོ་སྔོན་པོ།ངས་ལན་ཚྭའི་གཤེར་ཁུ་ཧབ་གང་འཐུངས་ཏེ།

དཔྲལ་བའི་ངོས་སུ་ཡང་ནས་ཡང་དུ་འབྱུག་དུས།

ངེད་ཕུ་ནུ་ཚོ།དོགས་བྲལ་ངང་སྒྲེན་པོར་བུད་དེ།

ཉ་མོའི་ཚོགས་དང་ལྷན་དུ།ཁྱོད་ཀྱི་མཚོ་ངོགས་ན།

རང་དབང་གིས་རྩེན་པའི་ངང་ཚུལ་དེ་དྲན་བྱུང་།

ཡིན་ན་ཡང་།དེ་ཡི་ཤུལ་དུ།དུས་དེ་རིང་།

འདོད་སྲེད་ཀྱི་ལྕགས་ཀྱུ་དང་ལྗན་ལྗིན་གྱི་དྲི་མས།

ཐེ་ཚོམ་མེད་པར་ཡོངས་སུ་བཀླུབས་འདུག་པས།

ཁྱོད་ནི་མ་ཡུམ་སུ་ཞིག་གི་མིག་ཆུ་ཡིན་སོང་།

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན།

དེ་རིང་ནི་དྲུག་གཅིག་དུས་ཆེན་ཏེ།

རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རེད།

ངའི་བྱིས་པ་ཚོས་ད་དུང་ཡང་ཤེས་མེད་པའི།

ཁོ་ཚོ་རང་ཉིད་ཀྱི་དུས་ཆེན་རེད།

བརྙན་འཕྲིན་ལས་འཛམ་གླིང་ཡུལ་གྲུ་སོ་སོའི།

ཤ་མདོག་དང་སྐད་རིགས་མི་གཅིག་པའི།

བྱིས་པ་གྲངས་མེད་ཀྱི།སིལ་སྙན་འཁྲོལ་འདྲའི་དགོད་སྒྲ་ཐོས་ལ།

མེ་ཏོག་ལྟ་བུའི་བཞིན་རས་གསལ་ཞིང་།

ཡིད་འོང་གི་འཛུམ་མདངས་ཅི་དགར་མཐོང་གི 

ཡིན་ན་ཡང་།ངའི་བྱིས་པ་ཚོའི་རྫོབ་དྲེག་ཆགས་པའི།

ལྷད་མེད་ཀྱི་ངོ་གདོང་མེད་པ་ཅི་རེད།

དེ་རིང་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རེད་ཡ།

ང་སྡོད་པའི་གྲོང་ཁྱེར་འདིའི་གླིང་ག་དག་ཏུའང་།

ལྭ་བ་གསར་རྐྱང་གྱོན་པའི་བྱིས་པའི་ཚོགས་ཀྱི།

གླུ་སྐད་དང་དགོད་སྒྲས་ཁྱབ་འདུག་ལ།

ཟ་ཁང་དག་དང་སྤྲོ་སྐྱིད་གླིང་དུ།

ཁེན་ཐོའུ་ཁེ (肯德)དང་མེག་ཏོ་ནོལ (麦当劳)ཟ་བཞིན་ཡོད།

གློག་རྡུལ་གྱི་རོལ་རྩེད་ལ་རོལ་འདུ

ཡིན་ན་ཡང་།རྩྭ་་ཐང་དང་རྣང་ཞིང་དུ

ངའི་བྱིས་པ་ཚོས་རྐང་བ་རྗེན་པར་བུད་དེ།

བེའུ་འཚོ་ཞིང་རྨོན་ལས་བྱེད་ཀྱིན་ཡོད་ངེས་ལ།

ཡང་ན་རྡེའུ་དང་སྤོ་ཐོ་སྣ་ཚོགས་སྒྲིག་གིན།

རྩམ་རྐྱང་དང་གོར་རྐྱང་ཟ་བཞིན་ཡོད་ངེས།

དེ་རིང་ནི་དྲུག་གཅིག་བྱིས་པའི་དུས་ཆེན་རེད

ཁོ་ཚོས་ལོ་གཅིག་ལ་ཐེངས་གཅིག་རོལ་ཆོག་པའི།

ཐུན་མོང་གི་སྤྲོ་སྐྱིད་དུས་ཆེན་ཡིན་ལ།

འཛམ་གླིང་གི་བྱིས་པ་ཡོད་ཚད་ཀྱིས།

རང་ཉིད་ཀྱི་ཁེ་དབང་སྤྱོད་པའི།

དུས་ཆེན་གྱི་ཉིན་མོ་གཅིག་པུ་ཡིན།

ཡིན་ན་ཡང་། ངའི་བྱིས་པ་ཚ་་་

སྐྱོབ་ཐབས་མེད་པའི་མི་དེ།

སྐྱོབ་ཐབས་མེད་པའི་མི་དེ།

དེ་ལྟར་ལམ་ལ་ཆས་ཟིན།

དྲག་ཆས་དང་དཔུང་གྲོགས་མེད་པར།

ཨུ་ཚུགས་ཁོ་ནས་ལམ་ལ་ཆས་ཟིན།

ལམ་དུ་གཅན་གཟན་གཏུམ་པོ་དག་གིས།

མཆེ་གཙིགས་སྡེར་བགྲད་ཀྱིས་ངར་སྒྲ་སྒྲོག་བཞིན།

རྫིག་རྔམ་རྔམ་གྱིས་བསྒུགས་ཡོད་ངེས།

དེ་ཚོས་ཁོའི་སྙིང་ཆུང་དམར་པོ་དེ།

རླངས་པ་ཐོལ་ཐོལ་དུ་ཟོས་རྗེས།

ད་དུང་གཞན་ཞིག་ཟ་དགོས་སྙམ་གྱིན་ཡོད།

སྐྱོབ་ཐབས་མེད་པའི་མི་དེ།

དེ་ལྟར་ལམ་ལ་ཆས་ཟིན།

རྒྱགས་བྲོ་དང་མལ་སྟན་མེད་པར།

རང་སྣང་ཁོ་ནས་ལམ་ལ་ཆས་ཟིན།

གངས་ཐང་དང་བྱེ་ཐང་ཡོད་ཚད་ཀྱིས།

ཚ་གྲང་དང་ལྟོགས་སྐོམ་བསྒྲིགས་ནས།

འཇིགས་ཟིལ་ཟིལ་གྱིས་བསྒུགས་ཡོད་ངེས།

དེ་དག་གིས་ཁོའི་ལུས་པོ་ཧྲིལ་བོ་དེ།

གསོན་པོར་རེངས་འཁུམ་དུ་བཏང་རྗེས།

ད་དུང་དྲོད་དང་རླན་གཤེར་ཨེ་འཐོབ་སྙམ་གྱིན་ཡོད།

སྐྱོབ་ཐབས་མེད་པའི་མི་དེ།

དེ་ལྟར་ལམ་ལ་ཆས་ཟིན།

བསམ་བློ་དང་ཐ་སྙད་ཁོ་ན་ཁྱེར་ནས།

དབུལ་ཞིང་ཕོངས་པའི་ངང་ལམ་ལ་ཆས་ཟིན།

རི་དང་གཙང་བོ་ཉམས་པའི་དུར་ཁྲོད་ནས།

ཁོས་མིའི་རིགས་ཀྱི་འདོད་རྔམ་ཀློག་བཞིན།

རང་ཉིད་ཀྱི་རུས་ཀྲང་དཀར་པོ་དེ།

ཚ་ལམ་ལམ་གྱིས་གསུར་དུ་ཕུད་རྗེས།

ད་དུང་སྐྱོ་ལྷང་ལྷང་གི་ངུ་ངག་འདོན་ངེས།

རྩོམ་ཁུངས། ༢༠༠༧ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོ། (ཞར་བཀོད་ཚན་པ་གཉིས)

2009-10-31 འབྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།