མཆོད་མེ།

རང་ཉིད་ལ་བཏང་བའི་གཞས།

འབྲོང་བརྒྱ་མཁའ་ལ་གཤར་ཤུལ་དུ

སྤྲིན་དཀར་གྱི་གྲིབ་མ་སྟུག་ཏུ་ཕྱིན་ནས

ལྡིང་སྐོར་རྒྱག་པའི་རྒོད་པོ་དེའི་འདབ་གཤོག་ལའང

གཡར་དྲི་ལྟ་བུའི་མཁའ་དབུགས་གཞན་ཞིག་གི

ཁ་དོག་བསྒོས་བྱུང་ཡང

ཁེང་རྐྱང་གི་ང         དབུལ་ཕོངས་ཀྱི་ང

སའི་གོ་ལའི་སྟེང་དུ་ཙོག་པུར་བསྡད་དེ

ཁྱོད་རང་ཁོ་ན་སེམས་ཀྱིན་ཡོད      ད་དུང་ཡང

མེས་པོའི་གླུ་ངག་གི་བཞུར་རྒྱུན་སྔར་ལྟར་ཉམ་ཆུང་གིས་འབབ་ཅིང

ནོངས་པ་ཁ་ཤས་ཀྱི་ལྷག་མ་ཁུར་ཡོང

ཁྱོད་ཀྱིས་བྱིན་པའི་ཕུང་བོ་འདིའི་འཇིག་རྟེན་གྱི

དཀྱིལ་འཁོར་དུ          དཀར་ནག་འདྲེས་མའི

བསམ་བློ་ཁ་ཤས་ཀྱི་ཝུ་བ་འཁོར་བྱུང

རུས་རྐང་གི་སྦུབས་ལ་མེའམ་མེ་དཔུང་གི་ས་བོན་འཇོག་མཁན

ལས་དབང་གི་ལམ་ཁར་དྲོད་གྲང་གི་ལྐོག་གཡོ་བཤམ་མཁན

ཁྱོད་ལ་བཏུད་པའི་ཉེ་ལམ་ཞིག་གང་ནས་གང་ལ་འཐེན་ཡོད

ཉི་མའི་ཡང་སྔ་རོལ་ནས་ཆས་ཤིང              དོ་ནུབ་བར

ཅི་ཞིག་ལ་སྒུག་པའི་ཡང་སྙིང་གསལ་ལྷང་ངེར

ཡིན་ན་ཡང     ཡིན་ན་ཡང

སེམས་གཅོང་གི་ཆུ་བོའི་མགོ་ཁུངས་སུ

རྡོ་ལེབ་རེ་གཉིས་ཀྱི་ངོས་ལ་ཡི་གེ་རེ་གཉིས

ཉལ་བས་ཀྱང

ཁྱོད་དང་མེའམ་ཐལ་རྡུལ་གྱི་གོ་དོན་བཀྲལ་ནས

ཁྱོད་དང་ནག་ཉེས་ཀྱི་བར་ལ་ལྕགས་གཟེར་བཏབ་ཡོད

ང་ཡང་ཁྱོད་རང་གི་གཟུགས་ཀྱིས

གཞོན་པའི་སྐྲ་ལོ་ངལ་དུབ་ཀྱི་ཕྲག་པར་འཕྱང་ལ

རི་རྩེ་གང་ཞིག་ན་དཀའ་ཚེགས་ཀྱིས་བགྲོད་པའི་ཚེ

ཟུངས་ཁྲག་གིས་གསོས་པའི་བུ་ཆུང་ཚོའི་ཁྲེལ་དགོད་དང

གཞན་ཡང་རྒྱང་འབོད་ཅིག་དུས་མཉམ་རྣ་བར་ལྷུང་སོང

དེའི་ཕྱིར        དེ་རིང་གི་མགྲིན་པ་འགག་པའི་གླུ་སྐད་ཡོད་ཅིང

ཁ་སང་གི་སྨྲེང་སེམས་འཁྲིལ་བའི་ཡུལ་ལྗོངས་དེ་དག

འཇའ་སྤྲིན་གྱི་ལག་པས་ཟིན

ཁྱོད་རང་བདེ་བར་སྡོད་པའི་ཉམས་སྣང་གི་གཞི་ལ

ཐ་སྙད་ཀྱི་ཚོམ་བུ་འདྲ་བའི་སྐར་མའི་རྒྱ་མཚོ་འཁྱིལ

མེ་ལྕེ              མེ་ལྕེ         ཚེ་སྲོག་གི་དར་ལྕེ

རླུང་བུའི་རམ་འདེགས་ཀྱང་མ་ཡིན་པར

ས་གཞི་ནག་པོ་དང་གློག་དམར་དེའི་ཤུགས་ཀྱིས

དམར་རྗེན་རྗེན་གྱི་རྡོག་པ

རྨི་ལམ་ལྷག་མའི་ལམ་མདོར་བྲིས             སྐད་ཅིག་མ་དེར

ངས་ཁྱོད་ཀྱི་མིང་ནས་བོས་ཤིང

ཁེར་རྐྱང་གི་རང་ཉིད་དུ་མ་ཞིག

ད་དུང་ཁྱོད་ཕྱོགས་སུ་བགྲོད་པའང་གཞི་ནས་ཚོར

བསྐལ་པའི་རི་ལུང་གི་ངོས་སུ་གནའ་བོའི་ས་སྲོད་ཅིག

དལ་བུར་འགུལ་གྱིན

ས་སྒང་འདི་ལྷས་སུ་བསྐྱིལ་བའི་ཚེ

ངས་ཁྱོད་ཀྱི་སྐྱེ་ཁུངས་རྐྱང་རྐྱང་ཁུར་ནས་སླར་ཡང་ཆས

གོམ་ཁ་དང་པོའམ་སྐད་ཆ་ཐོག་མ་སྙིང་ཁར་སྦྱར་ནས

མཚན་ནམ་རིང་མོར་བཀྲ་ཤིས་པའི་སྨོན་ལམ་འདེབས་མཁན་ནི

ནམ་ཡང་ཨ་མ་ལས་སུ་ཞིག་ཡོད

མཆོད་མེ་རྐོང་བུ་གང་གི་ངོགས་སུ

གཡུལ་འཁྲུག་གི་ང་རོ་ཞི་བའི་བྲག་ཅ་ད་དུང་འཁོར་ལ

དུག་གི་སྦྱོར་བའི་མན་ངག        ལྷན་ཐབས་དང་བཅས་པ

སྐྱེས་ཆེན་ཚོའི་རིང་བསྲེལ་ལས་རྙེད་པས

མཆོད་མེ་རྐོང་བུ་གང་ལ་འཁྱིལ་བའི་ཁྱོད

ཁྲག་ལ་ཞེན་ཅིང་ཁྲག་གིས་འཚོ

འོད་དང་གྲིབ་མའི་མཚམས་ནས

ལྷ་འདྲེ་ངོ་གཉིས་མའི་བཟོ་བཀོད་ལ་འཇོན་པ

ཁྱོད་གཅིག་པུ་ག་ལ་ཡིན་ཡང

ལམ་སྣེ་དེ་ཕྲག་པར་བླངས་པ་ནས

གློ་སྙིང་གི་འདབ་མ་འགྱོད་གདུང་གི་བ་མོས་བཟུང

བརྩེ་དུང་གི་ཟུངས་བཅུད་བཏིག་ནས་འཛད་པར་བར

གསེར་མདོག་གི་གླུ་གཞས་ལ་རེམ་འདོད

ང་ཚོ་དུས་མཉམ་ཏུ་སྐྱེས་ཤིང

ཁྱོད་ཀྱི་སྒོ་འགྲམ་ལ་འབྱོར་དུས

ངས་སེམས་ཤུགས་དང་ཆང་ཕོར་བཏེགས་ནས

བརྗེད་སླ་བའི་བགྲོད་སྟངས་ཤིག་འཚོལ་ཅེས་བཤད

ཡིད་རྟོན་དང་ལྐོག་ཤོམ་ཕྱི་ཐག་དང་ཡིད་རྟོན་བརྒྱུད་དེ

མེ་ཏོག་ཁ་ཤས་མཚན་མོ་ཁ་ཤས་ཀྱི་སྔས་མགོར་བཞད་ལ

ལྗང་ལོ་འདྲ་བའི་མེ་ལོང་གི་གས་སྲུབས་ཤིག་ནས         ངས

ཁྱོད་ཀྱིས་སྐད་ཆའི་ནང་ཁྲོལ་དང་ཐ་སྙད་ཀྱི་རྩིབ་མ་ལེན་པ

མངོན་སུམ་དུ་མཐོང་ཞིང

ཁྱོད་དང་ངའི་ཕྱི་ནང་གི་རྣམ་པར་ཆག་འཇིག་ཐེངས་ཤིག་གཏོང་བའི

ནག་ཉེས་ཀྱི་འཛུམ་མདངས་ཚོར་བྱུང

ཁྱོད་ཀྱིས་བཤད་ན       རང་གི་ལུས་སེམས་ཧྲིལ་བོར་འཇུག་པའི

རང་ཉིད་ངོ་ཤེས་འདོད་པའི           བྱིས་པ་ཞིག་ལ

མཛའ་གཞས་ལས་འཚམ་པའི་ལམ་རྒྱགས་ཡོད་མི་སྲིད

གཡོ་འཕྲུལ་གྱིས་མདུན་ནས་འཐེན་པས

ངའི་ན་ཟུག་གི་སྙིང་ལ་གས་ཁ་ལྟ་བུའི་ཟེར་མ་བྱུག་ཅིང

ལྷ་དང་ལྷ་གདོང་གི་གསེར་རྩི་རིམ་བཞིན་མོག་པར་གྱུར

ད་ནི་རྟག་བརྟན་གྱི་ཉི་ཟླ་དང        རྒྱུ་སྐར

གཞན་ཡང་ཐ་ཤལ་གྱི་གང་ཟག་དེ་ཚོ

ཁྱོད་ཀྱི་སྐྱིད་གྲོགས་དང་སྐྱོ་རོགས་ཉིད་དུ་ལུས

གང་ཟག་གི་ང་ཁྱོད་དང་རིང་དུ་གྱེས་ཏེ

ལུས་སེམས་ལྷོད་པོས་ལྡོག་ལམ་དུ་འདུར་མོས་ཤིང

ཤ་འཁོན་གྱི་ཐབ་ནས་རལ་གྲི་ཞིག་ཀྱང་མགར་འདོད་མོད

སྲིད་པའི་གཙང་བོ་ཁད་ཀྱིས་འཁོར་བའི་ཕར་ཚུར་དུ

མི་རབས་ནས་མི་རབས

ཕར་འགྲོ་ཚུར་འོང་གི་རྒྱུན་ཐག་ཆད་མ་མྱོང་ལ

གནམ་སའི་བར་སྟོང་ཀུན་ལ་དུས་ཀྱི་ཁ་དུག་ཕོག་དུས་ཀྱང

སྐྱེ་བོ་རེ་རེའི་སྙིང་ཁ་ན་འབར་བའི་མེ་ལྕེ་རེ་རེ་ནི

ཁོ་མོའི་མཆུ་སྒྲོས་ལས་དམར་བའི་ན་ཟུག་གི

དམ་བཅའི་མདུད་པ་རེ་མ་ཡིན་ནམ   མ་ཡིན་ནམ

མཚན་མོ            འདུས་མ་བྱས་པའི་མགོ་སྦྲ་ནག་པོ

སྦྲ་ཕུག་ནས་ཐོལ་གྱིས་དགྱེ་ཐེངས་རེར

འདས་པོའི་རྣམ་ཤེས་ཀྱི་ཚོམ་བུ་ནམ་མཁར་འཚེར་ལ

བདག་གི་ཕུ་ནུ་མིང་སྲིང་ཚོ་ཡ

སྒྲོན་མེ་ཕལ་ཆེར་རང་གིས་སྦར་ཅིང་རང་གིས་བཅིལ་པར

འགྱོད་སེམས་ཤིག་མི་སྐྱེ་ཐབས་མེད་ཡིན་ཞིང

ང་ཚོ་སྡོད་པའམ་བགྲོད་པའི་ངང་ཚུལ་ནི

ཇི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང

བྱེའུ་ཞིག་སྡོང་མགོར་བབས་ནས

སླར་ཡང་ནམ་མཁར་ཡལ

ཁྱོད་དེ         ངའི་རྫོགས་མཐའ་བྲལ་བའི་ལམ་ཐག་དང

ངའི་མེ་སོན་དང་འགྲོགས་པའི་དུས་ཚོད་ཀྱི་སྲིན་འབུ

རང་གི་རུས་སྒྲོམ་གནམ་སའི་རྒྱ་ཁྱོན་དུ་བཀྲམ་ནས

མཇུག་སྒྲིལ་བའི་ལྡེ་མིག་ཆུང་ཆུང་ཞིག་འཚོལ་ལམ

དེ་ལྟ་ནའང    ཞག་གང་གི་རྨི་ལམ་ལས་མི་སད་པར་འཚལ

རྒོད་པོ་བྲག་སྟོད་ནས་བབས་དུས་ཚེ་གཅིག་གི་འོད་ཟེར་བསྡུས་ཟིན

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་མེ།

2009-10-29 སྨན་བླ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།