ཁ་བ །

ངས་ཁྱོད་ལ་གཏམ་རྒྱུད་ཅིག་བཤད

གཏམ་རྒྱུད་འདིའི་མིང་ལ་ཁ་བ་ཟེར

ཁ་བ་དེ་ཐག་རིང་ནས་ངའི་གདོང་ལ་བབས

 

ས་སྲོད་ཅིག་གི་རྔམ་བརྗིད་མདུན་ནས

ངས་ཁ་བ་དེའི་ཡང་ལྕི་འཇལ་བཞིན

སེམས་དང་བཅས་པའི་ལུས་པོར་གཤག་བཅོས་བྱས

ཁ་བའི་དབང་གིས་ང་རང་དཀར་པོར་གྱུར་ལ

མིག་ལ་འཚེར་བའི་ལྡོག་འོད་རྣོན་པོ

ཁྲག་མེད་པའི་ན་ཟུག་གི་རོལ་དབྱངས་དང་བཅས

ཁ་ཏན་དང་འཚོ་གཞེས་ཀྱི་མྱ་ངན་ཁྱེར་ནས

ཁོར་ཡུག་གི་རྩྭ་ཕྲན་རེ་རེའི་རྩེ་ལ་ཆེམ་ཆེམ་བབས

 

ཁ་བ་དེ་ངའི་གདོད་མའི་སྦུབས་སུ་འཐིམས་ཤིང

ཚེ་སྲོག་གི་རྩ་བར་ཉི་ཟླ་དང་བཅས་པའི་མཆོད་བསྟོད་གནང

ངས་ཡུན་རིང་གབ་པའི་སྙིང་གཏམ་དེ་གློ་བུར་བླངས་ནས

འཕྱོར་སྒེག་གི་ལྷ་མོའི་ཚོགས་ལ་མེ་ཏོག་བཞིན་ཕུལ་དུས

ཟུར་མིག་ཁྲི་ཕྲག་གིས་ང་རང་དུམ་བུར་བཏགས་ཏེ

ཁ་བ་དང་ལྷན་ཅིག་རླུང་གིས་བསྐྱོད་ནས་དབེན་སྟོང་ཉུལ

ངས་གནམ་ས་ཁྲི་སྟོང་གི་ཕ་རོལ་ཕ་རོལ་ཞིག་ནས

སུ་ཞིག་གི་སྙིང་དྲོད་ཁོ་ན་བྲང་ལ་སྦྱོར་བཞིན

ཁ་བ་དེའི་མཇུག་བྱང་ལ་སྙན་ངག་གི་རྫོགས་ཚིག་ཅིག་བྲིས

 

དུས་དེ་ནས་བཟུང་ཁ་བ་དེ་ནམ་ཡང་འབབ་རྒྱུ་མ་བྱུང

ཡིན་ཡང་ངས་ཁྱོད་ལ་ཁ་བ་དེ་འདི་ལྟར་གླེང་བཞིན

རང་སེམས་ལ་ན་ཟུག་གྲངས་མེད་ཀྱི་ལྕགས་གཟེར་རེ་བཏབས

 

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ །

2009-10-23 འབྲོང་། ཀློག་གྲངས། མཆན ཡོད།

ངས་ཁྱོད་ལ་གཏམ་རྒྱུད་ཅིག་བཤད

གཏམ་རྒྱུད་འདིའི་མིང་ལ་ཁ་བ་ཟེར

ཁ་བ་དེ་ཐག་རིང་ནས་ངའི་གདོང་ལ་བབས

 

ས་སྲོད་ཅིག་གི་རྔམ་བརྗིད་མདུན་ནས

ངས་ཁ་བ་དེའི་ཡང་ལྕི་འཇལ་བཞིན

སེམས་དང་བཅས་པའི་ལུས་པོར་གཤག་བཅོས་བྱས

ཁ་བའི་དབང་གིས་ང་རང་དཀར་པོར་གྱུར་ལ

མིག་ལ་འཚེར་བའི་ལྡོག་འོད་རྣོན་པོ

ཁྲག་མེད་པའི་ན་ཟུག་གི་རོལ་དབྱངས་དང་བཅས

ཁ་ཏན་དང་འཚོ་གཞེས་ཀྱི་མྱ་ངན་ཁྱེར་ནས

ཁོར་ཡུག་གི་རྩྭ་ཕྲན་རེ་རེའི་རྩེ་ལ་ཆེམ་ཆེམ་བབས

 

ཁ་བ་དེ་ངའི་གདོད་མའི་སྦུབས་སུ་འཐིམས་ཤིང

ཚེ་སྲོག་གི་རྩ་བར་ཉི་ཟླ་དང་བཅས་པའི་མཆོད་བསྟོད་གནང

ངས་ཡུན་རིང་གབ་པའི་སྙིང་གཏམ་དེ་གློ་བུར་བླངས་ནས

འཕྱོར་སྒེག་གི་ལྷ་མོའི་ཚོགས་ལ་མེ་ཏོག་བཞིན་ཕུལ་དུས

ཟུར་མིག་ཁྲི་ཕྲག་གིས་ང་རང་དུམ་བུར་བཏགས་ཏེ

ཁ་བ་དང་ལྷན་ཅིག་རླུང་གིས་བསྐྱོད་ནས་དབེན་སྟོང་ཉུལ

ངས་གནམ་ས་ཁྲི་སྟོང་གི་ཕ་རོལ་ཕ་རོལ་ཞིག་ནས

སུ་ཞིག་གི་སྙིང་དྲོད་ཁོ་ན་བྲང་ལ་སྦྱོར་བཞིན

ཁ་བ་དེའི་མཇུག་བྱང་ལ་སྙན་ངག་གི་རྫོགས་ཚིག་ཅིག་བྲིས

 

དུས་དེ་ནས་བཟུང་ཁ་བ་དེ་ནམ་ཡང་འབབ་རྒྱུ་མ་བྱུང

ཡིན་ཡང་ངས་ཁྱོད་ལ་ཁ་བ་དེ་འདི་ལྟར་གླེང་བཞིན

རང་སེམས་ལ་ན་ཟུག་གྲངས་མེད་ཀྱི་ལྕགས་གཟེར་རེ་བཏབས

 

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།