ཁྲི་ཤོར་རྒྱལ་མོའི་ངོགས་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

དབྱངས་ཅན་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-09

ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ
ངས་སེམས་དང་མིག་ཆུས་ཁྱོད་རང་བཙལ
བདག་གི་ཤེས་སྟོབས་ཀྱིས་ཕྱུག་པའི་རྒྱལ་སྲས
དེ་རིང་ངའི་ངག་ལས་ཁྱོད་ཀྱི་མཛེས་སྡུག་གི་སྙན་ངག་གྱེར་དུས
ང་དང་ཁྲི་ཤོར་རྒྱལ་མོའི་གཡུ་མདོག་གི་རླབས་ཕྲེང་ཁྱོད་ལ་འཕྱོ

མི་ཡུལ་འདི་རུ་ ང་ཚོ་བརྩེ་ཞེན་གྱིས་འཚོ་བས
ཚེ་དང་སེམས་ལ་དཔྱིད་ཀྱི་ལང་ཚོ་འཁྲུངས་སོང
ལས་དབང་གིས་ཁྱོད་ལ་དྲང་བདེན་མིན་པའི་ཀུ་རེ་ཞིག་རྩེད་བ
དེ་རིང་མི་ཡུལ་འདི་རུ་རྟག་བརྟན་གྱིས་བརྩེ་སྒྲུང་དང་
མི་སེམས་འགུགས་པའི་སྙན་ངག་ཏུ་གྱུར་ཡོད

མི་ལོ་ཉེར་བཞིའི་ཚེ་སྲོག་གི་འོད་སྟོང་དྲོན་མོས
མི་ཡུལ་འདིར་མཛའ་མཐུན་དང་དད་འདུན་གྱིས་སྐྱ་རེངས་བསྩལ
རང་རིགས་ལ་བཅངས་པའི་དུང་ཞེན་རེ་རེ
མི་ཚོགས་ཀྱི་རླབས་ཕྲེང་ཁྲོད་འཇགས་ཐུབ་བྲལ་བའི་སེམས་གཞས་ཇི་བཞིན་འཕྱོ
ཚངས་དབྱངས་རྒྱ་མཚོ   བདག་གི་སེམས་ཁོང་གི་རྒྱལ་སྲས
གལ་སྲིད་ཚེ་སྲོག་ལ་སླར་གསོན་ཡོད་ཚེ  ང་ནམ་ཡང་ཁྱེད་ཀྱི་དད་ལྡན་བྱས་ཆོག

གལ་སྲིད་བརྩེ་གཞས་ལ་འགྱུར་བ་མེད་ཚེ
ང་ནམ་ཡང་ཁྱོད་ཀྱི་རྫི་གླུ་བྱས་ཆོག

དཀོན་མཆོག་གིས་ང་ཁྱེད་དང་མཇལ་བའི་གོ་སྐབས་སྩོལ་ཚེ
ངས་ལྷ་མོ་ཇི་བཞིན་བོད་ལྗོངས་ཀྱི་མཁའ་དབྱིངས་ནས
ཁྱེད་ལ་སྙིང་ཉེ་བའི་གར་སྟབས་བསྒྱུར་ཆོག

ལྗང་མདོག་གི་ནམ་མཁའ  ལྗང་མདོག་གི་མཚོ་མོ
ད་དུང་བར་སྣང་དུ་ལྡིང་འཁོར་རྒྱག་པའི་ཁྲུང་ཁྲུང་དཀར་མོའི་ཚོགས
གོ་ཐོས་སུ་ཚངས་དབྱངས་རྒྱ་མཚོ
ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་བརྒྱུད་མྱོང་ཟེར
དེ་རིང་དབྱངས་ཅན་སྒྲོལ་མ་ཡང་མཚོ་མོའི་ངོགས་སུ་བསྡད་དེ
ཁྱོད་ཀྱི་སྙན་ངག་དང་གཏམ་རྒྱུད་ཁྲོད་མི་ཡུལ་གྱི་བདེ་སྡུག་འཚོལ་བཞིན་ཡོད
                        2006-7-13ཉིན་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་ཤོར་རྒྱལ་མོའི་ངོགས་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

2009-02-09 དབྱངས་ཅན་སྒྲོལ་མ། ཀློག་གྲངས། མཆན ཡོད།

ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ
ངས་སེམས་དང་མིག་ཆུས་ཁྱོད་རང་བཙལ
བདག་གི་ཤེས་སྟོབས་ཀྱིས་ཕྱུག་པའི་རྒྱལ་སྲས
དེ་རིང་ངའི་ངག་ལས་ཁྱོད་ཀྱི་མཛེས་སྡུག་གི་སྙན་ངག་གྱེར་དུས
ང་དང་ཁྲི་ཤོར་རྒྱལ་མོའི་གཡུ་མདོག་གི་རླབས་ཕྲེང་ཁྱོད་ལ་འཕྱོ

མི་ཡུལ་འདི་རུ་ ང་ཚོ་བརྩེ་ཞེན་གྱིས་འཚོ་བས
ཚེ་དང་སེམས་ལ་དཔྱིད་ཀྱི་ལང་ཚོ་འཁྲུངས་སོང
ལས་དབང་གིས་ཁྱོད་ལ་དྲང་བདེན་མིན་པའི་ཀུ་རེ་ཞིག་རྩེད་བ
དེ་རིང་མི་ཡུལ་འདི་རུ་རྟག་བརྟན་གྱིས་བརྩེ་སྒྲུང་དང་
མི་སེམས་འགུགས་པའི་སྙན་ངག་ཏུ་གྱུར་ཡོད

མི་ལོ་ཉེར་བཞིའི་ཚེ་སྲོག་གི་འོད་སྟོང་དྲོན་མོས
མི་ཡུལ་འདིར་མཛའ་མཐུན་དང་དད་འདུན་གྱིས་སྐྱ་རེངས་བསྩལ
རང་རིགས་ལ་བཅངས་པའི་དུང་ཞེན་རེ་རེ
མི་ཚོགས་ཀྱི་རླབས་ཕྲེང་ཁྲོད་འཇགས་ཐུབ་བྲལ་བའི་སེམས་གཞས་ཇི་བཞིན་འཕྱོ
ཚངས་དབྱངས་རྒྱ་མཚོ   བདག་གི་སེམས་ཁོང་གི་རྒྱལ་སྲས
གལ་སྲིད་ཚེ་སྲོག་ལ་སླར་གསོན་ཡོད་ཚེ  ང་ནམ་ཡང་ཁྱེད་ཀྱི་དད་ལྡན་བྱས་ཆོག

གལ་སྲིད་བརྩེ་གཞས་ལ་འགྱུར་བ་མེད་ཚེ
ང་ནམ་ཡང་ཁྱོད་ཀྱི་རྫི་གླུ་བྱས་ཆོག
ཚངས་དབྱངས་རྒྱ་མཚོ  བདག་གི་སེམས་ཁོང་གི་རྒྱལ་སྲས
དཀོན་མཆོག་གིས་ང་ཁྱེད་དང་མཇལ་བའི་གོ་སྐབས་སྩོལ་ཚེ
ངས་ལྷ་མོ་ཇི་བཞིན་བོད་ལྗོངས་ཀྱི་མཁའ་དབྱིངས་ནས
ཁྱེད་ལ་སྙིང་ཉེ་བའི་གར་སྟབས་བསྒྱུར་ཆོག

ལྗང་མདོག་གི་ནམ་མཁའ  ལྗང་མདོག་གི་མཚོ་མོ
ད་དུང་བར་སྣང་དུ་ལྡིང་འཁོར་རྒྱག་པའི་ཁྲུང་ཁྲུང་དཀར་མོའི་ཚོགས
གོ་ཐོས་སུ་ཚངས་དབྱངས་རྒྱ་མཚོ
ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་བརྒྱུད་མྱོང་ཟེར
དེ་རིང་དབྱངས་ཅན་སྒྲོལ་མ་ཡང་མཚོ་མོའི་ངོགས་སུ་བསྡད་དེ
ཁྱོད་ཀྱི་སྙན་ངག་དང་གཏམ་རྒྱུད་ཁྲོད་མི་ཡུལ་གྱི་བདེ་སྡུག་འཚོལ་བཞིན་ཡོད
                        2006-7-13ཉིན་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།