དབྱངས་ཅན་མ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-07

ངའི་ཡུལ་ལྗོངས་ཧྲིལ་བོ། ན་བུན་ཡིན།
ན་བུན་གྱི་ཀློང་ན། ང་རང་ཁུ་སིམ་མེར།
མར་མེ་རྐོང་བུ་གང་སྔས་མགོར་བཤམས་ནས།
རེ་སྒུག་གི་མིག་ཟུང་ཆེ་རུ་བགྲད་ཡོད།

དབྱངས་ཅན་མ། ངས་ཅི་ཞིག་བྱས་ན་འགྲིག
ཅི་ཡང་མེད་པའི། ངས་ཡང་སྙིང་གང་ཞིག་གིས་རང་ཉིད་བཙལ།
ཕྱི་རོལ་ན། ཁ་བ་ལྷབ་ལྷུབ་ཏུ་འཕུར་ལ།
ནང་རོལ་ན། སྟོན་རླུང་འུར་འུར་དུ་ལྡང༌།
དགུན་དུས་ཀྱི་མེ་འོད་སྙེག་པའི་ང་རང༌།
ཡུལ་ལྗོངས་འདིའི་རླུང་ཁར་ཡན་པའི་ལོ་མ་བཞིན།

ཁྲུང་ཁྲུང་ལྷོ་རུ་འཕུར་བའི་གཤོག་སྒྲས་རི་ལུང་གཤགས་ཤིང༌།
ཁུ་བྱུག་མོན་དུ་ལོག་པའི་མིག་ཆུས་ནགས་ལོ་བརླན།
ད་དུང༌། གྲང་རླུང་གི་མཆེ་རྩེ་ན་བལྡད་པའི་དར་ལྕེ་ཧྲིལ་པོ……
མི་ཕོད། ངས་ཡོད་ཚད་གླེང་མི་ཕོད།
དབྱངས་ཅན་མ། ངས་ཅི་ཞིག་བྱས་ན་འགྲིག
ཁ་བ་བཞིན་འཁྱག་པའི་དགུན་ཟླ་འདི།
ཇི་ལྟར་དྲོད་སྣང་གིས་འཁྱོལ་དགོས།
དབྱངས་ཅན་མ། ང་འདི་ལྟར་ལམ་ལ་ཆས་ཟིན་པས།
བདག་ལ། དྭངས་གཙང་གི་སྙན་ངག་ཕོར་བ་གང༌།
རྒྱགས་ཆས་སུ་གནོངས་དང༌།
བདག་ལ། ཐ་སྙད་ཀྱི་རྣོ་དབལ་རལ་གྲི་ཞིག་ལག་ཆ་རུ་གནོངས་དང༌།
འབྲོང་གཡག་གི་རྭ་ཟུང་སྐམ་པའི་རྫ་ཁ་དེར།
ངེས་པར་དུ་འགྲོ་དགོས་པའི་སློང་མོ་བ་དེ་ང་རང་ཡིན།

ཆེས་རྒྱང་རིང་གི་གནམ་སའི་བར་ན། དབྱངས་ཅན་མ།
ངའི་ཕུགས་འདུན་གྱི་མེ་རི་སྔར་བཞིན་འཇགས་མེད།
ངས། དེ་ལྟར་འཇིག་རྟེན་གྱི་ཡོ་ལང་རོལ་དབྱངས་ཀྱིས།
སྦར་ཆོག་པར་ཞུ།

 

རྩོམ་ཁུངས། དུས་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་མ།

2009-02-07 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

ངའི་ཡུལ་ལྗོངས་ཧྲིལ་བོ། ན་བུན་ཡིན།
ན་བུན་གྱི་ཀློང་ན། ང་རང་ཁུ་སིམ་མེར།
མར་མེ་རྐོང་བུ་གང་སྔས་མགོར་བཤམས་ནས།
རེ་སྒུག་གི་མིག་ཟུང་ཆེ་རུ་བགྲད་ཡོད།

དབྱངས་ཅན་མ། ངས་ཅི་ཞིག་བྱས་ན་འགྲིག
ཅི་ཡང་མེད་པའི། ངས་ཡང་སྙིང་གང་ཞིག་གིས་རང་ཉིད་བཙལ།
ཕྱི་རོལ་ན། ཁ་བ་ལྷབ་ལྷུབ་ཏུ་འཕུར་ལ།
ནང་རོལ་ན། སྟོན་རླུང་འུར་འུར་དུ་ལྡང༌།
དགུན་དུས་ཀྱི་མེ་འོད་སྙེག་པའི་ང་རང༌།
ཡུལ་ལྗོངས་འདིའི་རླུང་ཁར་ཡན་པའི་ལོ་མ་བཞིན།

ཁྲུང་ཁྲུང་ལྷོ་རུ་འཕུར་བའི་གཤོག་སྒྲས་རི་ལུང་གཤགས་ཤིང༌།
ཁུ་བྱུག་མོན་དུ་ལོག་པའི་མིག་ཆུས་ནགས་ལོ་བརླན།
ད་དུང༌། གྲང་རླུང་གི་མཆེ་རྩེ་ན་བལྡད་པའི་དར་ལྕེ་ཧྲིལ་པོ……
མི་ཕོད། ངས་ཡོད་ཚད་གླེང་མི་ཕོད།
དབྱངས་ཅན་མ། ངས་ཅི་ཞིག་བྱས་ན་འགྲིག
ཁ་བ་བཞིན་འཁྱག་པའི་དགུན་ཟླ་འདི།
ཇི་ལྟར་དྲོད་སྣང་གིས་འཁྱོལ་དགོས།
དབྱངས་ཅན་མ། ང་འདི་ལྟར་ལམ་ལ་ཆས་ཟིན་པས།
བདག་ལ། དྭངས་གཙང་གི་སྙན་ངག་ཕོར་བ་གང༌།
རྒྱགས་ཆས་སུ་གནོངས་དང༌།
བདག་ལ། ཐ་སྙད་ཀྱི་རྣོ་དབལ་རལ་གྲི་ཞིག་ལག་ཆ་རུ་གནོངས་དང༌།
འབྲོང་གཡག་གི་རྭ་ཟུང་སྐམ་པའི་རྫ་ཁ་དེར།
ངེས་པར་དུ་འགྲོ་དགོས་པའི་སློང་མོ་བ་དེ་ང་རང་ཡིན།

ཆེས་རྒྱང་རིང་གི་གནམ་སའི་བར་ན། དབྱངས་ཅན་མ།
ངའི་ཕུགས་འདུན་གྱི་མེ་རི་སྔར་བཞིན་འཇགས་མེད།
ངས། དེ་ལྟར་འཇིག་རྟེན་གྱི་ཡོ་ལང་རོལ་དབྱངས་ཀྱིས།
སྦར་ཆོག་པར་ཞུ།

 

རྩོམ་ཁུངས། དུས་དེབ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།