ཁྱེད་བཞུད་ཤུལ་དུ།

ཁྱེད་བཞུད་ཤུལ་དུ། ཁྱོད་དྲན་པའི་སེམས་པ་ཆུ་ལས་གྲང༌།
ངས་ཁེར་རྐྱང་གི་གཏམ་རྒྱུད་འབྲི་བཞིན།
ངས་ཁེར་བགྲོད་ཀྱི་འཚོལ་སྙེག་བྱེད་བཞིན།
རེ་སྒུག་ཁྲི་ཕྲག་གི་གསང་བ་རུམ་ཞིང༌།
འཆར་ཡན་སྣ་མང་གི་ཡུལ་གྲུ་འགྲིམ།
འདི་ལྟར་ཧ་ཅང་འདོད་པའི་ཡུལ་གྲུ་ཞིག་གི་ཆེད་དུ།
ནམ་རྒྱུན་ ཁྱེད་ཁོ་ནའི་རྡོག་སྒྲར་ཉན།
ངས་ཁྲུང་ཁྲུང་གི་གཤོག་འགྱུར་ལ་ཡིད་སྨོན་བྱེད་ཞོར།
ངས་ཁེར་རྐྱང་གི་ཟླ་བ་ཁེར་བགྲོད་ལ་ལེ་བདའ་བྱེད་ཞོར།
འཕུར་འདོད་པའི་སེམས་པ།
སྟོང་བསམ་གྱི་ཡུལ་གྲུ་འགྲིམ་ནས་འཁྱམས་ཟིན།
འདི་ལྟར་ཟླུམ་གཟུགས་ཀྱི་གོ་ལ་རྐང་འོག་ཏུ་རྫི་བཞིན།
གཞུ་རྒྱུད་གཅིག་གི་གཡུལ་སར་ཕྱིན།
ཡིན་ན་ཡང་ཁྱེད་བཞུད་ཤུལ་དུ།
ང༌། སྟོན་མཇུག་གི་མེ་ཏོག་བཞིན།
ང༌། དགུན་གཞུང་གི་སྡོང་སྐམ་བཞིན་ཡོད་ཚད།
སྲོག་དབང་གི་རང་ཚུགས་དབེན་ལ།
དབྱར་གཞུང་གི་མཛེས་སྡུག་ཡལ།
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་བཞུད་ཤུལ་དུ།

2009-02-03 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

ཁྱེད་བཞུད་ཤུལ་དུ། ཁྱོད་དྲན་པའི་སེམས་པ་ཆུ་ལས་གྲང༌།
ངས་ཁེར་རྐྱང་གི་གཏམ་རྒྱུད་འབྲི་བཞིན།
ངས་ཁེར་བགྲོད་ཀྱི་འཚོལ་སྙེག་བྱེད་བཞིན།
རེ་སྒུག་ཁྲི་ཕྲག་གི་གསང་བ་རུམ་ཞིང༌།
འཆར་ཡན་སྣ་མང་གི་ཡུལ་གྲུ་འགྲིམ།
འདི་ལྟར་ཧ་ཅང་འདོད་པའི་ཡུལ་གྲུ་ཞིག་གི་ཆེད་དུ།
ནམ་རྒྱུན་ ཁྱེད་ཁོ་ནའི་རྡོག་སྒྲར་ཉན།
ངས་ཁྲུང་ཁྲུང་གི་གཤོག་འགྱུར་ལ་ཡིད་སྨོན་བྱེད་ཞོར།
ངས་ཁེར་རྐྱང་གི་ཟླ་བ་ཁེར་བགྲོད་ལ་ལེ་བདའ་བྱེད་ཞོར།
འཕུར་འདོད་པའི་སེམས་པ།
སྟོང་བསམ་གྱི་ཡུལ་གྲུ་འགྲིམ་ནས་འཁྱམས་ཟིན།
འདི་ལྟར་ཟླུམ་གཟུགས་ཀྱི་གོ་ལ་རྐང་འོག་ཏུ་རྫི་བཞིན།
གཞུ་རྒྱུད་གཅིག་གི་གཡུལ་སར་ཕྱིན།
ཡིན་ན་ཡང་ཁྱེད་བཞུད་ཤུལ་དུ།
ང༌། སྟོན་མཇུག་གི་མེ་ཏོག་བཞིན།
ང༌། དགུན་གཞུང་གི་སྡོང་སྐམ་བཞིན་ཡོད་ཚད།
སྲོག་དབང་གི་རང་ཚུགས་དབེན་ལ།
དབྱར་གཞུང་གི་མཛེས་སྡུག་ཡལ།
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།