ན་ཟུག་དེ།

ཁྱོད་ནི་བདེ་སྣང་གིས་འབབ་པའི་ཆུ་བོ་དེ་རེད།
བཀླག་ཏུ་མེད་པའི་གཏམ་རྒྱུད་དེ་རེད།
ཁྱོད་ནི་སྐད་ཅིག་མར་བཟོས་པའི་རྟག་བརྟན་གྱི་རྨ་ཁ་དེ་རེད།
ལྐོག་གྱུར་དང་བསླུ་བྲིད་ཀྱི་ན་ཟུག་དེ་རེད།

ན་ཟུག་དེ་ཚ་རླབས་ཆེན་པོ་ཞིག་གི་བཞུར་རྒྱུན་རེད།
འཆར་ཡན་འཁོལ་བའི་དྲན་ཤེས་ཀྱི་མེ་ཏོག་སེར་ཆེན་བསྲེགས།
མཛེས་སྡུག་དང་མཐོ་རླབས་ཀྱི་བཟི་ཁ་མངར་མོ།
ཨུ་དམ་ཝ་ར་ཞིག་གི་འཁྲུངས་འདས་བཞིན་སྐྱེན།

ན་ཟུག་དེའི་ཚ་རླབས་བྱང་ཁོག་ལ་འཁྱམས་དུས།
ཡིད་སེམས་ལོང་བར་བསྒྱུར།
རྒྱང་རིང་ལ་ཕྱོགས་པའི་གནག་སྣུམ་སྐྲ་ལོ་ཡིས།
ཡིད་ཀྱི་བརྟན་པ་ལའང་ཆག་གྲུམ་བཟོས།

ན་ཟུག་དེ། འཇིག་རྟེན་ལ་ཁ་དོག་ཉམས་པའི་ཞེད་སྣང་ཞིག
ན་ཟུག་དེ། དབུགས་རྒྱུ་ལ་བཏང་སྙོམས་འཆོར་བའི་དཀའ་ཚེགས་ཤིག
ན་ཟུག་དེ། བླ་སྲོག་ལ་འཇིགས་ཉེན་སྐུལ་བའི་དབྱངས་རྟ་ཞིག
ན་ཟུག་དེ། སྨྲ་བསམ་བརྗོད་འདས་སུ་གྱུར་པའི་མནར་གཅོད་ཅིག
ན་ཟུག་དེ་མིག་ཟུང་ལས་སྐག་ཅིང་རུས་རྐང་ལ་ཟུག
ན་ཟུག་དེ་ཚེ་སྲོག་ལ་འཁྱམས་ཤིང་ཁྲག་རྩ་ནས་འགག
ན་ཟུག་དེ། མི་ཚེ་ཧྲིལ་བོ་ཞིག་གི་རྫོགས་ཚིག་ཏུ་གྲུབ།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་ཟུག་དེ།

2009-02-03 དཔལ་མོ། ཀློག་གྲངས། མཆན ཡོད།

ཁྱོད་ནི་བདེ་སྣང་གིས་འབབ་པའི་ཆུ་བོ་དེ་རེད།
བཀླག་ཏུ་མེད་པའི་གཏམ་རྒྱུད་དེ་རེད།
ཁྱོད་ནི་སྐད་ཅིག་མར་བཟོས་པའི་རྟག་བརྟན་གྱི་རྨ་ཁ་དེ་རེད།
ལྐོག་གྱུར་དང་བསླུ་བྲིད་ཀྱི་ན་ཟུག་དེ་རེད།

ན་ཟུག་དེ་ཚ་རླབས་ཆེན་པོ་ཞིག་གི་བཞུར་རྒྱུན་རེད།
འཆར་ཡན་འཁོལ་བའི་དྲན་ཤེས་ཀྱི་མེ་ཏོག་སེར་ཆེན་བསྲེགས།
མཛེས་སྡུག་དང་མཐོ་རླབས་ཀྱི་བཟི་ཁ་མངར་མོ།
ཨུ་དམ་ཝ་ར་ཞིག་གི་འཁྲུངས་འདས་བཞིན་སྐྱེན།

ན་ཟུག་དེའི་ཚ་རླབས་བྱང་ཁོག་ལ་འཁྱམས་དུས།
ཡིད་སེམས་ལོང་བར་བསྒྱུར།
རྒྱང་རིང་ལ་ཕྱོགས་པའི་གནག་སྣུམ་སྐྲ་ལོ་ཡིས།
ཡིད་ཀྱི་བརྟན་པ་ལའང་ཆག་གྲུམ་བཟོས།

ན་ཟུག་དེ། འཇིག་རྟེན་ལ་ཁ་དོག་ཉམས་པའི་ཞེད་སྣང་ཞིག
ན་ཟུག་དེ། དབུགས་རྒྱུ་ལ་བཏང་སྙོམས་འཆོར་བའི་དཀའ་ཚེགས་ཤིག
ན་ཟུག་དེ། བླ་སྲོག་ལ་འཇིགས་ཉེན་སྐུལ་བའི་དབྱངས་རྟ་ཞིག
ན་ཟུག་དེ། སྨྲ་བསམ་བརྗོད་འདས་སུ་གྱུར་པའི་མནར་གཅོད་ཅིག
ན་ཟུག་དེ་མིག་ཟུང་ལས་སྐག་ཅིང་རུས་རྐང་ལ་ཟུག
ན་ཟུག་དེ་ཚེ་སྲོག་ལ་འཁྱམས་ཤིང་ཁྲག་རྩ་ནས་འགག
ན་ཟུག་དེ། མི་ཚེ་ཧྲིལ་བོ་ཞིག་གི་རྫོགས་ཚིག་ཏུ་གྲུབ།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།