མིང་མེད།

               ༡
གྲོགས་མོ། རྩྭ་མགོར་གཡེང་བའི་རས་ལྭ་ཧྲལ་བོས།
འཇིག་རྟེན་གྱི་སྙིང་ཁ་དྲོན་མོར་ཅི་ཞིག་འཇོག་བཞིན་པ་ཚོར།
ང་ཚོས་ཕ་ཡུལ་གྱི་གོས་ལྗང་ལྟེབ་ནས་འོང་དུས།
སྦྲ་ངོར་འགོས་པའི་ཉི་ཐིག་ཕྲ་མོའི་བགྲོད་ལམ།
ཁ་སང་དང་མི་འདྲ་བའི་གཏན་ཚིགས་རྙེད་ཨེ་བྱུང༌། གྲོགས་མོ།
            ༢
རྫ་ལུང་དང་དབེན་གནས་ཀྱི་ལྕགས་ཁྱིམ་དོག་མོར།
ཁེར་རྐྱང་གིས་ཉལ་བའི་སྦྲ་ནག་ཟད་པོའི་ཚོགས།
སུས་ཀྱང་རྙེད་དཀའ་བའི་ཐ་སྙད་ཅིག་ཡིན་ན།
ང་ཚོས། སྐས་རིམ་གཉོམ་པོའི་མལ་ས་བསྐྱུར་ཏེ།
སླར་ཡང༌། ལག་གདང་སྦྲེལ་བའི་རྨུ་ཐག་གཞན་ལ་དཀྲི་དགོས།
            ༣
ཕྱོགས་བཞིར་བསྙལ་བའི་གངས་ཚོམ་གྱི་རལ་བའི་གསེབ་ན།
སུ་ཞིག་གི་མངོན་སུམ་དང་རྨི་ལམ་གྱི་ཡུལ་ལྗོངས་ཧྲིལ་བོར།
རྨིག་རྗེས་དང་ན་བུན་གྱིས་སྦྲེངས་པའི་རོལ་དབྱངས་འཁོར་བ།
ལྷིང་འཇགས་ཁྱུར་མིད་དུ་གཏོང་བའི་བྲག་ཅ་ཡིན་ནམ།
            ༤
ཀྱག་ཀྱོག་གི་མཐའ་ལམ་ཟད་ལ་ཉེ་ཡང༌།
ང་ཚོའི་ཕྱི་མིག་གི་ཡུལ་ལྗོངས་ཟབ་མོར།
ནམ་ཡང༌། འབྲོག་སྡེ་དང་གཡང་དཀར་གྱི་མིག་ཆུ་འཁྱིལ་ཡོད།
གྲོགས་མོ། དྲན་ཕྱོགས་ཀྱི་ཁ་བ་རིམ་གྱིས་འཐོར་དུས།
ང་ཚོས་ཧ་ཅང་འཁྱག་པའི་སེམས་པ་རེ་ཁུར་ནས།
ཅིས་ཀྱང་ཕྱིར་ལོག་དགོས་ཨང…… 
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།

2009-02-02 པདྨ་འཚོ། ཀློག་གྲངས། མཆན ཡོད།

               ༡
གྲོགས་མོ། རྩྭ་མགོར་གཡེང་བའི་རས་ལྭ་ཧྲལ་བོས།
འཇིག་རྟེན་གྱི་སྙིང་ཁ་དྲོན་མོར་ཅི་ཞིག་འཇོག་བཞིན་པ་ཚོར།
ང་ཚོས་ཕ་ཡུལ་གྱི་གོས་ལྗང་ལྟེབ་ནས་འོང་དུས།
སྦྲ་ངོར་འགོས་པའི་ཉི་ཐིག་ཕྲ་མོའི་བགྲོད་ལམ།
ཁ་སང་དང་མི་འདྲ་བའི་གཏན་ཚིགས་རྙེད་ཨེ་བྱུང༌། གྲོགས་མོ།
            ༢
རྫ་ལུང་དང་དབེན་གནས་ཀྱི་ལྕགས་ཁྱིམ་དོག་མོར།
ཁེར་རྐྱང་གིས་ཉལ་བའི་སྦྲ་ནག་ཟད་པོའི་ཚོགས།
སུས་ཀྱང་རྙེད་དཀའ་བའི་ཐ་སྙད་ཅིག་ཡིན་ན།
ང་ཚོས། སྐས་རིམ་གཉོམ་པོའི་མལ་ས་བསྐྱུར་ཏེ།
སླར་ཡང༌། ལག་གདང་སྦྲེལ་བའི་རྨུ་ཐག་གཞན་ལ་དཀྲི་དགོས།
            ༣
ཕྱོགས་བཞིར་བསྙལ་བའི་གངས་ཚོམ་གྱི་རལ་བའི་གསེབ་ན།
སུ་ཞིག་གི་མངོན་སུམ་དང་རྨི་ལམ་གྱི་ཡུལ་ལྗོངས་ཧྲིལ་བོར།
རྨིག་རྗེས་དང་ན་བུན་གྱིས་སྦྲེངས་པའི་རོལ་དབྱངས་འཁོར་བ།
ལྷིང་འཇགས་ཁྱུར་མིད་དུ་གཏོང་བའི་བྲག་ཅ་ཡིན་ནམ།
            ༤
ཀྱག་ཀྱོག་གི་མཐའ་ལམ་ཟད་ལ་ཉེ་ཡང༌།
ང་ཚོའི་ཕྱི་མིག་གི་ཡུལ་ལྗོངས་ཟབ་མོར།
ནམ་ཡང༌། འབྲོག་སྡེ་དང་གཡང་དཀར་གྱི་མིག་ཆུ་འཁྱིལ་ཡོད།
གྲོགས་མོ། དྲན་ཕྱོགས་ཀྱི་ཁ་བ་རིམ་གྱིས་འཐོར་དུས།
ང་ཚོས་ཧ་ཅང་འཁྱག་པའི་སེམས་པ་རེ་ཁུར་ནས།
ཅིས་ཀྱང་ཕྱིར་ལོག་དགོས་ཨང…… 
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།