མཆོད་པའི་མེ་ཏོག

ཁྱུ་མཆོག་ཟླ་བའི་དུས་སུ་ཉི་ཧོང་གི་ས་འདིའི།།
ཕོ་མོ་རྒན་གཞོན་མཆོར་གོས་རྒྱན་སྟོང་གིས་སྤྲས་ཤིང༌།།
ཆ་དང་ཁྱུ་བྱས་ཞིམ་པའི་བཟའ་བཏུང་ནི་བཤམས་བཞིན།།
མཆོད་བརྒྱའི་མེ་ཏོག་དུས་ཀྱི་སྟོན་མོ་ལ་རོལ་སོང༌།།

ཅ་ཅོའི་བསྔགས་བརྗོད་ངོ་མཚར་འབོད་སྒྲའི་ངག་འབྱིན་བཞིན།།
མགོ་བཏེགས་དགུང་སྔོན་གནམ་ལ་གྱེན་བལྟ་རེ་བྱས་ན།།
སྒྲ་བརྒྱའི་སྐད་དང་མཉམ་འགྲོགས་ཁྲི་འབུམ་གྱི་མེ་ཏོག།
མདོག་གཟུགས་མི་མཚུངས་སྒྱུ་མའི་ལྟད་མོ་ནི་འཁྱུག་འཁྱུག།

འཁྱུག་པའི་མེ་ཏོག་དང་ནི་ལྟད་མོ་བའི་མི་རྣམས།།
ཕྱི་ནང་ཐམས་ཅད་སྐྱོ་བའི་ཉམས་སྣང་གི་གོས་ཀྱི།།
གཟུགས་མེད་བཏུམ་པའི་མཐའ་མེད་སྟོང་འཆར་གྱི་སེམས་ཉིད།།
སྲོག་གི་རྟ་དབྱངས་འདྲེན་པའི་དབུགས་སྣེ་ལའང་སུན་སོང༌།།

འཛུམ་གྱིས་བྱུག་པའི་གདོང་ཆུ་མེ་ཏོག་གི་ཆུན་ཁྱོད།།
རྟག་བརྟན་བདེ་སྐྱིད་ཞིང་གི་ཕོ་ཉ་དངོས་ཡིན་ན།།
དགའ་བདེ་དཔལ་གྱི་སྣང་བའི་བདུད་རྩི་ཡི་སྙིང་བཅུད།།
བདག་ཡིད་དྲན་གདུང་ཟབ་མོའི་སེམས་ངོས་སུ་བྱུགས་རོགས།།

ཕྱག་གིས་དགོང་ལ་བྱིལ་བྱིལ་བསིལ་མོ་ཡི་རླུང་གིས།།
མེ་ཏོག་ཁྱོད་ཀྱི་དགའ་སྐྱོ་ཚོར་སྣང་གི་ས་བོན།།
གསེར་ལྡན་མ་ཡི་ལྟོ་བར་བར་མེད་དུ་བཏབ་པས།།
བདག་ཡིད་ཞིང་སར་སྐྱོ་བའི་འབྲས་བུ་ཞིག་སྨིན་བྱུང༌།།

རྟེན་འབྲེལ་ཟབ་མོའི་དགོངས་དོན་རྟོགས་རྒྱུ་ནི་མི་འདུག།
རྒྱང་རིང་ཕྱི་རྒྱལ་ཡུལ་འཁོར་འཁྱམ་འཁྱམ་དུ་ཉུལ་ཞིང༌།།
མེ་ཏོག་ཁྱོད་ཀྱི་རྣམ་འགྱུར་མཐའ་མེད་ལ་རོལ་ཡང༌།།
སེམས་ནི་ནོར་མེད་སྟོང་བའི་ཁང་ཁྱིམ་དང་འདྲ་སོང༌།།

ཁྱོད་ནི་ཀྱ་ཀྱུའི་གློག་ཞགས་བྲོ་གར་ལ་ཞུགས་ཤིང༌།།
མཆོད་ཚོགས་རི་མོ་ཁྲི་འབུམ་མཁའ་ཡངས་སུ་བྲིས་ཀྱང༌།།
དྲན་གདུང་དགྲ་བོས་མནར་བའི་བདག་ཡིད་ཀྱི་དབང་བོ།།
འདེགས་འཇོག་ལྗིད་མོའི་གོམ་པའི་སྒྲོག་གིས་ནི་བཏགས་སོང༌།།

དགའ་བའི་འབོད་སྒྲ་བཀྲ་ཤིས་གླུ་དབྱངས་ཀྱི་སྒྲ་སྙན།།
ཁྱོད་ཀྱི་མཆོར་སྒེག་ཉམས་བསྡེབས་ཕྱོགས་ཀུན་ལ་ཁྱབ་ཅིང༌།།
སུན་པས་མི་གཏོང་ངག་གི་ཤུགས་རིང་གི་དབུགས་འདི།།
མཐའ་མེད་དུས་ཡུན་ཟབ་མོ་ལྷན་ཅིག་ཏུ་རིང་སོང༌།།

ངེས་འབྱུང་ངོ་བོ་འདི་ཞེས་ཟིན་དུ་ནི་མེད་ཅིང༌།།
ཁྱོད་གར་བལྟས་ཀྱིན་བལྟས་ཀྱིན་རྣམ་རྟོག་གི་ཡིད་དུ།།
སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བ་ཡི་གདམས་པ།།
ཁྱོད་ཀྱིས་ད་ནི་བསྟན་པའི་གཟུགས་བརྙན་ཞིག་ཤར་བྱུང༌།།

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་པའི་མེ་ཏོག

2009-02-02 འབྲུག་མོ་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།