རྟོགས་དཀའ་བའི་བསླུ་བྲིད།

སྐར་ཚོགས་ལམ་ལམ་དུ་འཚེར་བའི་མཚན་མོ་ཞིག་ལ།
ངའི་རྣམ་ཤེས་ཀྱི་དར་དཀར་མག་མོག་གི་ཟླ་འོད་ལ་སྤྲུལ་ཏེ།
རྨི་ལམ་གྱི་མཁའ་དབྱིངས་སུ་ཡུན་གྱིས་བསྲིངས་ཚེ།
བཞུར་བཞིན་པ་ནི་སེམས་གཏིང་གི་དམ་བཅའ་ཡིན་པ་སུ་ཡིས་རྟོགས།

རྒྱང་རིང་ས་མཐའ་རུ་བཞུད་པའི་ཆུ་འཛིན་ཞིག་ལ།
ངའི་རྣམ་དག་གི་སེམས་པ་དཀར་པོ་བཅོལ་ཏེ།
ཕུགས་བསམ་གྱི་གཤོག་ཟུང་དལ་བར་བརྐྱངས་དུས།
རྙིད་བཞིན་པ་ནི་མཛེས་སྡུག་གི་ལང་ཚོ་ཡིན་པ་སུ་ཡིས་རྟོགས།

མ་འོངས་བསམ་གཞིགས་ཀྱི་གཡུ་བྱུར་སྣ་ཚོགས།
ཚེ་སྲོག་གི་ཕྲེང་ཐག་ལ་བརྒྱུས་ནས།
འཇིག་རྟེན་གྱི་ཐོབ་ཤོར་བགྲང་དུས།
འབྱུང་ངེས་པ་ནི་འཆི་བདག་གི་འབོད་པ་ཡིན་པ་སུ་ཡིས་རྟོགས།

དངོས་གནས། ཉི་འོག་གི་འཇིག་རྟེན་འདི་ནས།
ལས་དབང་གི་སྦྲང་མ་འཆར་ཡན་གྱི་གུར་ཁང་དུ་སྦྲུམ་སྟེ།
རྒྱུས་མངའ་མེད་པའི་བར་སྣང་ཁམས་སུ།
ཡང་འཕུར་དང་བསྐྱར་ལྡིང་བྱེད་བཞིན།
འདས་སོང་ལ་ཕྱི་མིག་ལྟ་དུས།
ཡོད་ཚད་སུས་ཀྱང་རྙེད་མ་མྱོང་ཞིང༌།
སུ་ལའང་དབང་བ་མིན་པ་སུ་ཡིས་རྟོགས།
ཀྱེ་ཀྱེ། ཡ་ང་བའི་འཇིག་རྟེན།
རྟོགས་དཀའ་བའི་བསླུ་བྲིད།

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟོགས་དཀའ་བའི་བསླུ་བྲིད།

2009-02-02 འོད་ཟེར་འཚོ། ཀློག་གྲངས། མཆན ཡོད།

སྐར་ཚོགས་ལམ་ལམ་དུ་འཚེར་བའི་མཚན་མོ་ཞིག་ལ།
ངའི་རྣམ་ཤེས་ཀྱི་དར་དཀར་མག་མོག་གི་ཟླ་འོད་ལ་སྤྲུལ་ཏེ།
རྨི་ལམ་གྱི་མཁའ་དབྱིངས་སུ་ཡུན་གྱིས་བསྲིངས་ཚེ།
བཞུར་བཞིན་པ་ནི་སེམས་གཏིང་གི་དམ་བཅའ་ཡིན་པ་སུ་ཡིས་རྟོགས།

རྒྱང་རིང་ས་མཐའ་རུ་བཞུད་པའི་ཆུ་འཛིན་ཞིག་ལ།
ངའི་རྣམ་དག་གི་སེམས་པ་དཀར་པོ་བཅོལ་ཏེ།
ཕུགས་བསམ་གྱི་གཤོག་ཟུང་དལ་བར་བརྐྱངས་དུས།
རྙིད་བཞིན་པ་ནི་མཛེས་སྡུག་གི་ལང་ཚོ་ཡིན་པ་སུ་ཡིས་རྟོགས།

མ་འོངས་བསམ་གཞིགས་ཀྱི་གཡུ་བྱུར་སྣ་ཚོགས།
ཚེ་སྲོག་གི་ཕྲེང་ཐག་ལ་བརྒྱུས་ནས།
འཇིག་རྟེན་གྱི་ཐོབ་ཤོར་བགྲང་དུས།
འབྱུང་ངེས་པ་ནི་འཆི་བདག་གི་འབོད་པ་ཡིན་པ་སུ་ཡིས་རྟོགས།

དངོས་གནས། ཉི་འོག་གི་འཇིག་རྟེན་འདི་ནས།
ལས་དབང་གི་སྦྲང་མ་འཆར་ཡན་གྱི་གུར་ཁང་དུ་སྦྲུམ་སྟེ།
རྒྱུས་མངའ་མེད་པའི་བར་སྣང་ཁམས་སུ།
ཡང་འཕུར་དང་བསྐྱར་ལྡིང་བྱེད་བཞིན།
འདས་སོང་ལ་ཕྱི་མིག་ལྟ་དུས།
ཡོད་ཚད་སུས་ཀྱང་རྙེད་མ་མྱོང་ཞིང༌།
སུ་ལའང་དབང་བ་མིན་པ་སུ་ཡིས་རྟོགས།
ཀྱེ་ཀྱེ། ཡ་ང་བའི་འཇིག་རྟེན།
རྟོགས་དཀའ་བའི་བསླུ་བྲིད།

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།