ཆེས་མཐའ་མཇུག་གི་དགུང་ཚོགས།
འཛིན་ཁང་གྲུ་བཞི་དེའི་ནང་དུ།
དགེ་སློབ་ཚོ་དབུགས་རིང་ནར་ནར།
བགྲང་བྱ་གསུམ་གྱི་བརྩེ་སེམས་དམར་པོ།
སློབ་གླིང་དུ་དགེ་སློབ་བར་གསོན་པོར་བཞད།
ལོ་ངོ་དགུ་ཡི་ཐོབ་འབྲས་ཁུར་ཏེ།
མི་ལོ་ཉི་ཤུའི་རྡོག་མགོར་སྤོ་དུས།
གྱེས་གདུང་གི་མིག་ཆུ་མོད་ལ།
མི་ཚེ་ལ་འདང་རྒྱག་ཆེ།
སྐབས་དེར། འདུ་བྲལ་ལ་ཕུལ་བའི་མཆོད་གཏམ་རེ་རེ།
གངས་འཁྱགས་བཞིན་སྙིང་སྲུབས་སུ་བཞུ་ཐབས་བྲལ།
འཚོ་བ་ལ་མངར་སྐྱུར་མེད་ན།
འཇིག་རྟེན་དུ་སྙིང་པོ་མེད་པ་བདེན་ན།
ཆེས་མཐའ་མཇུག་གི་དགོང་ཚོགས་འདིའང༌།
དགོད་སྒྲ་ཡང་མོ་ཞིག་གི་སྔོན་འགྲོ་ཡིན་ཨེ་སྲིད།
རྩོམ་ཁུངས། སྙན་ངག་དེབ