རྣམ་ཤེས།
འཆི་བ་ལ་བྲག་ཅ་མེད་ཅིང༌།
ཕུང་པོ་ལ་གས་ཆག་མེད།
གཉིད་ཟིན་པའི་རྣམ་ཤེས་དེ་དལ་ཅག་གེར།
འཇིག་རྟེན་གཞན་ཞིག་ཏུ་འཁྱར།
བྱ་དངོས་ཡོད་ཚད་སྔ་རྒྱུན་ཞིག་མ་ཡིན་ལ།
རྣམ་ཤེས་དེའང་ལན་བརྒྱར་བརྒྱལ་ཟིན།
གཉེན་ཉེ་ཚོའི་ངོ་གདོང་དང་འདུ་བྱེད་ཁྲོད།
རང་ཉིད་ཀྱི་རྗེས་ཤུལ་འཚོལ་བ་ཡ་རེ་ང་སྟེ།
སུ་ཞིག་གིས་མི་ཚེ་ནི་སྒྱུ་མའི་རྨི་ལམ།
ཡུན་ཅིག དབུགས་རིང་འབྱིན།
འཆི་བ་ནི་ཕུང་པོའི་རིགས་ཡལ་ཞིང༌།
ཚེ་སྲོག་ནི་རྒྱུན་ཆད་པར་དགོངས་ཚེ།
སྐྱེ་བ་ན། འཆི་བ་དང༌།
འཆི་བ་ན། སླར་འཕོས་པ།
ཚེ་སྲོག་གི་འཁོར་རྒྱུན་ཞིག་ཏུ་གྲུབ་པས།
ཡོད་ཚད་ཚེ་སྲོག་གསར་པ་ཞིག་གི་སླད་དུ།
རྩོམ་ཁུངས། སྙན་ངག་དེབ