གྲོང་ཁྱེར་ལ་སྡིགས་པ།

གྲོང་ཁྱེར་ནས་སྔོ་ཚོད་ཁ་ཤས་ཀྱི་ངོ་ཐང་ལ
ངས་རྩྭ་ཐང་ཤོག་སྐྱ་བཞིན་དུ་བལྟབ་མ་འདོད
སྦྲང་དཀར་རྩམ་པའི་དྲིན་ལ
གཡང་དཀར་ལུག་ཁྱུ་འཚོས་ནས་ནར་སོན་དུས
རྩྭ་ཐང་ལས་ཆེ་བའི་ཡུལ་ལྗོངས་གང་ནའང་མི་འདུག
ང་དགའ་ས་དེ་རྩྭ་ཐང་གཅིག་པུར་མ་ངེས་ཀྱང
ཕ་ཡུལ་གྱི་རྫ་རིར་འཛེགས་ན
གྲོང་ཁྱེར་གྱི་ཁང་རྩེག་འདི་དག་ཧ་ཅང་དམའ
ཉམ་ང་བའི་སྲང་ལམ  ཉམ་ང་བའི་རྒྱུ་འགྲུལ
འདི་དག་གིས་ང་ལ་རྒྱུན་དུ་ཐང་ཆད་པའི་སྣང་བ་ཞིག་སྟེར

གྲོང་ཁྱེར་ནས་རལ་གྲི་ཁ་ཤས་འཇབ་ནས་ཡོང་སྟེ
ང་ལ་རྣོ་རྩུབ་ཀྱི་མཆེ་བ་བརྡར  གཟུགས་དང་ལང་ཚོ་བརྡར
སེམས་ཉིད་ཀྱི་རོལ་དབྱངས་བརྡར
ལོ་ཟླ་ཟད་ཀྱིན་པའི་སྣེ་མོ་ནས་ཚེ་སྲོག་གི་རིན་ཐང་བརྡར་བས
བྲག་རྡོ་ཁ་ཤས་ཉིལ་ཏེ་རི་རབ་ཆགས
འདི་འདྲའི་ཆེ་རྒྱུ་ཆུང་རྒྱུ་མེད་པའི་གྲོང་ཁྱེར་ཞིག་ནས
འཚོ་བ་ཐབས་ཆག་ཅིག་རོལ་བཞིན་ལོ་ཤས་འགོར
ཡུན་རིང་བསྡད་ན་འདི་ནས་མི་གཤིས་འགྱུར་ཞིང
ནམ་མཁའ་སྔོན་པོའི་འོག་གི
མཁའ་དབུགས་གཙང་མ་ཞིག་ཀྱང་རྔུབ་འདོད་ཀྱིས
བྱ་སྤུ་སྒྱེ་མོ་གང་ཁུར་ཏེ
རླུང་འཚུབ་ཇི་བཞིན་ང་རང་ཕྱིར་རྩྭ་ཐང་ལ་ལོག
             ༡༩༩༨ ༡༠ ༡༦

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་ལ་སྡིགས་པ།

2008-11-30 ཁྱུང་ཐར་རྒྱལ། ཀློག་གྲངས། མཆན ཡོད།

གྲོང་ཁྱེར་ནས་སྔོ་ཚོད་ཁ་ཤས་ཀྱི་ངོ་ཐང་ལ
ངས་རྩྭ་ཐང་ཤོག་སྐྱ་བཞིན་དུ་བལྟབ་མ་འདོད
སྦྲང་དཀར་རྩམ་པའི་དྲིན་ལ
གཡང་དཀར་ལུག་ཁྱུ་འཚོས་ནས་ནར་སོན་དུས
རྩྭ་ཐང་ལས་ཆེ་བའི་ཡུལ་ལྗོངས་གང་ནའང་མི་འདུག
ང་དགའ་ས་དེ་རྩྭ་ཐང་གཅིག་པུར་མ་ངེས་ཀྱང
ཕ་ཡུལ་གྱི་རྫ་རིར་འཛེགས་ན
གྲོང་ཁྱེར་གྱི་ཁང་རྩེག་འདི་དག་ཧ་ཅང་དམའ
ཉམ་ང་བའི་སྲང་ལམ  ཉམ་ང་བའི་རྒྱུ་འགྲུལ
འདི་དག་གིས་ང་ལ་རྒྱུན་དུ་ཐང་ཆད་པའི་སྣང་བ་ཞིག་སྟེར

གྲོང་ཁྱེར་ནས་རལ་གྲི་ཁ་ཤས་འཇབ་ནས་ཡོང་སྟེ
ང་ལ་རྣོ་རྩུབ་ཀྱི་མཆེ་བ་བརྡར  གཟུགས་དང་ལང་ཚོ་བརྡར
སེམས་ཉིད་ཀྱི་རོལ་དབྱངས་བརྡར
ལོ་ཟླ་ཟད་ཀྱིན་པའི་སྣེ་མོ་ནས་ཚེ་སྲོག་གི་རིན་ཐང་བརྡར་བས
བྲག་རྡོ་ཁ་ཤས་ཉིལ་ཏེ་རི་རབ་ཆགས
འདི་འདྲའི་ཆེ་རྒྱུ་ཆུང་རྒྱུ་མེད་པའི་གྲོང་ཁྱེར་ཞིག་ནས
འཚོ་བ་ཐབས་ཆག་ཅིག་རོལ་བཞིན་ལོ་ཤས་འགོར
ཡུན་རིང་བསྡད་ན་འདི་ནས་མི་གཤིས་འགྱུར་ཞིང
ནམ་མཁའ་སྔོན་པོའི་འོག་གི
མཁའ་དབུགས་གཙང་མ་ཞིག་ཀྱང་རྔུབ་འདོད་ཀྱིས
བྱ་སྤུ་སྒྱེ་མོ་གང་ཁུར་ཏེ
རླུང་འཚུབ་ཇི་བཞིན་ང་རང་ཕྱིར་རྩྭ་ཐང་ལ་ལོག
             ༡༩༩༨ ༡༠ ༡༦

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།