དགའ་ལྡན་དགོན་ཤུལ་གྱི་མགྱོགས་བྲིས།
གནའ་སྔ་མོ་སྔ་མོ་ཞིག་ལ
མེ་ཏོག་གི་རྣམ་ཤེས་མིག་ཆུ་བཞིན་ཉིལ་ནས
རྡོ་མཁར་གྱི་གཞུང་རྟ་ལྷང་ངེར་དགྱེ་དུས
ཉིན་ཞག་བརྒྱ་དང་བརྒྱད་ལ་སྒུག་པའི
ཚིག་དྲུག་གི་སྙིང་གཏམ་སྐོར་ལམ་ཕྲ་མོར་ཞུགས
ན་ནིང་གི་ཐོག་མའི་སྟོན་མགོ་འཚོལ་ལམ
ཁ་སང་གི་ཞབས་རྗེས་སླར་ཡང་འཐུ
དབུ་སྐྲ་རླུང་གིས་གཙེ་བའི་ཡུལ་གྱར་བ
དགོན་འདབས་ཀྱི་ཕ་བོང་གྲུ་བཞིར་བསྡད་དེ
གནའ་བོའི་མཚོ་ཀློང་དུ་ཐེངས་ཤིག་ཕྱིན་ནས
ཕྱིར་ལོག་དུས་ཅི་ཡང་མི་དྲན
རྩོམ་ཁུངས། སྙན་ངག་དེབ