ཕྱི་མིག་དམར་པོ།
A.གླག
འཛད་མཐའ་མེད་པའི་རོལ་དབྱངས་ཤག་ཤག་བཞུར
ཉི་འོད་གྱོན་ནས་ཡོལ་བར་འཛུལ་བའམ
ཁེར་རྐྱང་དུ་རྐང་རྗེན་ལ་བགྲོད་དགོས་ཀྱང
བདག་གིས་ང་རྒྱལ་གྱིས་བྲིས་པའི“ན་རོ”
གཞོམ་གཞིག་བྲལ
B.གྲོག་ཚང་དུ་ལྷུང་བའི་ས་འབུ།
ནམ་མཁའི་ཐོས་འཛིན་ཁ་སྦུབས་ཟིན
ཞེ་སྡང་གདུས་ཤིང་ཧམ་སེམས་འཕྱུར
གོ་་རིམ་ཡོད་པའི་སྒོ་ནས
གློ་སྙིང་གི་ཟུངས་བཅུད་གཞིབ་དགོས་པས
ཐོག་མའི་གོ་འཛོལ་རིགས་ཤིག་ལ་ནོངས་འགྱོད་སྐྱེ་
ཁོམ་མ་བྱུང
C.ནེ་ཙོ།
ནེ་ཙོས“ཁྱོད་ནི་སྙན་ངག་མཁན”
ངས་ཀྱང“ཁྱོད་ནི་སྙན་ངག་མཁན”
D.ལུ་གུ་དང་རི་སྤྱང༌།
ཕྲག་པ་གཡས་གཡོན་ནས་ཟླ་ཟེར་སྙི་མོ་ལྡག་ཞོར
རང་རང་གི་གནས་མལ་དུ་ལོག་དང
མེ་ཏོག་དང་ཁ་བ
སྔ་ཕྱི་ཡོད་པའི་ཐག་རིང་གི་མགྲོན་པོ་སྟེ
རང་ཉིད་ཀྱི་ཕྱིར་དུ
སུ་འབོད་པའི་ངེས་པ་ང་ལའང་མེད
H.དུང་དཀར།
ཁ་དན་བསམ་ཞིང
སེམས་པ་དེ་སུ་ལའང་མ་བསྟན
ལོ་ངོ་གྲངས་མེད་རྗེས་ཀྱི་རི་རྩེ་ནས
བདག་རང་ཉིད་ལས་ཐར་པའི་འགྱུར་ཁུགས་ཐོས་སམ
རྩོམ་ཁུངས། སྙན་ངག་དེབ