ཝ་མོ་དམར་ཆུང་།

ཁྱོད་ནི་བདག་གི་སྔས་འགྲམ་ནས་ཅི་ཞིག་སྟོང་བའི།
མཚན་མོ་དེར། འཇབ་ཅིང་བྲོས་ཏེ་ཐག་རིང་དུ་ཕྱིན།
ཉི་འོད་ཀྱིས་ཁྱོད་ཀྱི་ཁ་དོག་དམར་པོར་བསྒྱུར་ན་ཡང༌།
ཤོར་བ་ནས་བཟུང་ཁྱོད་རང་སྤང་ཐང་གི་ཡུ་མོ་ཞིག་ལ་བརྫུས།
འོན་ཀྱང༌། དོགས་ཟོན་གྱི་མིག་ཟུང་ག་ས་ག་རུ་ཁྱེར།
ཁྱོད་རང་དགུན་གཞུང་གི་མྱ་ངམ་ཐང་ལ་མགོ་བོ་འཐོམས་ནས།
ཁ་བའི་ཁྲོད་ཀྱི་རྨིག་རྗེས་གང་སོང་གནས་སུ་ལུས།

ལྷགས་པའི་རྔོག་མ་འོམ་བུའི་ཚལ་དུ་ཟུག་ལ།
གཅན་གཟན་ཁྲོས་པའི་མཆོང་སྟབས་ཀྱིས།
ཁྱོད་ཀྱི་རྨི་ལམ་དཀྲོག་ཅིང་རྣ་བ་བསླངས་དུས།
ཕྱོགས་བཞི་ལ་སྐོར་ལྟ་ཞིག་བྱས་པས་ཀྱང༌།
བྱ་གླག་གི་སྡེར་མོ་དང་འཇབ་རྒོལ་མ་མཐོང༌།
ལྗོན་ཤིང་གི་ལུས་དྲི་དང་འདབ་ཆགས་ཀྱི་གསུང་དབྱངས།
བསྣམས་ཤིང་ཚོར་བའི་འཕྲུལ་སྣང་གི་དགུན་དུས་དེ་ལ།
ཁྱོད་ཀྱི་འགྱོད་གདུང་གི་རྨ་ཁ་ལས་ཁྲག་དམར་དང་གཏམ་རྒྱུད་འཛར་ཏེ།
ཁྱོད་ལ་སྔར་ལས་བསླུ་བྲིད་དང་བཀྲག་མདངས་ལྡན།
ཁྱོད་ཀྱི་དོན་སྙིང་བྱ་རྒོད་ཀྱི་སྡེར་མོའི་ངོ་བོར་འདྲེས་དུས།
ཁྱོད་ནི་མེ་དཔུང་ལ་མཆོངས་ཤིང་ཚེ་སྲོག་གིས་མཆོད།
རྗེས་སུ།
འོམ་བུའི་ཚལ་ནས་ཕྱིར་འབུད་མ་ཐུབ་པའི་ཝ་མོ་ཞིག
ཐོག་མ་ནས་མེད་པ་ཇི་བཞིན་རིམ་གྱིས་ཁ་དོག་ཤོར་ལ།
ངའི་སེམས་ཁོང་གི་སྤེན་མའི་མེ་ཏོག་ཀྱང༌།
དེ་དང་ཁ་ཐག་ཇེ་རིང་ཇེ་རིང་དུ་སོང༌།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཝ་མོ་དམར་ཆུང་།

2008-11-30 ལྗང་བུ། ཀློག་གྲངས། མཆན ཡོད།

ཁྱོད་ནི་བདག་གི་སྔས་འགྲམ་ནས་ཅི་ཞིག་སྟོང་བའི།
མཚན་མོ་དེར། འཇབ་ཅིང་བྲོས་ཏེ་ཐག་རིང་དུ་ཕྱིན།
ཉི་འོད་ཀྱིས་ཁྱོད་ཀྱི་ཁ་དོག་དམར་པོར་བསྒྱུར་ན་ཡང༌།
ཤོར་བ་ནས་བཟུང་ཁྱོད་རང་སྤང་ཐང་གི་ཡུ་མོ་ཞིག་ལ་བརྫུས།
འོན་ཀྱང༌། དོགས་ཟོན་གྱི་མིག་ཟུང་ག་ས་ག་རུ་ཁྱེར།
ཁྱོད་རང་དགུན་གཞུང་གི་མྱ་ངམ་ཐང་ལ་མགོ་བོ་འཐོམས་ནས།
ཁ་བའི་ཁྲོད་ཀྱི་རྨིག་རྗེས་གང་སོང་གནས་སུ་ལུས།

ལྷགས་པའི་རྔོག་མ་འོམ་བུའི་ཚལ་དུ་ཟུག་ལ།
གཅན་གཟན་ཁྲོས་པའི་མཆོང་སྟབས་ཀྱིས།
ཁྱོད་ཀྱི་རྨི་ལམ་དཀྲོག་ཅིང་རྣ་བ་བསླངས་དུས།
ཕྱོགས་བཞི་ལ་སྐོར་ལྟ་ཞིག་བྱས་པས་ཀྱང༌།
བྱ་གླག་གི་སྡེར་མོ་དང་འཇབ་རྒོལ་མ་མཐོང༌།
ལྗོན་ཤིང་གི་ལུས་དྲི་དང་འདབ་ཆགས་ཀྱི་གསུང་དབྱངས།
བསྣམས་ཤིང་ཚོར་བའི་འཕྲུལ་སྣང་གི་དགུན་དུས་དེ་ལ།
ཁྱོད་ཀྱི་འགྱོད་གདུང་གི་རྨ་ཁ་ལས་ཁྲག་དམར་དང་གཏམ་རྒྱུད་འཛར་ཏེ།
ཁྱོད་ལ་སྔར་ལས་བསླུ་བྲིད་དང་བཀྲག་མདངས་ལྡན།
ཁྱོད་ཀྱི་དོན་སྙིང་བྱ་རྒོད་ཀྱི་སྡེར་མོའི་ངོ་བོར་འདྲེས་དུས།
ཁྱོད་ནི་མེ་དཔུང་ལ་མཆོངས་ཤིང་ཚེ་སྲོག་གིས་མཆོད།
རྗེས་སུ།
འོམ་བུའི་ཚལ་ནས་ཕྱིར་འབུད་མ་ཐུབ་པའི་ཝ་མོ་ཞིག
ཐོག་མ་ནས་མེད་པ་ཇི་བཞིན་རིམ་གྱིས་ཁ་དོག་ཤོར་ལ།
ངའི་སེམས་ཁོང་གི་སྤེན་མའི་མེ་ཏོག་ཀྱང༌།
དེ་དང་ཁ་ཐག་ཇེ་རིང་ཇེ་རིང་དུ་སོང༌།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།