ཉི་མ་དང་ཨ་མའི་སྤྱན།

འཇིགས་བྱེད་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-17

ཉི་མ་ཤར་ཕྱོགས་ནས་དལ་གྱིས་འཛུལ་དུས།

ངས་ཐེངས་དང་པོར་འཇིག་རྟེན་འདིའི་སྒོ་གླེགས་བརྡུངས།

ཁྱོད་ཀྱི་འོད་ཟེར་བྱེ་བའི་ཀློང་ནས།

ངས་ས་ཆེན་དུ་གོམ་པ་དང་པོར་སྤོས་ཤིང་།

གོམ་པ་སྤོས་པ་ཙམ་ནས།

ང་ཁྱོད་ཀྱི་མངའ་ཐང་ལ་ཕྱོགས་ཏེ་སོང་།

འོད་དང་དྲོད་ཀྱི་གོང་བུ་ཁྱོད་སྒོམ་ན།

འཇིག་རྟེན་འདིར་འཁྱག་གྲང་དང་སྡུག་བསྔལ་གཏན་ནས་ཡོད་མི་སྲིད།

ངས་དེ་ལྟར་བསམས་ཤིང་། འོད་ཟེར་འབའ་ཞིག་འཚོལ་བར་ཆས།

ཉི་མ། རྟག་བརྟན་གྱི་རྨི་ལམ་སེར་པོ།

 

ཨ་མ་སྦྲ་སྒོ་རུ་ལངས་དུས།

ང་ཕྱི་རོལ་ཏུ་ཐོག་མར་མགྲོན་ལ་སོང་།

ཁྱོད་ཀྱི་བརྩེ་བའི་སྤྱན་ཟུང་གིས་འཚོས་པའི་མི་ཚེའི་བཤུལ་ལམ་ནས།

ངས་འགྲུལ་བཞུད་པའི་སྐྱེ་བ་ཐོག་མར་བླངས། སྐྱེ་བ་བླངས་པ་ཉིད་ནས།

ང་ཁྱོད་ཀྱི་བྱམས་སེམས་ཀྱིས་སྤྲུལ་པའི་ཁམས་སུ་ཕྱོགས་ཏེ་སོང་།

གཞན་ཕན་དང་རེ་ལྟོས་ཀྱིས་འཚེར་བའི་ཁྱོད་ཀྱི་སྤྱན་ཟུང་སྒོམ་ཚེ།

མི་ཡུལ་འདིར་ངུ་སྔངས་དང་མཆི་མས་ཕྱིར་དྲན་འཇོག་དོན་མེད།

དེ་ལྟར་བསམས་ཤིང་། བརྩེ་དུངས་ཁོ་ནའི་ས་བོན་བཏབ།

ཨ་མའི་སྤྱན་ཟུང་ནི། བྱམས་བརྩེ་དང་འོད་མདངས་འཁྱིལ་བའི་ཆུ་གཏེར་ལགས།

 

 

རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་དང་ཨ་མའི་སྤྱན།

2009-12-17 འཇིགས་བྱེད་སྐྱབས། ཀློག་གྲངས། མཆན ཡོད།

ཉི་མ་ཤར་ཕྱོགས་ནས་དལ་གྱིས་འཛུལ་དུས།

ངས་ཐེངས་དང་པོར་འཇིག་རྟེན་འདིའི་སྒོ་གླེགས་བརྡུངས།

ཁྱོད་ཀྱི་འོད་ཟེར་བྱེ་བའི་ཀློང་ནས།

ངས་ས་ཆེན་དུ་གོམ་པ་དང་པོར་སྤོས་ཤིང་།

གོམ་པ་སྤོས་པ་ཙམ་ནས།

ང་ཁྱོད་ཀྱི་མངའ་ཐང་ལ་ཕྱོགས་ཏེ་སོང་།

འོད་དང་དྲོད་ཀྱི་གོང་བུ་ཁྱོད་སྒོམ་ན།

འཇིག་རྟེན་འདིར་འཁྱག་གྲང་དང་སྡུག་བསྔལ་གཏན་ནས་ཡོད་མི་སྲིད།

ངས་དེ་ལྟར་བསམས་ཤིང་། འོད་ཟེར་འབའ་ཞིག་འཚོལ་བར་ཆས།

ཉི་མ། རྟག་བརྟན་གྱི་རྨི་ལམ་སེར་པོ།

 

ཨ་མ་སྦྲ་སྒོ་རུ་ལངས་དུས།

ང་ཕྱི་རོལ་ཏུ་ཐོག་མར་མགྲོན་ལ་སོང་།

ཁྱོད་ཀྱི་བརྩེ་བའི་སྤྱན་ཟུང་གིས་འཚོས་པའི་མི་ཚེའི་བཤུལ་ལམ་ནས།

ངས་འགྲུལ་བཞུད་པའི་སྐྱེ་བ་ཐོག་མར་བླངས། སྐྱེ་བ་བླངས་པ་ཉིད་ནས།

ང་ཁྱོད་ཀྱི་བྱམས་སེམས་ཀྱིས་སྤྲུལ་པའི་ཁམས་སུ་ཕྱོགས་ཏེ་སོང་།

གཞན་ཕན་དང་རེ་ལྟོས་ཀྱིས་འཚེར་བའི་ཁྱོད་ཀྱི་སྤྱན་ཟུང་སྒོམ་ཚེ།

མི་ཡུལ་འདིར་ངུ་སྔངས་དང་མཆི་མས་ཕྱིར་དྲན་འཇོག་དོན་མེད།

དེ་ལྟར་བསམས་ཤིང་། བརྩེ་དུངས་ཁོ་ནའི་ས་བོན་བཏབ།

ཨ་མའི་སྤྱན་ཟུང་ནི། བྱམས་བརྩེ་དང་འོད་མདངས་འཁྱིལ་བའི་ཆུ་གཏེར་ལགས།

 

 

རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།