སྟོང་བསམ་གཅེས་བསྡུས།

ས་སྲོད་ཀྱི་དུས་སུ

མཚམས་སྤྲིན་ནི་དམར་གོར་རེར་འཛུམ་པའི་ངའི་རྨི་ལམ་འདྲ

ངའི་ཕ་རོལ་ན་ཡང་སྙིང་ཅི་ཞིག་ཡོད

ཨྰ......   སོང་མི་ཚར་བའི་ལམ་ཕྲན

ཐག་རིང་གི་ཚེ་སྲོག་ལྟ་བུའི་དམིགས་འབེན

 

སེམས་ཁོང་གི་སྒམ་བརླིང་གི་ཚིག་འབྲུ་རེ་རེ

རང་ཉིད་ལས་འཛར་བའི་ཁྲག་ཐིགས་ཡིན་ན

ངེས་པར་དུ་འདོན་དགོས་པའི་ཀུ་ཅོ་ནི

ཁྱོད་ཀྱི་ལྕི་དྲགས་པའི་བླ་སྲོག་ལ་སྒུལ་སྐྱོམ་གཏོང་བའི་དྲག་ཆས་ཡིན

 

དུས་ཚོད་ཀྱི་བྲག་ཐེམ་ནས

མཛེས་སྡུག་ཅིག་མ་རྙེད་པར་སྨྲེང་དུས

སྙན་ངག་པ་ཁ་ཤས་སྐྱེས་ཤིང    དར་ཆ་རེ་གཉིས་བཙུགས

ང་ཚོར་མུ་མཐའ་བྲལ་བའི་ཡུལ་ལྗོངས་ཤིག་གི་གདོང་སྣེ་མཐོང་དུ་བཅུག

ཡུལ་ལྗོངས་ཀྱི་ཆེད་དུ་ང་ཚོ་འགུལ་ཙམ་འགུལ་ཙམ་བྱས

 

ནུབ་ཕྱོགས་ཀྱི་མཁའ་མཐར

འོད་སྣང་ཕོན་པོ་ཞིག་འཁྱུག་ཙམ་གྱིས་མངོན་བྱུང

ཐོག་མ་ནས་མེད་པའི་འོད་སྣང་རེ་མངོན་བྱུང

ཁྱོད་ཀྱིས་ངོ་མཚར་དེ་མཐོང་འདོད་ནི

གཏིང་ཟབ་པའི་ན་ཟུག་ཅིག

རང་གི་ལུས་སྟེང་ན་འཁྱུག་བགྲོད་བྱེད་པ་དང་མཚུངས

 

ད་ནི་ཁྱོད་ལམ་ལ་ཞུགས་རན་སོང

ཁྱོད་ལམ་ལ་ཞུགས་པའི་བསྒྲགས་གཏམ་གྱི་ཡིག་འབྲུ་དེ་དག་ནི

འཇིག་རྟེན་གྱི་སྤྱི་གཙུག་ནས་མཆེད་པའི་ངོ་མཚར་གྱི་སྒྲ་དབྱངས་ཤིག

དུས་ཚོད་ཀྱི་རྣ་བར་ལྷུང་བའམ

ཡང་ན་གདོད་མ་ནས་མཐོང་ཐབས་བྲལ་བའི་ཡ་མཚན་གྱི་དཔེ་རིས་ཤིག

མིག་ལམ་དུ་ཤར་བ་ཡིན

 

ཁྱོད་དངོས་གནས་ལམ་ལ་ཆས་རན་སོང

ཁྱོད་ཀྱིས་ལག་ཤེས་ཕྲན་བུ་བསླབ་ནས་ཕྱིར་ཤོག་དང

མཛེས་སྡུག་པའི་འཇིག་རྟེན་གྱི་རྨི་ལམ་སུས་ཀྱང་བཙལ་ཆོག

དེ་ལྟ་ནའང

ས་སྲོད་ཀྱི་དུས་སུ

མཚམས་སྤྲིན་ནི་དམར་གོར་རེར་འཛུམ་པའི་ངའི་རྨི་ལམ་འདྲ

 

རྩོམ་ཁུངས། ༢༠༠ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་བསམ་གཅེས་བསྡུས།

2009-12-15 གཉན། ཀློག་གྲངས། མཆན ཡོད།

ས་སྲོད་ཀྱི་དུས་སུ

མཚམས་སྤྲིན་ནི་དམར་གོར་རེར་འཛུམ་པའི་ངའི་རྨི་ལམ་འདྲ

ངའི་ཕ་རོལ་ན་ཡང་སྙིང་ཅི་ཞིག་ཡོད

ཨྰ......   སོང་མི་ཚར་བའི་ལམ་ཕྲན

ཐག་རིང་གི་ཚེ་སྲོག་ལྟ་བུའི་དམིགས་འབེན

 

སེམས་ཁོང་གི་སྒམ་བརླིང་གི་ཚིག་འབྲུ་རེ་རེ

རང་ཉིད་ལས་འཛར་བའི་ཁྲག་ཐིགས་ཡིན་ན

ངེས་པར་དུ་འདོན་དགོས་པའི་ཀུ་ཅོ་ནི

ཁྱོད་ཀྱི་ལྕི་དྲགས་པའི་བླ་སྲོག་ལ་སྒུལ་སྐྱོམ་གཏོང་བའི་དྲག་ཆས་ཡིན

 

དུས་ཚོད་ཀྱི་བྲག་ཐེམ་ནས

མཛེས་སྡུག་ཅིག་མ་རྙེད་པར་སྨྲེང་དུས

སྙན་ངག་པ་ཁ་ཤས་སྐྱེས་ཤིང    དར་ཆ་རེ་གཉིས་བཙུགས

ང་ཚོར་མུ་མཐའ་བྲལ་བའི་ཡུལ་ལྗོངས་ཤིག་གི་གདོང་སྣེ་མཐོང་དུ་བཅུག

ཡུལ་ལྗོངས་ཀྱི་ཆེད་དུ་ང་ཚོ་འགུལ་ཙམ་འགུལ་ཙམ་བྱས

 

ནུབ་ཕྱོགས་ཀྱི་མཁའ་མཐར

འོད་སྣང་ཕོན་པོ་ཞིག་འཁྱུག་ཙམ་གྱིས་མངོན་བྱུང

ཐོག་མ་ནས་མེད་པའི་འོད་སྣང་རེ་མངོན་བྱུང

ཁྱོད་ཀྱིས་ངོ་མཚར་དེ་མཐོང་འདོད་ནི

གཏིང་ཟབ་པའི་ན་ཟུག་ཅིག

རང་གི་ལུས་སྟེང་ན་འཁྱུག་བགྲོད་བྱེད་པ་དང་མཚུངས

 

ད་ནི་ཁྱོད་ལམ་ལ་ཞུགས་རན་སོང

ཁྱོད་ལམ་ལ་ཞུགས་པའི་བསྒྲགས་གཏམ་གྱི་ཡིག་འབྲུ་དེ་དག་ནི

འཇིག་རྟེན་གྱི་སྤྱི་གཙུག་ནས་མཆེད་པའི་ངོ་མཚར་གྱི་སྒྲ་དབྱངས་ཤིག

དུས་ཚོད་ཀྱི་རྣ་བར་ལྷུང་བའམ

ཡང་ན་གདོད་མ་ནས་མཐོང་ཐབས་བྲལ་བའི་ཡ་མཚན་གྱི་དཔེ་རིས་ཤིག

མིག་ལམ་དུ་ཤར་བ་ཡིན

 

ཁྱོད་དངོས་གནས་ལམ་ལ་ཆས་རན་སོང

ཁྱོད་ཀྱིས་ལག་ཤེས་ཕྲན་བུ་བསླབ་ནས་ཕྱིར་ཤོག་དང

མཛེས་སྡུག་པའི་འཇིག་རྟེན་གྱི་རྨི་ལམ་སུས་ཀྱང་བཙལ་ཆོག

དེ་ལྟ་ནའང

ས་སྲོད་ཀྱི་དུས་སུ

མཚམས་སྤྲིན་ནི་དམར་གོར་རེར་འཛུམ་པའི་ངའི་རྨི་ལམ་འདྲ

 

རྩོམ་ཁུངས། ༢༠༠ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།