ཚོར་བ་འཁྱག་པོ།
མུན་ནག་གི་ངོ་གདོང
འཆི་བདག་གི་ངོ་གདོང
བྱང་ཁོག་སྟོད་དུ་འཚང་བའི་འོད་ཟེར་རེ་རེ
རྩ་ལམ་དུ་རྒྱུ་བའི་སྲིན་འབུ་ནག་པོ
མཚེར་ཤུལ་ཏུ་ལུས་པའི་གཡག་རྒན་རྐང་ཆག
དུད་སྨུག་ནང་དུ་མགོ་འཁོར་བའི་བྱེའུ་གཤོག་མེད
ཉིན་དང་མཚན
ངའི་སྒལ་གཞུང་ན་རྒྱུག་གིན་འདུག
མདུན་གྱི་མུན་དོང
རྒྱབ་ཀྱི་གད་ཁུང
མི་ལོ་དུ་མར་ཉལ་བའི་ཕ་བོང་དེ
དུམ་བུར་བཏང་ནས་གཏེར་དུ་བཞག་དུས
ཟླ་དང་ཚེས་གྲངས་ཀྱི་གོ་རིམ་ནོར
ཁང་རྙིང་དང་ཁ་བ
ཉི་མའི་དྲོད་དང་ཟླ་བའི་བསིལ་གྲིབ
རྡོ་བའི་ཀློང་ནས་ཤི་རྗེས
ཚོར་བ་འཁྱག་པོའི་མངལ་ནས
ནམ་མཁའི་ངོ་གདོང་འགྱུར
རྩོམ་ཁུངས། ངེད་དྲ་བ།